མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་འཕངས་པའི་མདའ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཕར་དང་ཚུར་ལ་ཟེར་ནས་གླེང་ཐུབ་ཅིག་མེད་ཀི།
ལག་པའི་ཕྱི་ནང་གཉིས་ཀ་རང་ཤ་ནི་རེད་འདུག།
གཏུབ་ན་མི་གཟོད་རང་གི་ཤ་ཁྲག་གི་གྲུབ་རེད།།
སྤྲོད་ནི་མི་འཕོད་སྙིང་རྗེ་ཅི་འདྲ་ཞིག་ཆེ་ཡང་།།

ཁ་ནས་གླེང་དུས་ཤེས་པ་རང་ཉིད་ཀྱི་རྒྱན་ཡིན།།
དོན་དུ་ལག་ལེན་སྟོང་བ་རང་ཉིད་ཀྱི་མཚང་ཡིན།།
མི་གཤིས་བཙོ་སྤྱང་བྱེད་ལ་འཇོན་ཐང་ཞིག་བྱུང་ན།།
རང་གི་རིགས་ལ་འཁོ་བ་དེ་ཉིད་ལས་མི་འདུག།

མཐོན་པོ་ཡོད་ཚད་མཁས་པ་ཚད་ལྡན་ནི་ཡིན་དཀའ།།
དམའ་བ་ཐམས་ཅད་བླུན་པོ་རྨོངས་འཐོམ་ནི་མིན་ངེས།།
འགྲོ་བའི་རིགས་ཀྱི་སེམས་བྱུང་མི་ཀུན་ལ་ཡོད་པ།།
དེ་ཉིད་ཤེས་ལ་འབད་ན་རིན་ཐང་ནི་ཡོད་ངེས།།

ཡུལ་དུ་གྱར་ནས་རང་དབང་ལུང་བ་རུ་ཡོད་དུས།།
གཞིས་བསྡོད་བོད་མིའི་སྐྱིད་སྡུག་གླེང་བ་དེ་མཛེས་ཀྱང་།།
ཁ་ལ་ཚོད་མེད་རང་རིགས་སྤུན་ཟླ་ལ་དམོད་པ།།
དོན་གྱི་རང་རིགས་བརླག་པའི་གཞི་མ་ལས་མ་འདས།།

ཡི་གེ་འགོ་གཏིང་སྒྲིག་པ་མཛེས་མཛེས་ཤིག་ཡོད་ཀྱང་།།
ཡིག་ནོར་དོན་ནོར་མེད་པ་འབྲི་བ་དེ་བཟང་མོད།།
དོན་ལ་ཤ་ཞེན་གཙང་མའི་ལྷག་བསམ་རང་བོར་ཚེ།།
ཕྱི་ཤུན་ཁོ་ན་མཛེས་པའི་རྨ་བྱ་ལས་མ་འདས།།

མི་སེམས་ཁྲི་ཕྲག་མང་བོའི་རྒྱལ་ཁམས་ཤིག་འགྲིམ་ན།།
མི་སེམས་སྟོང་ཕྱུར་མང་བོའི་བསམ་བློ་ཞིག་བསྔོགས་དགོས།།
མི་ཡུལ་ས་མཐར་འགྲིམ་པའི་དོན་གོ་ཞིག་བསམ་ན།།
རིགས་རུས་བོད་ལ་སྐྱེ་བ་སེམས་གཏིང་ནས་མ་འབོར།།

འཇོན་མེད་ནུས་མེད་སྤྲང་འཁྱམ་ང་རང་གི་ངག་ལས།།
སེམས་ཀྱི་གཏིང་ནས་འཕངས་པའི་མདའ་མོ་ཡི་རྩེ་འདི།།
སུ་དང་གང་ལ་འཕོག་ཐུག་ཟ་ཟུར་ནས་བྱུང་ན།།
བརྩེ་བའི་ལྷ་ཡི་དྲུང་དུ་སེམས་ཁོང་ནས་འགྱོད་གཤེགས།།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༥ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 6

  1. loedoe says:
    ལོ་ 16 སྔོན།

    རང་རིག་ལ་ལ་ཞེན་ཡོད་ན།།
    ཟ་ཟུར་གྱི་མདའ་མོའི་ཅི་བྱེད།།
    ཕྱོགས་མེད་ཀྱི་བོད་དོན་སྒྲུབས་དང་།།
    རང་གཞན་གྱི་དོན་གནད་དེ་ཡིན།།
    རྙིང་ཞེན་གྱི་ལྟ་བས་གནོད་ན།།
    གསར་བྱུང་གི་རིག་པ་སྟོན་དང་།།
    མཁོ་མེད་ཀྱི་ཚིག་ཉོག་མང་པོ།།
    རང་གཞན་གྱི་སེམས་པ་དཀྲིགས་བྱེད།།
    ཅང་མེད་ཀྱི་བླུན་པོ་མང་པོ།།
    རྡ་ས་ཡི་རི་གྲོང་ལ་འཁོར་ནས།།
    དོན་མེད་ཀྱི་འཆལ་གཏམ་བཤད་པ།།
    ཉི་མ་རང་གཏོང་རོགས་ཡིན་འགྲོ།།
    རང་སྐྱོན་རང་གིས་ཤེས་ན་སངས་རྒྱས་ཡིན།།
    རང་དོན་རང་གི་སྒྲུབ་ན་འཇོན་པོ་ཡིན།།
    རང་སྐྱོན་རང་གིས་མི་མཐོང་བླུན་པོ་དག།
    གཞན་སྐྱོན་ཁོ་ན་བཤད་ལས་གཞན་ཅི་ཡོད།།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    ཞྭ་ནག་བློ་གྲོས་ལགས། བསྟོད་བསྔགས་བྱས་པ་བཀའ་དྲིན་ཆེ། ཡིན་ཡང་། འདི་ནི་འུ་ཅག་ཚང་མའི་ལས་དོན་ཞིག་གླེང་ཁུལ་བྱས་པ་ཡིན་དུས་དགེ་ཡོད་ན་ཚང་མས་ཡིན། སྐྱོན་ཡོད་ན་ང་རང་ལ་འཁྲི་བ་ཡིན་ནོ།

    རུ་གསར་ཚང་ལགས། ཉིད་ནས་དེ་ལྟར་ལམ་སྟོན་གནང་བ་དེར་དགའ་ཡོད། གང་ཐུབ་ཅིག་ཐུབ་བྱེད་ཁུལ་བྱེད་ཀྱི་ཡོད། རྗེས་ཕྱོགས་ཀྱང་དེ་ལྟར་གང་ནས་ནོར་གྱི་ཡོད་ན་གསུང་དུ་ཕེབས་ཤོག

    ཅོ་རི་ཉི་མ་ལགས། སེམས་པ་ལྷོད་དུ་ཞོག སེམས་པ་ཀུ་ཡངས་པོ་ཞིག་བྱོས། རིགས་རུས་ཤིག་གི་བདེ་སྡུག་གི་ཆེད་དུ་འུ་ཅག་སོང་བ་ལས། ད་དུང་འགྲོ་རྒྱུ་མང་བ་ལུས་ཡོད་པ་རེད།

    ཇིང་སྲས་མིག་གསུམ་པ་ལགས། འུ་ཅག་གིས་དབུང་བ་མཉམ་གཤིབ་ཀྱིས་རང་རིགས་ཀྱི་བདེ་སྡུག་གི་གདུང་བ་མཐོ་དམན་ལ་དབྱེ་བ་མེད་པར་སྐད་ཤུགས་འགག་ཡང་། མུད་པ་བཙུར་ནས་གླེན།

    Reply
  3. free sopu says:
    ལོ་ 16 སྔོན།

    དྲང་བདེན་གནས་ལུགས་བཤད་ན་གོ་ནི་ཉུང་།།
    ལྷད་མེད་སྙིང་གཏམ་བཤད་ན་རློམ་ནི་ཉུང་།།
    ལྐོག་ཟ་ལྐོག་འཐུང་བྱས་ན་མཐོང་ནི་ཉུང་།།
    གང་ལྟར་གོང་ལ་ཤོར་ན་དགའ་ནི་ཉུང་།།

    Reply
  4. chokri nyima says:
    ལོ་ 16 སྔོན།

    མགོ་གསེར་སྐུ་གྱིས་བཅག་དང་རྡོ་ཡིས་བཅག་ཁྲག་དམར་པོ་ཡོང་སྟངས་གཅིག་པ་རེད།
    ཡིད་དགྲ་ཡིས་བཅད་དང་གཉེན་གྱིས་བཅད་མིག་མཆི་མས་གང་སྟངས་འདྲ་འདྲ་རེད།

    Reply
  5. snowwind says:
    ལོ་ 16 སྔོན།

    བསམ་བློ་དཀར་པོ་དུང་་རེད།།
    མི་གཤིས་བཟང་པོ་གསེར་རེད།།
    རྩོམ་ཡིག་བཟང་པོ་མགུར་རེད།།
    ཡིག་ནོར་མང་ནོ་སྐྱོན་རེད།།

    དཀྱེལ་ཡངས་ཁོག་པ་མཁའ་རེད།།
    རིགས་ཞེན་མཁྲེགས་པོ་རྡོ་རེད།།
    ངང་རྒྱུད་རིང་མོ་ཆུ་རེད།།
    ཡར་རྒྱས་མེད་ནོ་སྐྱོན་རེད།།

    དྲ་ཐོའི་ནང་གི་རྩེ་རེད།།
    ཟིན་བྲིས་མང་ནོ་སྒྲུང་རེད།།
    དྲ་ཚིགས་འདི་ཡི་རྒྱན་རེད།།
    ཀུན་གྱིས་ཤེས་ནོ་ཁྱོད་རེད།།

    སྙིང་གཏམ་ཡིན། ཐུགས་ལ་ཕོག་ན་དགོངས་དག་ཞུ།

    Reply
  6. MIKYAM says:
    ལོ་ 16 སྔོན།

    ཡ་གྲོགས་པོ། བདེ་མོ། ཁྱེད་རང་གི་རྩོམ་ཡིག་ཚང་མ་ཀློག་གི་ཡོད། ཡག་པོ་འདུག མུ་མཐུད་ནས་ཕེབས་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese