མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་སྐུལ་བར་ཁ་གཏད་གཅོག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇཊ་ལྷན་ཁང་དང་ཨ་རིས། ཨི་རག་དང་སི་རི་ཡའི་དྲག་སྤྱོད་པས་མི་རིགས་དང་ཆོས་ལུགས་མི་གཅིག་པ་ཚོ་གང་བྱུང་དམར་གསོད་གཏོང་གི་ཡོད་པར་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲཊ་འདུག

ཟླ་འདིའི་ཚེས་ ༧ ཉིན་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) གིས་ཨི་རག་གི་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པ་སྡོད་ཡུལ་གྲོང་ཁྱེར་ཆེ་ཤོས་ཁཱ་ར་ཁེའུ་ཤི་(Qaraqosh) ནང་གློ་བུར་འཇབ་རྒོལ་བཙན་བཟུང་བྱས་ཏེ་ཉེས་མེད་མི་སེར་མང་པོ་དམར་གསོད་དང་། མི་འབུམ་གཉིས་ལྷག་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་སྟབས། ཁ་སང་ཧྥ་རན་སི་གཞུང་གིས་རེ་སྐུལ་ཞུས་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་ཁག་གིས་བཞུགས་མོལ་ཚོགས་འདུ་ཚོགས་ཏེ། དྲག་སྤྱོད་ཤོག་ཁག་གིས་ཨི་རག་ནང་ཉེས་མེད་མི་སེར་མང་པོ་དམར་གསོ་གཏོང་གི་ཡོད་པའི་ནག་ཉེས་གསོག་གི་ཡོད་པ་དེར་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་འདུག

འདིའི་ཐད་ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་ལཱོ་རན་ (Laurent Fabius) ལགས་ཀྱིས། “སུ་ནེ་དྲག་སྤྱོད་ཤོག་ཁག་གིས་ཨི་རག་གི་གྲངས་ཉུང་མི་རིགས་ཐོག་དྲག་སྤྱོད་སྤེལ་བཞིན་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་ཨི་རག་གཞུང་ལ་རྒྱབ་སྐྱོར་གྱིས་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་བཅག་སྟེ་མང་ཚོགས་བདེ་ལ་འགོད་ཐུབ་བྱེད་དགོས” ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཚོགས་མིའི་རྒྱལ་ཁབ་དབྱིན་ཡུལ་གྱི་སྐུ་ཚབ་མག་ (Mark Lyall Grant )གིས་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང་། “ཉེ་ལམ་སུ་ནེ་དྲག་སྤྱོད་རིང་ལུགས་པས་ཨི་རག་དང་སི་རི་ཡ་ཙམ་མངའ་ཁུལ་བརྟན་ལྷིང་ལ་གཏོར་བརླག་གཏོང་གི་ཡོད་པ་མ་ཟད། མི་རིགས་དང་ཆོས་ལུགས་གཅིག་པ་མིན་པའི་གྲངས་ཉུང་མི་རིགས་ཁག་གི་མི་སེར་མང་པོ་བསད་པ་དང་མང་པོ་ཞིག་རྒྱལ་ཁབ་གཞན་ནང་ཉེན་ཡོལ་འགྲོ་དགོས་ཐུག་པ་སོགས་འགྲོ་བ་མིའི་རིགས་ལ་གཏོར་རྒོལ་ཚབས་ཆེན་གཏོང་གི་ཡོད་སྟབས། དེའི་མཇུག་འབྲས་གང་ཡོང་གི་འགན་འཁྲི་ཡོངས་རྫོགས་དྲག་སྤྱོད་ཤོག་ཁག་གིས་འཁུར་དགོས” ཞེས་བརྗོད་འདུག

༢༠༠༦ ལོར་ཨི་རག་ནང་ཟིང་འཁྲུག་ལངས་པ་ནས་བཟུང་ད་བར་སུ་ནེ་དྲག་སྤྱོད་རིང་ལུགས་པས་མི་སེར་ ༢༦༩༧༤༨ ལྷག་དམར་གསོད་དང་། ཡུལ་མི་འབུམ་ལྔ་ ༥༠༠༠༠༠ ཙམ་སྐྱབས་བཅོལ་འགྲོ་དགོས་བཟོས་ཡོད་ཅིང་། དེ་དག་ལས་ ༢༠༡༢ ལོ་ནས་ ༢༠༡༣ ལོའི་བར་མི་སེར་ ༡༢༦༨༧ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་། ཟླ་ ༦ ཚེས་ ༡༠ ཉིན་ཨི་རག་དྲག་སྤྱོད་ཤོག་ཁག་གིས་གྲོང་ཁྱེར་བྷ་ཁེའུ་བྷ་ (Baqubah) ནང་འབར་གས་དོན་རྐྱེན་བཟོས་ཏེ། དགེ་རྒན་ཆེན་མོ་བ་གཅིག་ཐེ་བའི་མི་ ༢༠ ཙམ་བསད་པ་མ་ཟད། དྲག་སྤྱོད་པ་ ༡༣༠༠ ཙམ་གྱིས་ཨི་རག་ནཱི་ནེ་ཝེ་མངའ་སྡེའི་མཱོ་སོལ་ ( Mosul) གྲོང་ཁྱེར་ནང་འཇབ་རྒོལ་བྱས་ཏེ། མངའ་སྡེའི་གཞུང་ལས་ཁང་དང་བརྙན་འཕྲིན་ལས་ཁུངས། དངུལ་ཁང་བཅས་བཙན་འཕྲོག བཙོན་པ་ ༢༤༠༠ ལྷག་བཙན་འཕྲོག་ཀློད་གྲོལ་བཏང་ཡོད།

མདང་དགོང་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨི་རག་གཞུང་གིས་འབོད་སྐུལ་ཞུས་པ་ལྟར། ཨི་རག་གི་ཡཱ་ཛི་ཌི་སི་ (Yazidis) དང་སེན་ཇར་ (Sinjar) རི་ཁྲོད་གཉིས་སུ་འཇིགས་སྐུལ་རིང་ལུགས་པའི་ཉེན་ཁ་ལས་གཡོལ་ཆེད་ཉེན་ཡོལ་དུ་སྡོད་མཁན་ཨི་རག་ཡུལ་མི་ཚོར་མཁའ་དམག་གནམ་གྲུ་བརྒྱུད་འཐུང་ཆུ་སྤྱི་རྒྱ་ ༢༠༠༦༣ དང་། ཁ་ཟས་འཐུམ་སྒྲིལ་ ༧༢ ཙམ་གཡུག་ཡོད་པ་མ་ཟད། ད་དུང་མུ་མཐུད་འཇིགས་སྐུལ་རིང་ལུགས་པས་ཨི་རག་གི་ནུབ་བརྒྱུད་གྲོང་ཁྱེར་ཨེར་བྷེལ་ (Irbil) དང་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་ཚོང་དོན་སྐུ་ཚབ་ཁང་གཙོས། གྲོང་ཁྱེར་ཆེ་ཆུང་བཙན་འཕྲོག་དང་མང་ཚོགས་ཚོར་བཤུ་གཞོག་བཏང་ཚེ། མཁའ་དམག་བཏང་ནས་ཚར་གཅོད་བྱ་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་འདུག

༢༠༡༡ ལོར་ཨ་རིའི་དམག་དཔུང་ཨི་རག་ནས་ཕྱིར་ལོག་རྗེས་གཞུང་འཛིན་ཚོགས་པ་དང་ཀར་ཌི་ཤི་མི་ རིགས་ (khurdish) བར་འཐབ་རྩོད་དང་། ཤཱཡེ་ ( Shia) དང་སུ་ནེ་ ( Sunni) ཆོས་ལུགས་རྗེས་འབྲང་པའི་འགལ་ཟླ་ཇེ་ཆེར་ཕྱིན་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟ་ཨི་རག་ནང་འཇིགས་སྐུལ་རིང་ལུགས་པས་ཡུལ་བདེ་ཞི་འཇགས་མེད་པ་བཟོས་ཏེ། ཉེས་མེད་མང་ཚོགས་མང་པོ་གསོད་བཞིན་ཡོད་སྟབས། གལ་ཏེ་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་བྱ་སྤྱོད་དེ་དག་འཕྲལ་དུ་མཚམས་འཇོག་བྱེད་བཅུག་མ་ཐུབ་ཚེ། ཨི་རག་གཞུང་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༥ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༦ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese