མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙུན་མ་ ༢༦ ཕྱིར་འཕུད་བཏང་།

བོད་ཀྱི་དུས་བབ།
༢༠༡༤/༡༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ནག་ཤོད་འབྲི་རུ་བྱ་མདའ་དགོན་པའི་བཙུན་མ་ ༢༦ ཙམ་ལ་རྒྱ་གཞུང་གི་ཆོག་མཆན་མེད་པའི་མིང་ཐོག་ནས་ཕྱིར་འཕུད་བཏང་ཡོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་བོད་ནས་མིང་བརྗོད་འདོད་མེད་པ་ཞིག་གིས་དྷ་སར་གནས་སྡོད་ངག་དབང་ཐར་པ་ལགས་སུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ནག་ཤོད་འབྲི་རུ་རྫོང་བན་དཀར་(པད་དཀར་)ཡུལ་ཚོ། བྱ་མདའ་དཔལ་ལྡན་མཁའ་སྤྱོད་གླིང་བཙུན་དགོན་དུ། རྒྱ་གཞུང་གི་ཆོག་མཆན་ཡོད་པའི་བཙུན་མ་ ༡༤༠ ཡོད་ཀྱང་། ཆོག་མཆན་མ་རག་པའི་བཙུན་མ་མང་པོ་ཞིག་གིས་དགོན་དེར་སློབ་གཉེར་བྱེད་ཀྱིན་ཡོད་སྟབས། རྒྱུན་དུ་རྒྱ་གཞུང་གི་ལས་དོན་རུ་ཁག་ཡོང་སྐབས་ཐོ་དེབ་ནང་མ་འཁོད་པའི་བཙུན་མ་དེ་དག་རི་མགོ་སོགས་ལ་གབ་དགོས་པའི་གནས་སྟངས་བྱུང་འདུག

ད་ལོའི་ཕྱི་ཟླ་ ༩ ནས་བཟུང་ལས་དོན་རུ་ཁག་ཆེས་མང་པོ་དགོན་དུ་ཡོང་ནས། ༧གོང་ས་མཆོག་ལ་མཚན་སྨད་བྱེད་དགོས་པའི་བཙན་བཀའ་བཏང་ཡང་། བཙུན་མ་དེ་དག་གི་ཁ་གཅིག་གྲག་གིས་ཁས་ལེན་མ་བྱས་སྟབས། བཅའ་སྡོད་ལས་བྱེད་དེ་ཚོས་ཞིབ་བཤེར་བྱས་ཏེ་ཐོ་དེབ་ནང་མ་མཁོད་པའི་བཙུན་མ་ ༢༦ ཙམ་ཕྱིར་འཕུད་བཏང་འདུག བཙུན་མ་ཁག་གཅིག་ཆགས་ས་བརྟེན་ས་མེད་པ་ཆགས་ཏེ་ངུ་བཞིན་ཡོད་པའི་གནས་ཚུལ་ཡང་འདུག

བྱ་མདའ་དགོན་པ་ནི་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པའི་བཙུན་མའི་དགོན་སྡེ་ཞིག་ཡིན་པ་དང་། འཛིན་རིམ་དགུ་པ་བར་དུ་སློབ་སྦྱོང་བྱེད་ཆོག རྒྱུན་དུ་བན་དཀར་ཡུལ་ཚོའི་བཙུན་མ་དང་། ཉེ་འཁོར་གྱི་རྒྱལ་སྟོན། ཁྲི་རྡོ། ནགས་ཤོད། སོག་རྫོང་བཅས་ཀྱི་བཙུན་མ་མང་པོ་སློབ་གཉེར་བྱེད་བཞིན་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་གང་ས་ནས་བཙུན་མ་མང་པོ་སློབ་གཉེར་བྱེད་དུ་བསླེབས་ཡོད་འདུག

བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་ནི། ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་སྲས་དྲུང་ཆེན་བསོད་ནམས་དོན་གྲུབ་ཀྱིས་ ༡༤༨༨ ལོར་ཕྱག་བཏབ། ཐོག་མར་བཀའ་བརྒྱུད་པའི་དགོན་པ་ཡིན་པ་དང་། ཕྱིས་སུ་སྟག་ཕུ་མཐུ་ཆེན་བློ་བཟང་འཇམ་དཔལ་གྱིས་དགེ་ལྡན་པའི་དགོན་པར་བསྒྱུར་ཡོད་འདུག རིག་གསར་སྐབས་བོད་སྤྱིའི་དགོན་སྡེ་ལྟར་གོད་ཆག་བྱུང་རྗེས་ ༡༩༨༤ ལོ་ཙམ་ནས་བཙུན་མ་ཆོས་འཛོམས་ཀྱིས་གཙོས་བཙུན་མ་དག་གི་ཉམས་གསོ་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese