མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

བློ་བཟང་གིས་ལྡི་ལུ་ནས་ལས་དོན་ཙག་ཙག་ཞིག་ཡོད་པ་དེ་དག་སྒྲུབ་རྗེས་སུ་རྡ་སར་འབྱོར་བ་དང་། རང་གི་གྲོགས་པོ་རྙིང་བ་དེ་ཡི་ཤག་དུ་སོང་ནས་ཅ་དངོས་དག་བཞག་ནས་ཕྱི་རོལ་དུ་སོང་ནས། སྔོན་ཆད་རང་ཉིད་ཀྱི་ལས་ཀ་བྱེད་སའི་རྒྱ་གར་ནུབ་ཀྱི་ཤར་ཕྱོགས་ཀྱི་ཁྱིམ་ཚང་དེ་ལ་ཁ་པར་ཞིག་བརྒྱབ་ནས་རང་ཉིད་ཕྱིར་བོད་ནས་རྡ་སར་བདེ་བར་འབྱོར་ཡོད་པ་དང་། གལ་སྲིད། དེ་རུ་ཁོ་རང་གི་རོགས་པ་འདྲ་བྱེད་དགོས་པ་བྱུང་ན་ཁོ་རང་གི་གྲོགས་པོའི་ཁ་པར་ཨང་གྲངས་སྟེང་དུ་ཁོ་རང་ལ་ལན་སྐུར་ན་འགྲིག་གི་ཡོད་ཅེས་བཤད་རྗེས་སུ། སླར་ཡང་བོད་དུ་རང་གི་ནང་མི་ལ་ཁ་པར་བཏང་དུས་སུ། ཁ་པར་ལེན་མཁན་ནི་རང་གི་ནུ་བོ་ཀླུ་འབུལ་རྒྱལ་ཡིན་པ་དང་། ཁོ་རང་གིས་ནང་མི་ཚང་མ་བདེ་མོ་ཡིན་པ་དང་། ཉིན་གཅིག་གི་སྔོན་ཏག་ཏག་ལ་ཁོ་རང་ལ་རྫོང་ཐོག་ནས་བན་སྡེ་འཚོ་དང་ཐུག་འཕྲད་བྱུང་བ་མ་ཟད། བན་སྡེ་འཚོས་ཁོ་རང་གི་སྐོར་དྲིས་པ་དེར། ཁོ་རང་གིས་རང་གི་ཕུ་བོ་ཕྱིར་རྒྱ་གར་དུ་ཕྱིན་ཚར་བ་མ་ཟད། བདེ་བར་འབྱོར་ཡོད་པ་རེད་ཅེས་ཁོ་མོར་བཤད་པ་ཡིན་ཟེར་ནས་བློ་བཟང་ལ་བཤད་པ་རེད།

བློ་བཟང་ཁ་པར་ཁང་དེ་ནས་ཕྱི་རུ་བུད་དེ་ཡང་ཡང་རྣ་ལམ་དུ་འབྱོར་བ་ནི། བན་སྡེ་འཚོས་ཁྱེད་རང་འཚོལ་གྱི་འདུག ང་རང་ཁ་སང་རྫོང་ཐོག་ནས་ཐུག་སོང་ཞེས་པ་དེ་དང་བན་སྡེ་འཚོས། ང་ལ་བྱིས་པ་ཆགས་འདུག་ཟེར་བ་དེ་གཉིས་ཡིན་ན་ཡང་། ཁ་རོག་གེར་རང་གི་གྲོགས་པོ་བསྡོད་སའི་ནང་དུ་ཕྱིར་ལོག་པ་རེད།

ཕྱིར་ཉིན་བློ་བཟང་ཁོ་རང་རང་གི་གྲོགས་པོ་རྙིང་བ་ཁོ་དང་འགྲོག་ནས། རྡ་ས་སྣེ་ལེན་ཁང་དུ་བུད་མེད་མཚམས་སྐྱིད་ལ་ལྟ་རུ་སོང་དུས་སུ། སྣེ་ལེན་ཁང་གི་ནང་དུ་ཉིན་གུང་གི་ཁ་ལག་ཟ་བཞིན་པའི་དུས་ཚོད་ཏག་ཏག་དང་འཁེལ་སྟབས། ཁོ་གཉིས་ག་ལེར་བུད་མེད་ཚོའི་ཉལ་ཁང་ནང་དུ་སོང་དུས། བུད་མེད་མཚམས་སྐྱིད་ཀྱིས་འབྲས་དང་རྡ་ལི་ཞིག་ལྕགས་ཕོར་ཞིག་གི་ནང་ནས་དཀྲུགས་དཀྲུགས་གཏོང་བཞིན་པའི་སྐབས་དང་འཁེལ་ནས། བློ་བཟང་གིས། ཁོ་མོ་མཐོང་མ་ཐག མཚམས་སྐྱིད་ཁྱེད་རང་བདེ་མོ་ཡིན་ནམ་ཞེས་བཤད་པ་རེད།

བུད་མེད་མཚམས་སྐྱིད་ཀྱིས་བློ་བཟང་དང་ཁོ་རང་གི་གྲོགས་པོ་གཉིས་ཁོ་མོའི་སར་སླེབས་པ་མཐོང་ནས་གདོང་ཡོངས་ལ་འཛུམ་མདངས་དང་བཅས་དེ། ཁྱེད་རང་ཡོང་བ་དངོས་ནས་དགའ་བོ་བྱུང་། ཁ་ལག་ཟ་རྒྱུ། ཟ་ན་ང་རང་གི་འདི་ཟོས་ན་འགྲིག་གི་རེད་ཅེས་ལྕགས་ཕོར་དེ་ཁོ་གཉིས་ཀྱི་ཕྱོགས་སུ་ལག་པ་གཉིས་ཀྱིས་ཡར་བཏེགས་པ་རེད།

བློ་བཟང་གིས། མིན་མིན། ངེད་གཉིས་འདི་ཁུལ་ནས་འགྲོ་ཞོར་དུ་ཁྱེད་རང་ལ་ལྟ་རུ་ཡོང་བ་ཡིན། ཁྱེད་རང་གི་ཕུ་བོ་ཟླ་བ་གང་དུ་བུད་སོང་། ཁྱེད་རང་གི་མཉམ་དུ་མེད་དམ་ཞེས་དྲིས་དུས། བུད་མེད་མཚམས་སྐྱིད་ཀྱི་གློ་བར་དུ་གདོང་གི་འཛུམ་མདངས་བསྡུས་དེ། ཁོ་གཉིས་ལ་ཁ་ཕྱོགས་ནས། ངེད་གཉིས་འདིར་འབྱོར་བའི་ཕྱིར་ཉིན་དེ་ནས་བཟུང་དེ། ང་རང་གི་ཕུ་བོ་འདི་ཁུལ་དུ་གྲོགས་པོ་མང་བོ་ཞིག་འདུག་པ་དེ་དག་དང་ལྷན་དུ་སོང་ནས་འདི་རུ་ཕྱིར་ཡོང་གི་མི་འདུག མི་རིང་བར་ཁོ་རང་ཕྱིར་འགྲོ་ཡི་ཡིན་ཟེར་གྱི་འདུག་ལ། དུས་ཚོད་མང་བོ་མེད་སྟབས་འདི་ཁུལ་གྱི་གྲོགས་པོ་དག་ལ་ཐུགས་འཕྲད་བྱེད་རྒྱུར་བྲེལ་འདུག་ཞེས་བཤད་པ་རེད།

བློ་བཟང་གིས། གལ་སྲིད། ཁྱེད་རང་ལ་འདི་ཁུལ་ན་ངོ་ཤེས་དང་འགྲོ་ས་དེ་འདྲ་མེད་ན། ངེད་གཉིས་ཡོད་སར་ཡོང་ན། སློབ་གྲྭ་འགྲོ་རོགས་བར་དུ་ཟ་མ་ཟ་ས་རེ་ཉན་ནི་རེད། ཁྱེད་རང་འགྲོ་འདོད་ཡོད་ན་ང་རང་སང་ཉིན་ཁྱེད་རང་བསུ་རུ་ཡོང་ཞེས་བཤད་པ་རེད།

མཚམས་སྐྱིད་ཀྱིས་སྐད་ཆ་དེ་གོ་བ་དང་། གདོང་ལ་སླར་ཡང་འཛུམ་མདངས་ཤིག་དང་བཅས། ཡིན་དང་ཡིན། ང་རང་དངོས་ནས་ངོ་ཤེས་མེད་པ་དང་། ངོ་ཤེས་ཤིག་ཡོད་པ་དེ་ནི་ཁྱེད་རང་ཡིན། དེ་ཡིན་དུས་ང་རང་ཁྱེད་གཉིས་ཀྱི་སར་ཡོང་འདོད་འདུག སང་ཉིན་ཁྱེད་རང་ལ་ཁོམ་པ་ཡོད་ན་འདི་རུ་ཤོག་དང་། ངས་སྒུག་ནས་འདུག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༣ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༤ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་གཉིས་ཕེབས་པ་དགའ་ཡོད། རྗེས་ཕྱོགས་ཀྱང་ཕེབས་རྐྱང་བྱོས།

    Reply
  2. chokri nyima says:
    ལོ་ 16 སྔོན།

    ད་རྡ་ས་སླེབས་ཚར་དུས་་་་་་་་་སང་ཉིན་མཚམས་སྐྱིད་ནང་དུ་ཁྲིད་ཡོང་ནས་ཁོང་གཉིས་ཀྱིས་བཙན་རྒྱག་བྱ་མི་ཡོང་ངམ།

    བློ་བཟང་མཇེ་ལངས་ཁྱེད་འདྲ་མི་འདྲ་བྱོས་ཨ།་་་་་་་་་་ངས་ལྟས་བསྡད་ཡོད

    Reply
  3. rongpo says:
    ལོ་ 16 སྔོན།

    སྐུ་ཞབས་ལགས། བོད་ཡིག་ཞུ་དག་བྱེད་པའི་སྐོར་ནས་ཁྱེད་ལ་ལན་སྐུར་ཡོད། འཕྲོད་སོང་ངམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese