མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གི་སེམས་ཁོང་དུ་ཡོད་པ་ན་ཟུག་ཞིག་དང་དྲན་ཤིང་ཁོ་ན་ཞིག་ཆགས་ཡོད་ལ། ན་ཟུག་དང་དྲན་ཤིང་ལ་གདོང་ལེན་བྱེད་ཆེད་དུ། ཁོ་རང་གིས་རང་ཉིད་ལ་ལམ་ཁ་འདི་འདྲ་ཞིག་དུ་ཁྲིད་དེ་འགྲོ་བཞིན་ཡོད་པ་རེད། དྲན་ཤིང་དེ་ནི་ཁོ་རང་གི་ཁོར་ཡུག་དང་ཁོ་རང་གི་སེམས་ཁོང་གི་མཁའ་དབྱིངས་བཅས་སུ་ལྡིང་འཁོར་བརྒྱག་བཞིན་ཡོད་ཀྱང་། མི་སུ་ལ་ཡང་དེ་ཡི་གསང་བ་ངོས་དེ་མི་བཤད་རྒྱུའི་ཕྱོགས་སུ་ཁོ་རང་གིས་རང་གི་སེམས་ཐག་བཅད་ཉིན་ནས། ལམ་བར་དུ་མི་འདོད་ཀྱང་ལྡོག་དུ་མེད་པའི་ཆགས་སྲེད་ཀྱི་ཚོར་བ་ཕྲ་མོ་དབང་བཙན་པོས། ཁོ་རང་བསླུས་པའི་གྲངས་ཀ་ནི་ཉུང་ཉུང་མིན་པ་རེད།

འདི་ལྟར་བློ་བཟང་གིས་ཁོ་རང་གི་མི་ཚེ་བགྲོད་ལམ་ཞིག་དུ་འཚོ་བ་ཞིག་གི་ངལ་གསོ་རེ་ཨེ་ཐོབ་ལ་འབད་བརྩོན་བྱོས་ཀྱང་། དེ་ནི་བསམ་ཡུལ་ལས་འདས་པ་ཞིག་དུ་གྱུར་བཞིན་ཡོད་པ་དེ་ནི་མཚམས་སྐྱིད་དང་འཕྲད་པའི་ལོ་ཟླ་དང་ལྟ་བུ་ཆགས་ཡོད་པ་ཡིན་དུས། ད་ནི་ཁོ་རང་གིས་རང་གི་ཉེ་འཁོར་གྱི་བུད་མེད་དག་ལ་ཡིད་ཆེས་ཤིག་ཇི་ལྟར་བྱེད་དགོས་མིན་དེ་ཡང་ཡག་པོ་ཞིག་གཏན་ནས་ཤེས་ཀྱི་མེད་པའི་ཚོད་དུ་ལྷུང་ཡོད་ཀྱང་། བདེ་འཚོ་ཡང་ཁོ་རང་དང་ཐག་ཉེ་རུ་ཡོང་བཞིན་པ་དང་། ཉི་མ་ལྷ་སྒྲོན་གྱིས་ཁོ་གཉིས་ལ་སྨོན་འདུན་དང་རེ་སྨོན་བྱེད་བཞིན་ཡོད་པ་རེད།

སྔོན་ཆད་ཡིན་ན་ཁོ་རང་གི་འདུག་རོགས་ཟ་རོགས་བཤད་རོགས་སོགས་ཉི་མ་ལྷ་སྒྲོན་ཡིན་ཡང་། ད་ནི་དེ་ལས་འགྱུར་བ་ཐེབས་ནས་ཁོ་རང་གི་འདུག་རོགས་འགྲོ་རོགས་བདེ་འཚོ་ཆགས་བཞིན་པའི་སྐབས་དེར། ཉི་མ་ལྷ་སྒྲོན་གྱིས་བློ་བཟང་ལ། ཁྱེད་རང་ལ་ངས་སྔོན་ཆད་ཁོ་མོ་ངོ་སྤྲོད་བྱེད་ཆོག་ཟེར་ན། དེ་དུས་ཁྱེད་རང་གིས་ཁས་ལེན་བྱས་མ་སོང་། ད་ནི་ག་རེ་རེད། ཁྱེད་གཉིས་དགའ་རོགས་སྒྲིག་བཞིན་ཡོད་པ་འདྲ། དེ་འདྲ་རེད་དམ། དེ་འདྲ་ཡིན་ན་ནི་དངོས་ནས་ཡག་པོ་རེད། ངས་དགའ་བསུ་ཞུ། བདེ་འཚོ་ནི་དངོས་ནས་བུད་མེད་ཡ་རབས་ཤིག་ཡིན། ཁྱེད་རང་གི་ལག་དུ་བུད་མེད་དེ་འདྲ་རེག་རྒྱུ་ནི་དངོས་ནས་ཁག་པོ་ཡིན་པ་རེད།

བློ་བཟང་གིས། ཉི་མ་ལྷ་སྒྲོན། ཁྱེད་རང་གིས་ངེད་གཉིས་ལ་སྨོན་འདུན་བྱས་པ་དེར་ང་དགའ་ཡོད། ངས་ཀྱང་ཁྱེད་རང་བསམ་ནས་འདི་ལྟར་ཁོ་མོ་དང་གྲོགས་སྒྲིག་པ་ཡིན། ད་ནི་ཁྱེད་རང་གི་སེམས་པ་ལྷོད་དུ་འབབ་ནས་སོང་ན་འགྲིག་གི་རེད། མི་ཁ་ཡང་སྐྲག་མི་དགོས་པ་རེད། འུ་གཉིས་ཀྱིས་དུས་རྒྱུན་དུ་ཁ་བརྡ་བྱེད་པ་ལ་ཡང་བར་ཆད་བྱེད་མཁན་མེད་པ་རེད། ཡིན་ཡང་། འུ་གཉིས་གཅིག་བུར་བསྡོད་པའི་དུས་ཚོད་ནི་དངོས་ནས་ཉུང་ཉུང་ཆགས་པ་རེད། དེ་ལ་ཅུང་སེམས་པ་སྐྱོ་ནི་ཞིག་རེད། གང་ལྟར། འུ་གཉིས་ཀྱི་ལས་དབང་ནི་ཐ་དད་བཟོས་ཡོད་པ་དེ་ནི་ངས་ཀྱང་ཤེས་ཡོད་ལ། ཁྱེད་རང་གིས་ཤེས་ཡོད་པ་སྔ་ས་ནས་ཐེངས་མང་གླེང་བ་དེ་རེད།

ཉི་མ་ལྷ་སྒྲོན། བདེ་འཚོ། ད་དུང་། བློ་བཟང་བསྡོད་སའི་མགྲོན་ཁང་ནང་དུ་གཙང་མ་བཟོ་མཁན་གྱི་བུད་མེད་གཞན་གཉིས། ཁོ་རང་གི་གྲོགས་པོ་རྡོར་རྗེ་སྐྱབས། ཁོང་ཚོ་ཚང་མ་བློ་བཟང་དང་ཁོ་གཉིས་ཀྱི་ནང་དུ་འཛོམ་ནས་རྩེད་མོ་འདྲ་རྩེད་བ་དང་ཁ་བརྡ་འདྲ་བྱས་དེ་བསྡད་ཡོད་པ་རེད། བློ་བཟང་ཕྱི་ལོག་དུ་འཁྱུགས་ཙམ་ཞིག་གི་རིང་དུ་ལས་དོན་ཞིག་གི་ཆེད་དུ་སོང་ཤུལ་ནས། ཁོ་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས་དེ་རུ་འདུས་པའི་བུད་མེད་ཚོ་ལ་སྐད་ཆ་འདི་འདྲ་ཞིག་དྲིས་པ་རེད།

ཁྱེད་ཚོས་སུས་ལན་བཏབ་ན་འགྲིག་གི་ཡོད། ངས་ཁྱེད་ཚོ་ལ་དྲི་བ་ཞིག་འདྲི། བློ་བཟང་ནི་ང་ཚོ་འདི་རུ་སླེབས་པའི་ཕོ་གསར་བཞིའི་ནང་ནས་སྐྱེ་གཟུགས་ཀྱི་ཐད་ནས་ཕོ་གསར་བརྫིག་ཤོས་དེ་ནི་མ་རེད། ཡིན་ཡང་། ལོ་ཡི་ཆེ་ཆུང་འདྲ་བལྟ་ཡི་ཡོད་ན་ནི། ཁོ་རང་ལོ་ཆུང་ཤོས་དེ་རེད། ཁྱེད་ཚོས་ཤོད་དང་ཁོ་རང་ལ་དེ་འདྲའི་དམིགས་བསལ་ཞིག་ག་རེ་འདུག ཁྱེད་ཚོ་སུ་ཡིན་ན་ཡང་བློ་བཟང་དང་ལྷན་དུ་ཀུ་རེ་རྩེད་མོ་རྩེད་པ་དང་ལྷན་དུ་ཁ་བརྡ་བྱོས་དེ་འདུག་རྒྱུར་དགའ་དོན་གང་རེད།

སྐབས་དེར། བློ་བཟང་གིས་ཉིན་འགའི་སྔོན་དུ་ལྐོག་ནས་ལུས་འབྲེལ་བཞག་མ་འཐག་པའི་བུད་མེད་འཇམ་དབྱངས་འཚོ་མོས། ངས་བལྟས་པ་ཡིན་ན། བློ་བཟང་ནི་དངོས་ནས་ཕོ་གསར་བརྩེ་དུང་ཅན་ཞིག་རེད། ཁོ་རང་ནི་ཕོ་གསར་གཞན་དང་མི་འདྲ་བར་ཁ་ཡག་དང་གཡོ་སྒྱུ་དེ་འདྲ་གང་ཡང་མི་འདུག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 2

  1. sha tak ri sim says:
    ལོ་ 16 སྔོན།

    གནམ་ལྕགས་ལགས། ཁྱེད་རང་ཕེབས་པ་དགའ་ཡོད་ལ། ཤུ་རེ་བྱེད་ངེས་ཡིན། ངས་ཀྱང་སྒྲུང་འདི་མཇུག་སྔ་ས་ནས་འཕུད་རྒྱུའི་དམ་བཅའ་རང་ལ་བཞག་པ་ཡིན། ད་ནི་ཤུ་རེ་བྱོས་དེ་འགྲོ་བཞིན་ཡོད། འབྲི་བཞིན་ཡོད། རྗེས་སུ་བྲིས་ཚར་སོང་ན་དེ་དུས་ངའི་རང་གི་འགན་ཁུར་ཞིག་་སྒྲུབ་ཁུལ་རེད་སྙམ་གྱི་ཡོད།

    Reply
  2. kkalsang says:
    ལོ་ 16 སྔོན།

    གྲོགས་པོ་ལགས། ཁྱོད་ཀྱིས་དངོས་སྒྲུང་འདིའི་ལེའུ་བརྒྱ་དང་གཅིག་པ་དེ་བཀླགས་ཟིན། འདིས་ག་རེ་མཚོན་གྱི་འདུག་ཅེ་ན། ཁྱོད་ཀྱི་ལྷོད་པ་མེད་པ་བརྩོན་སེམས་དེ་མངོན་འདུག མུ་མཐུད་ནས་ཤུགས་རྒྱོབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese