མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆེས་མཐའ་མཇུག་གི་ཏྰ་ལའི་བླ་མ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེང་སང་ང་ཚོས་ཅི་ནས་ ཀྱང་མ་གླེང་ཐབས་མེད་ཅིག་ཆགས་ཡོད་པ་དེ་ནི། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་འདི་ནི་བོད་མི་རིགས་ཀྱི་༧རྒྱལ་བ་རིམ་བྱོན་གྱི་ ཡང་སྲིད་ངེས་འཛིན་བྱས་པའི་ཁྲོད་ནས་ཆེས་མཐའ་མ་དེ་ཆགས་སྲིད་པ་ཡིན་ནམ། གལ་སྲིད་དེ་འདྲ་ཆགས་མིན་དེ་ཡང་བོད་མི་རིགས་ཀྱི་དད་ཞེན་དང་བསོད་ནམ། འདོད་མོས་ཡོད་མེད་བཅས་ལ་བརྟེན་དགོས་པ་ཞིག་ལས་༧རྒྱལ་བ་རིན་པོ་ཆེ་ཁོང་གི་ ཐུགས་མོས་དང་འབྲེལ་བ་མེད་པ་ཡིན་ནམ། ང་ཚོས་ད་ལྟ་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་བ་སྐུ་འཚོ་ཞིང་བཞུགས་པའི་ སྐབས་སུ་དེ་འདྲ་ཞིག་གླེང་བ་ཡིན་ན་་འོས་པ་མེད་རབས་འདོད་མཁན་ཡང་མི་ཉུང་བ་ཞིག་ ཡོད་ཚོད་རེད།


ངས་ བསམ་ན་ངེད་ཅག་གིས་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་དེ་བོད་ལ་དགོས་ཀྱི་ཡོད་མེད་དེ་ ནི་ད་ལྟ་མི་གླེང་ཀ་མེད་ཀྱི་གནད་དོན་ཆེན་པོ་ཞིག་ཆགས་ཡོད་པ་ཡིན། གང་ཡིན་ཟེར་ན་རྒྱ་ནག་སྲིད་གཞུང་གིས་བོད་ནང་གི་རང་དབང་ཆ་ཚང་ལ་དམ་དྲགས་བྱས་ ཟིན་པ་མ་ཟད། ད་ལྟའི་འཆར་ཏྰ་ལའི་སྐུ་ཕྲེང་བཅོ་ལྔའི་ཡང་སྲིད་ཐུགས་ཐག་གཅོད་པའི་སྐོར་ལ་ཡང་ ཁོང་ཚོས་གྲོང་ཆོད་སོགས་བགྲོ་གླེང་མི་ཉུང་བ་ཞིག་བྱས་ཟིན་པ་རེད་ལ། དེ་དག་གིས་ང་ཚོ་བོད་མི་དག་ལ་པན་ཆེན་ཡང་སྲིད་ཇི་བཞིན་དུ་གང་འདོད་དུ་ཁོང་ཚོས་ ངེས་འཛིན་བྱས་པ་དེར་ཁས་ལེན་མི་བྱེད་ཐབས་མེད་ཅིག་ཡིན་པར་ངེས་འཛིན་བྱེད་ཀྱི་ ཡོད་པ་རེད།


ད་ ནི་ངེད་ཅག་བོད་མི་དག་གིས་ད་ལྟ་ནས་ཁ་གསལ་བོ་དང་དོན་དག་གང་ཡོད་ཀྱི་སྒོ་ནས་ཡི་ གེ་དང་ས་ཡིག་བསྡུ་རུབ་སོགས་བྱས་དེ། ཕྱིས་སུ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་དེ་ནི་བོད་མི་དམངས་ཀྱི་དབང་ཚད་དང་འདོད་ མོས་ལས་རྒྱ་ནག་སྲིད་གཞུང་ལ་དེ་ཡི་ཐད་དུ་སྐད་ཆ་བཤད་པ་དང་ཐག་གཅོད་བྱེད་པའི་ རང་དབང་དང་ཐོབ་ཐང་གཏན་ནས་མེད་པའི་སྐོར་གྱི་བསྒྲགས་གཏམ་སྤེལ་བ་གཅིག་བུས་མི་ ཡོང་བ་མ་ཟད། བོད་མི་ཕྱི་ནང་གང་དུ་ཡོད་མཁན་ཚང་མས་ད་ལྟ་ནས་བཟུང་དེ་དེ་ལ་རྣམ་འགྱུར་གསལ་བོ་ ཞིག་མ་བསྟན་པ་ཡིན་ན། དངོས་ནས་ང་ཚོ་བོད་མི་ཚང་གི་མགོ་ཐོག་དུ་ཡང་བསྐྱར་འདོད་མིན་ལ་གཏན་ནས་མི་བལྟ་ བར་རྒྱུ་སྟོབས་དང་དབང་ཤུགས་བཀོལ་ནས་ཏྰ་ལའི་སྐུ་ཕྲེང་བཅོ་ལྔ་བ་ཞིག་རྒྱ་ནག་ སྲིད་གཞུང་ཐག་གཅོད་བྱེད་མི་བྱེད་མེད་ངེས་ཡིན།


དུས་ ཚོད་འདི་ནི་ཆེས་གཉེན་འཕྲེང་ཅན་གྱི་དུས་ཚོད་ཅིག་ཡིན། བོད་མི་ཡོད་ཚད་ཀྱིས་༧སྤྱིུ་ནོར་ཡིད་བཞིན་ནོར་བུ་ངེས་སུ་ཞལ་བཞུགས་པའི་སྐབས་ འདི་ལ་སྐྱེ་བོ་གང་ན་སུ་ཡོད་ཚང་མའི་ཚབ་དུ་གཞུང་སྒེར་གང་རུང་ནས་༧ཁོང་གི་སྐུ་ མདུན་ནས་བཀའ་ལན་གསལ་བོ་ཞིག་ཞུས་དེ། དེ་ནི་བོད་མི་འདུས་བསྡོད་ཀྱི་ཡུལ་གྲུ་གང་སར་ད་ལྟ་ནས་སྒྲོག་རྒྱུ་དེ་ནི་རྒྱ་ ནག་སྲིད་གཞུང་ལ་སྤྲད་པའི་བརྡ་ལན་ཡག་ཤོས་ཤིག་ཆགས་རྒྱུར་གདོན་མི་ཟ་བ་ཡིན་ལ། ཕྱིས་ཀྱང་རྒྱ་ནག་སྲིད་གཞུང་གིས་བླ་མ་དང་བླ་ཆེན་དང་དཔོན་པོའི་གོ་ཐོབ་ཡོད་ མཁན་གྱི་བོད་ནང་བཞུགས་ཀྱི་བོད་མི་སུ་ཡང་རུང་བ་རེད་བེད་སྤྱོད་བྱེད་ཆོག་ཆོག་ ཞིག་མེད་པ་དང་། བེད་སྤྱོད་བྱས་ཀྱང་པན་ཆེན་རིན་པོ་ཆེ་ཚང་གི་གནད་དོན་ལྟ་བུར་འགྱུར་ཐབས་མེད་པ་ གསལ་བོ་ཆགས་ངེས་ཡིན་ལ། དེ་ནི་ད་ལྟ་དངོས་ནས་བོད་མི་གང་ན་སུ་ཡོད་པ་ཚང་མས་འགན་འཁུར་བླངས་པ་དང་སེམས་ འཁྲལ་ལས་ལག་ལེན་དང་། ཁ་ལས་ལག་འགུལ་བ། དད་པ་དམ་ཚིག་དེ་ཡང་ངེས་སུ་བསྟན་པ་ཞིག་ཡིན། ༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་དེ་བོད་མི་རིགས་ལ་དགོས་མིན་གྱི་སྐོར་ལ་འགན་འཁུར་ བའི་ལས་འགན་ཞིག་ཀྱང་ཡིན་ཟེར་ན་ཆོག དེ་མིན་༧རྒྱལ་བ་སྐུ་ཕྲེང་བ་བཅོ་ལྔ་དེ་རྒྱ་ནག་སྲིད་གཞུང་གི་ལག་ཆར་གྱུར་སྲིད་ པ་ཡིན་ལ། ༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་དེ་རྒྱ་བོད་གཉིས་ཀྱི་རྩོད་གཞི་དང་། བོད་མི་རིགས་ལོ་རྒྱུས་ཀྱི་ནང་གི་༧རྒྱལ་བ་སྐུ་ཕྲེང་མཐའ་མ་དེ་ཆགས་སྲིད་པ་ཡིན།


གཅིག་ བྱས་ན། འདི་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་དུ་འདོད་མཁན་གྱི་བོད་རིགས་སྤུན་ཟླ་དག་གིས་ ༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་དེ་བྱོན་མིན་དང་དེ་ཡི་ཐད་དུ་བསམ་བློ་གཏོང་འདོད་ མེད་སྲིད་ཀྱང་། རྒྱ་ནག་སྲིད་གཞུང་གིས་དུས་ནམ་ཡང་དེ་ལྟར་བསམ་མེད་པ་དང་། ཁོ་ཚོས་བོད་མིའི་སྙིང་ལ་ལག་གཉོབ་བྱེད་དགོས་པ་ཡིན་ན། ཆོས་ལུགས་ཀྱི་དབུ་ཁྲིད་དག་ལ་བཅིངས་པའི་དད་མོས་དང་བརྩི་བཀུར་མེད་ཐབས་བྱེད་ དགོས་པ་དེ་ཡིན་པ་ཤེས་ཡོད་སྟབས། པན་ཆེན་བླ་མ་གཉིས་བཟོས་པ་དེ་ཡང་ཁོང་ཚོས་ཆོས་ལུགས་དང་ཆོས་ལུགས་མི་སྣ་ལ་བརྩི་ བཀུར་བྱས་པ་ཞིག་གཏན་ནས་མིན་པ་ཐུགས་སུ་བཟུང་དེ། ད་ལྟ་ང་ཚོས་༧གོང་ས་མཆོག་གི་ཡང་སྲིད་ཐ་མ་དེ་ཆགས་སྲིད་མིན་ཐད་དུ་འགན་ཞིག་ལེན་ རན་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༧ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༢༢ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 5

  1. loedoe says:
    ལོ་ 16 སྔོན།

    ༄༅།།དྲ་གྲོགས་ལགས་ཚིག་འདི་མཐོང་ན་ངོ་མ་སེམས་མི་སྐྱིད་གི
    བོད་གངས་ཅན་པའི་ཆེད་དུ་བསམ་བཞིན་སྐྱེས་པ་བཞེས་པའི་འཕགས་མཆོག་ཕྱག་ན་པདྨོ་
    བོད་གངས་ཅན་པའི་མིག་དང་སྙིང་ཡིན་པས་དུས་ནམ་ཡང་བོད་གངས་ཅན་པའི་སེམས་ཁམས་ནས་ཡལ་མི་སྲིད།སྤྱིར་བོད་པའི་རྒྱལ་བོ་དང་དཔོན་པོ་བྱེད་དགོས་པའི་ངེས་པ་མེད་ན་འང་དེང་གི་དུས་འདིར་བོད་གངས་ཅན་ལ་ངེས་པར་མཁོ་བ་ནི་འདི་དང་འདི་ལྟ་བའི་བླ་མ་ཡིན
    རྒྱ་ནག་གི་བྱེད་ཐབས་ལ་བསམ་བློ་བཏང་ན་དུས་ནམ་ཡང་བོད་རིག་འདི་རྒྱ་མི་རིགས་ཀྱི་བྲན་གཡོག་ཁོ་ན་བྱེད་དགོས

    Reply
  2. nyimatashi says:
    ལོ་ 16 སྔོན།

    གྲོགས་པོ་སྐུུ་ཁམ་གསལ། ང་ནི་བོད་ཡིག་ཤེས་ཙམ་ལས་གཞན་གང་ཡང་མི་ཤེས་པའི་གྱི་ན་བ་ཞིག་ཡིན།
    ཁྱོད་ཀྱི་ཟུན་བྲིས་ལ་དཔྱད་ན་ཁྱེད་རང་བོད་ལ་དུང་བ་ཆེས་ཆེ་བས་སྙོན་པར་
    གྱུར་ཡོད་པ་འདྲ།

    Reply
  3. chokri nyima says:
    ལོ་ 16 སྔོན།

    བློ་བཟང་གི་སྒྲུང་མཇུག་རྫོགས་ཚར་བ་རེད་དམ་ལགས།
    ཡང་བསྐྱར་ཡོད་དམ།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། སྔ་མོ་ནས་ངས་ཀྱང་ཐེངས་དུ་མར་གླེང་མྱོང་། དེ་ཙམ་གྱིས་ཐག་གཅོད་མེད། ད་དུང་མུ་མཐུད་གླེང་དགོས། གླེང་དགོས་པ་དེ་ནི་བོད་མི་རིགས་ཀྱི་འདི་ཕྱིའི་སྐྱབས་གནས་དང་ཚེ་འདིའི་ལམ་སྟོན་དུ་ཁས་ཆེས་པ་ཞིག་གི་སྐོར་ཡིན།

    ང་ཚོས་ཅི་ནས་ཀྱང་གླེང་དགོས། དད་པ་དང་དམ་ཚིག་གཙང་མ་ཡོད་མཁན་དག་གིས་ཅི་ནས་ཀྱང་གླེང་དགོས། གནས་ལུགས་དང་རྒྱུ་མཚན་ལ་འགྲོག་ནས་གླེང་དགོས། གླེང་རོགས་ཞུ། རང་རང་གི་གཙོ་བའི་ཁོར་ཡུག་གི་བོད་མི་དད་ལྡན་ཚོར་གླེང་དགོས། ཁོང་ཚོས་སྐད་ཆ་ལ་ཉོན། ཁོང་ཚོ་ལ་གྲོས་མོལ་བྱོས།

    Reply
  5. chentsasopa says:
    ལོ་ 16 སྔོན།

    འདིའི་སྐོར་ང་ཚོའི་དྲ་ཐོག་ནས་ཀྱང་སྔོན་མ་ནས་གླེང་མྱོང་ལ། ད་དུང་མ་འདས་སྤྲུལ་སྐུལ་ཡང་གླེང་མྱོང་བ་རེད། ལྷག་པར་དུ་༸གོང་ས་མཆོག་སྐུ་དངོས་ནས་ཀྱང་”སྐུ་ཕྲེང་བཅོ་ལྔ་བ་དེ་བུ་མོ་ཞིག་ཀྱང་ཡིན་སྲིད་པ་དང་། རང་དབང་ལུང་པ་ཞིག་ལ་སྐྱེ་གི་རེད་”སོགས་འཛམ་གླིང་གང་སར་གསུངས་མྱོང་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese