མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཉིན་འགའི་སྔོན་དུ་བློ་བཟང་གི་འཇམ་དབྱངས་འཚོ་མོ་ཁོ་གཉིས་ཀྱི་དུས་ཆད་བཟོ་སའི་ལྕོག་ལམ་ཚལ་གྱི་སུམ་མདོ་དེ་ནས་མ་ཎི་འཁོར་ལོ་ཆེན་པོ་ཞིག་ཡོད་པ་དེ་ཡི་འགྲམ་ནས་སྒུག་ཞོར་དུ་ཁོ་རང་གི་ཡིད་དུ་ཁོ་གཉིས་ཀྱིས་ཉིན་བཅོ་ལྔའི་སྔོན་དེར་འབྲེལ་བ་ཐོག་མར་བྱུང་བ་དེ་ཡི་སྐོར་ལ་བསམ་བློ་གཏོང་ཞོར་དུ་མ་ཎི་འཁོར་ལོ་ཆེན་མོ་དེ་ཡི་འགྲམ་ནས་ཕར་ཙམ་སོང་དེ་ཐ་མག་རྐང་གཅིག་ལ་མེ་སྒྲོན་པ་རེད།

བློ་བཟང་ཞོགས་པ་དེར་གཟའ་ཉི་མའི་གུང་གསེང་ཡིན་སྟབས་མགྲོན་ཁང་ནང་དུ་ཉལ་ནས་བསྡད་ཡོད་པའི་སྐབས་སུ། ནང་དུ་འཇམ་དབྱངས་འཚོ་མོ་ཡོང་ནས། བློ་བཟང་ལ་ཉལ་ཡོད་པ་མཐོང་ནས། ཨོ་་་ཁྱེད་རང་ཉལ་ཡོད་པ་ངས་ཤེས་མ་སོང་། དེས་ན་ང་རང་རྗེས་སུ་གཙང་མ་བྱེད་དུ་ཡོང་།

བློ་བཟང་གིས། སྐྱོན་མེད་ཀི ཁྱེད་རང་གིས་གཙང་མ་བཟོས་ན་འགྲིག་གི་རེད། ང་རང་ད་གཉིད་ཡོང་གི་མི་འདུག ཅུང་ཙམ་རྗེས་སུ་ཡར་བླངས་དགོས་བསམ་ནས་བསྡད་ཡོད། ཤོག ནང་དུ་ཤོག ཁྱེད་རང་གིས་ག་ལེར་གཙང་མ་བཟོས་ན་འགྲིག་གི་རེད།

སྒོ་ཁའི་འགྲམ་དུ་ཡོད་པའི་འཇམ་དབྱངས་འཚོ་མོས་བློ་བཟང་གི་དེ་ལྟར་བཤད་པ་དེས་ནང་དུ་ཡོང་ནས་གཙང་མ་བཟོ་རྒྱུ་དེར་སྟབས་བདེ་ཆགས་ན་ཡང་། བློ་བཟང་ཉལ་སའི་ནང་དུ་ཡོད་དམ་ཅུང་མི་བདེ་བའི་ཚོར་བ་ཞིག་དང་བཅས་ཅོག་རྩེ་སྒང་གི་ཐ་མག་གི་དུ་སྣེ་འཕྱོ་སའི་སྣོད་དེ་ལེན་ཞོར་དུ། ཨ་་་ཨ་་་ ཁྱེད་རང་གིས་དངོས་ནས་ཐ་མག་མང་བོ་འཐེནའདུག

བློ་བཟང་གིས། དེ་ང་རང་གཅིག་བུའི་འཐེན་པ་མ་རེད། ང་དང་འདུག་རོགས་གཉིས་ཀ་ཐ་མག་འཐེན་མཁན་ཡིན་པས་རེད། ཁྱེད་རང་ཐ་མག་འཐེན་མཁན་ལ་མི་དགའ་འམ། སྐད་ཆ་དེ་ལྟར་འགོ་བཙུགས་དེ་སྐར་ཆ་ཁ་ཤས་ཀྱི་རྗེས་སུ་མུ་མཐུད་དུ། ངས་ཁྱེད་རང་གི་མི་ཚེ་སྐོར་ལ་སྐད་ཆ་ཞིག་དྲིས་ན་འགྲིག་གི་རེད་དམ།

འཇམ་དབྱངས་འཚོ་མོས། འགྲིག་གི་རེད། ཁྱེད་རང་གི་ག་རེ་འདྲི་འདོད་ཡོད་ན་དེ་དྲིས་ན་འགྲིག་གི་རེད། བློ་བཟང་གིས་འཇམ་དབྱངས་འཚོ་མོ་ཕོ་གསར་ཞིག་གིས་སྐྱུར་ནས་སོང་བའི་བྱིས་པ་ཞིག་གི་ཨ་མ་ཆགས་ཡོད་པ་དང་། མོ་རང་གིས་ད་དུང་ཡང་ཕོ་གསར་དེ་ལ་གཏན་ནས་ལེ་བདའ་མི་བྱེད་པ་མ་ཟད། ཕོ་གསར་དེ་ནི་ཁོ་རང་དང་བྲལ་ནས་འགྲོ་དོན་ནི་ཁོ་རང་གི་དམིགས་ཡུལ་གྱི་ཆེད་དུ་ངས་རྒྱབ་སྐྱོར་མ་བྱས་པའི་ཡིན་པ་སོགས། ཁོ་མོས་འགྱོད་སྣང་དང་བཅས་དེ་མི་རིང་བར་ཕ་མས་རེ་འདོད་ལྟར། ཕ་ཡུལ་གཅིག་པའི་ཕོ་གསར་ཞིག་ཁོ་མོ་ལ་བལྟ་རུ་ཡོང་གི་ཡོད་པ་དང་། ཁོ་གཉིས་གཉེན་སྒྲིག་བྱེད་འཆར་ཡོད་རབས་བཅས་འཇམ་དབྱངས་འཚོ་མོས་གནས་ཚུལ་མདོར་བསྡུས་ཤིག་བློ་བཟང་གིས་འཇམ་དབྱངས་འཚོ་མོའི་ངག་ལས་ཉན་རྗེས།

ངས་ཁྱེད་རང་ལ་འབྲེལ་བ་ཞིག་བཟུང་ན་འགྲིག་གི་རེད་དམ། ཡིན་ཡང་། བཟའ་ཚང་དང་དགའ་རོགས་དེ་འདྲའི་སྐོར་ལ་འུ་གཉིས་སུས་ཡིན་ཡང་། བསམ་བློ་གཏན་ནས་མི་གཏོང་རྒྱུ་བྱེད། དེ་འདྲ་ཞིག་བྱས་ན་འགྲིག་གི་རེད་དམ། འགྲིག་གི་ཡོད་ན་ནི་ང་ལ་གོ་སྐབས་ཤིག་སྤྲད་ན་ག་འདྲ་འདུག་ཟེར་ནས་ལག་འགོ་ནས་ཁོས་ཕྱོགས་སུ་འཐེན་དུས། འཇམ་དབྱངས་འཚོ་མོ་ཡང་ཁ་རོག་གེར་བློ་བཟང་གི་ཕྱོགས་སུ་ཉལ་བ་རེད།

འཇམ་དབྱངས་འཚོ་མོས། དེ་འདྲ་ཡིན་ན་ནི། ཕྱི་དྲོ་འུ་གཉིས་མགྲོན་ཁང་ལྟག་རྒྱབ་ཀྱི་ནགས་ཚལ་དེ་ནས་ཐུག་ན་ག་འདྲ་འདུག དེ་མིན་འདི་ནས་དེ་འདྲ་བྱས་པ་ཡིན་ན་མིས་ཤེས་ན་འུ་གཉིས་ཀྱི་མདུན་ལམ་ལ་གནོད་པ་ཡོད་ངེས་རེད། ཁྱེད་རང་ཉིན་གུང་རྒྱབ་དུ་དེ་ལ་ཤོག་དང་། ངས་འདི་ནས་ལས་ཀ་ཚར་མ་ཐག ང་རང་ཡང་དེ་རུ་ཐོན་ཡོང་།

ཉིན་གུང་རྒྱབ་དུ་བློ་བཟང་མགྲོན་ཁང་གི་ལྟག་རྒྱབ་ཀྱི་ནགས་ཚལ་དེ་རུ་སོང་ནས་ཅུང་ཙམ་སྒུག་དུས་འཇམ་དབྱངས་འཚོ་མོ་དེ་རུ་འབྱོར་ནས། ཁོ་གཉིས་ཀྱིས་ཉི་མ་དྲོ་ས་དེ་ནས་ཕན་ཚུན་ལ་འཐམ་ནས་ཁ་བསྐྱལ་བ་དང་གོན་པ་ག་ལེར་འཕུད་རྩིས་བྱས་དུས། འཇམ་དབྱངས་འཚོ་མོས། ཁྱེད་རང་གི་འགྱིག་ཤུབ་ཁུར་ཡོད་དམ།

བློ་བཟང་གིས། ངས་ད་སྔ་འགྱིག་ཤུབ་བེད་སྤྱོད་བྱེད་མྱོང་མེད་པས་འགྱིག་ཤུབ་ཁུར་ནས་ཡོང་རྒྱུ་ཞིག་ཡིད་ལ་དྲན་མ་སོང་། འགྱིག་ཤུབ་དགོས་པ་འདྲ་ཡིན་ན་ང་རང་གི་ལག་པར་རེག་མིན་ཡང་མི་ཤེས། གང་དུ་རེག་གི་ཡོད་མེད་ཀྱང་མི་ལ་འདྲི་དགོས་བྱུང་ན་དངོས་ནས་སྟབས་བདེ་བོ་མི་འདུག

འཇམ་དབྱངས་འཚོ་མོས། དེ་འདྲ་ཡིན་ན་འུ་གཉིས་ཀྱིས་དེ་རིང་གཏན་ནས་ལུས་འབྲེལ་འཇོག་མི་ཉན། བྱིས་པ་འདྲ་ཆགས་སྲིད་པ་རེད། དེ་འདྲ་ཆགས་པ་ཡིན་ན། ངས་སུ་ལ་བཤད། དེ་ལས་སང་ཉིན་ངས་ཁྱེད་རང་ལ་འུ་གཉིས་ཐུག་ས་ཞིག་གོ་སྒྲིག་བྱེད་ཆོག་པ་མ་ཟད། དེ་ཡི་འཁྲིས་སུ་ཁྱེད་རང་གི་འགྱིག་ཤུབ་ཀྱང་ཉོ་ཐུབ་ངེས་ཡིན། རྒྱ་གར་སྨན་ཁང་ཆུང་ཆུང་ཞིག་ཡོད་པ་རེད།

བློ་བཟང་གིས་དེས་ན་སང་ཉིན་ང་ཚོ་ས་ཆ་ཐག་རིང་ཞིག་དུ་གློག་བརྙན་འཁྲབ་དུ་འགྲོ་རབས་ཤིག་འདུག དུས་ཚོད་ཡོད་རྒྱུ་མ་རེད། ཡིན་ཡང་། ང་རང་ཕྱིར་འབྱོར་མ་ཐག ང་རང་ལ་སླར་ཡང་གོ་སྐབས་ཤིག་སྤྲད་ན་འགྲིག་གི་རེད་དམ།

ཨེ་་་་ བློ་བཟང་། ཡང་ཐ་མག་འཐེན་ནས་བསྡད་ཡོད་དམ། འཇམ་དབྱངས་འཚོ་མོས་བློ་བཟང་ཕྱིར་དྲན་གྱི་ལམ་ནས་དྲངས། ཡ་་ འགྲོ་ང་ཡི་མཉམ་དུ་ཤོག འདི་ནས་གོམ་པ་ཅུང་ཙམ་ཞིག་རྒྱག་དགོས་ཀྱི་ཡོད་པ་རེད། ངེད་ཚང་ལ་ཕར་ཕྱོགས་དེ་ན་ཁང་བ་ཆུང་ཆུང་ཞིག་ཡོད་པ་རེད། དེང་སང་དེ་ཡི་ནང་དུ་མི་འདྲ་བསྡོད་མཁན་མེད་པར་བཞག་ཡོད་པ་རེད། ངས་ཁང་བ་དེ་ཡི་ནང་དུ་གཙང་མ་ཞིག་བཟོ་དགོས་ཟེར་ནས་ལྡེ་མིག་ཁུར་ནས་ཡོང་བ་ཡིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་གཉིས་འདི་རུ་ཡོང་ནས་རང་རང་གི་བསམ་ཚུལ་གསུང་བ་དེར་དགའ་ནས་ཡོད། རྗེས་ཕྱོགས་ཀྱང་དེ་ལྟར་རང་རང་གི་བསམ་ཚུལ་རེ་གསུང་དུ་ཕེབས་པར་དགའ་བསུ་ཡོད།

    Reply
  2. lhachapjinpa says:
    ལོ་ 16 སྔོན།

    ཁྱོད་ཀྱི་དངོས་སྒྲུང་བརྒྱ་དང་གཉིས་པ་འདི་ཡང་ཡོངས་སུ་བཀླགས་ཟིན། ངའི་བསམ་ཚུལ་ལ་ཡང་ཁྱོད་ཀྱི་འདིའི་ནང་དུ་འཇམ་དབྱངས་འཚོ་མོ་ཟེར་བའི་བུད་མེད་མི་སྣ་གཅིག་གི་ཇེ་མང་དུ་སོང་འདུག་པ་འདྲ། མི་སྣ་ཇེ་མང་དུ་འགྲོ་བ་ནི་སྒྲུང་ཇེ་འཁྲུག་ཏུ་འགྲོ་བའི་རྒྱུ་ཡིན་སྟབས། ད་ནི་མི་སྣ་གསར་བ་འབྲི་བཞེངས་མ་བྱས་ན་ལེགས་སྙམ།

    Reply
  3. gaungdon says:
    ལོ་ 16 སྔོན།

    སྒྲུང་རིང་ཞིག་ཡོད་ཚོད་འདུག་ དེབ་གཟུགས་སུ་ཡོད་དམ། དྲ་ཐོག་ནས་ཀློག་པར་དཀའ་ཚོད་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese