མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་འདིས་རྒྱ་ནག་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་འགལ་བ་ཕྱིར་བསྟན།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་གི་གསར་འགོད་པ་ཞིག་གིས་མཁའ་རླུང་འབག་བཙོག་སྐོར་གྱི་དངོས་བྱུང་གློག་བརྙན་ ༼ གུར་ཁང་འོག ༽ཅེས་པ་ཞིག་བཟོས་ཏེ་ཁྱབ་བསྒྲགས་བྱས་པ་དེར་རྒྱ་ནག་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་བསྔགས་བརྗོད་བྱས་ཡོད་ཀྱང་ཉིན་གཅིག་གི་རྗེས་སུ་རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་གིས་གློག་བརྙན་དེ་བཀག་སྡོམ་བྱས་ཡོད་འདུག

ཟླ་སྔོན་མའི་ཚེས་ ༢༨ཉིན་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གསར་འགོད་པ་ཟུར་བ་ཁྲའེ་ཅིན་ (Chai Jing) གྱིས་རྒྱ་ནག་གི་མཁའ་དབུགས་འབག་བཙོག་སྐོར་གྱི་དངོས་བྱུང་གློག་བརྙན་ ༼ གུར་ཁང་འོག༽ཅེས་པ་ཞིག་བཟོས་ཏེ་དྲ་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་ཆུ་ཚོད་ ༢༤ ནང་ལྟ་ཀློག་བྱེད་མཁན་ས་ཡ་ ༡༠༠ ལྷག་བྱུང་ཡོད་པ་དང་། ཟླ་འདིའི་ཚེས་ ༡ ཉིན་གྱི་ཞོགས་པར། རྒྱ་ནག་དབུས་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་གསར་པ་ཁྲིན་ཅི་ནེན་ (Chen Jining)༼ ཁྲིན་ཅི་ནེན་ནི་ཟླ་སྔོན་མའི་ཚེས་ ༢༧ ཉིན་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས། ༽གྱིས་ཁྲའེ་ཅིན་སྒེར་གྱིས་འགྲོ་སོང་བཏང་སྟེ་རྒྱ་ནག་གི་ཁོར་ཡུག་འབག་བཙོག་སྐོར་ལ་གློག་བརྙ་བཟོས་ཏེ། བཙོག་རླུང་གིས་མིའི་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་པའི་སྐོར་རྒྱ་ནག་མི་དམངས་ལ་ར་སྤྲོད་བྱས་པར་ཐུགས་རྗེ་ཆེ། ཞེས་བརྗོད་ཡོད་འདུག

འོན་ཀྱང་ཉིན་དེའི་ཕྱི་དྲོར་རྒྱ་གཞུང་དབུས་དྲིལ་བསྒྲགས་ལྷན་ཁང་གིས་དངོས་བྱུང་གློག་བརྙན་དེ་དང་དེའི་སྐོར་གྱི་དཔྱད་བརྗོད་ཡོངས་རྫོགས་ཆུ་ཚོད་ ༢༡ ནང་ཚུད་དུ་བརྒྱུད་ལམ་ཁག་ནས་ནག་གསུབ་གཏོང་དགོས་པའི་བཀའ་ཕབ་པ་ལྟར། དེ་འབྲེལ་གྱི་གནས་ཚུལ་ཁག་རྒྱ་ནག་ནང་ཁུལ་གྱི་བརྒྱུད་ལམ་ཁག་ཏུ་བཀག་བསྡོམས་བྱས་ཡོད་འདུག ཧོང་ཀོང་གི་གསར་འགོད་པ་ཞིག་གིས་བརྗོད་པ་ལྟར་ན། རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་དེ་སྔོན་ནས་གློག་བརྙན་དེའི་སྐོར་འགོད་སྤེལ་མི་ཆོག་པའི་བཀའ་བཏང་ཡོད་ཚུལ་བརྗོད་འདུག

ཟླ་འདི་ཚེས་ ༤ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་། ཁྲའེ་ཅིན་གྱིས་གློག་བརྙན་དེ་ཐོག་མར་དྲ་ཐོག་ཏུ་བཞག་སྐབས། རྒྱ་ནག་གཞུང་འབྲེལ་ “མི་མང་དྲ་བ་” དང་ “ཞིན་ཧྭ་དྲ་བ་”གཉིས་ཀྱིས་བསྔགས་བརྗོད་བྱས་ཡོད་པ་མ་ཟད། ཁྲའེ་ཅིན་ནི་སྤྱི་ཚོགས་ནང་གི་མི་འཇོན་ཐང་ཆེ་ཤོས་གྲས་ཤིག་ཡིན་ཚུལ་བརྗོད་ཡོད་ཀྱང་། ཉིན་གཉིས་རྗེས་གློག་བརྙན་དེ་བཀག་འགོག་བྱས་པ་དེ་བརྒྱུད་ནས་སྲིད་གཞུང་ནང་ཁུལ་གྱི་མཐོ་རིམ་དཔོན་རིགས་བར་གྱི་ཛ་དྲག་གི་འགལ་བ་དེ་རྟོགས་ཐུབ་ཚུལ་བརྗོད་འདུག དེ་བཞིན། རྒྱ་རིགས་ཆབ་སྲིད་དཔྱད་བརྗོད་པ་ཀྲའོ་ཕེའི་ཐའོ་(Zhao Peitou)ཡིས་ཀྱང་། ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གི་འགན་འཛིན་ཁྲིན་ཅི་ནེན་གྱིས་ཁྲའེ་ཅིན་ལ་བཀའ་དྲིན་ཆེ་ཞུས་ཡོད་པ་དེས། ཞི་ཅིན་ཕིན་ཕྱོགས་ནས་ཁྲའེ་ཅིན་ལ་རྒྱབ་སྐྱོབ་ཡོད་པ་མཚོན་ཐུབ་ཀྱང་། རྗེས་སུ་དྲིལ་བསྒྲགས་ལྷན་ཁང་གིས་བཀག་འགོག་བྱས་པ་དེས། རྒྱ་ནག་དབུས་གཞུང་ནང་ཁུལ་དུ་སྲིད་བྱུས་ཐག་གཅོད་ཐོག་འགལ་བ་བྱུང་ཡོད་པ་གསལ་བོར་མངོན་ཡོད་པ་དང་། འདིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་བར་འགལ་བ་ཛ་དྲག་ཡོད་པའང་བསྟན་ཡོད། ཅེས་བརྗོད་འདུག

བརྒྱུད་ལམ་དཔྱད་ཞིབ་པ་མིན་ཅེད་ (Meng Jie) ཀྱིས། དྲིལ་བསྒྲགས་ལྷན་ཁང་གིས་མངོན་གསལ་ངང་ཞི་ཅིན་ཕིན་གྱི་འདོད་ཚུལ་ལ་ངོ་རྒོལ་བྱས་ཡོད་པ་རེད། བརྒྱུད་རིམ་འདི་དག་གི་རྒྱབ་དུ་རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུ་ལི་ཡོན་ཧྲན་(Liu Yunshan)གྱི་སྟངས་འཛིན་ཡོད་པ་དང་། ད་དུང་ཁོས་ཞི་ཅིན་ཕིན་ལ་མངོན་གསལ་གྱིས་འགྲན་རྒོལ་བྱེད་ཀྱིན་ཡོད་པའང་མཚོན་ཐུབ། ཅང་ཙེ་མིན་དང་ཀྲུའུ་ཡོན་ཁང་གི་ཁོངས་གཏོགས་སུ་ཡོད་པའི་ལི་ཡོན་ཧྲན་གྱིས་དངངས་སྐྲག་འོག་ད་རེབ་ཀྱི་གནས་ཚུལ་དེར་ལག་པ་འཆིང་དོན། གློག་བརྙན་དེ་བརྒྱུད་ནས་རྒྱ་ནག་གཞུང་གི་མེ་མདའི་གློག་འོད་དམར་ཐིག་དེ་རྒྱ་ནག་རྡོ་སྣུམ་བཟོ་གྲྭའི་ལྐོག་ཟ་རུལ་སུངས་སྟེང་ལ་ཁ་གཏད་ཡོད་པ་དང་། ལི་ཡོན་ཧྲན་གྱིས་ཉེན་ཁར་མ་འཛེམ་པར་གློག་འོད་དམར་ཐིག་དེ་མེད་པ་བཟོ་ཐབས་བྱེད་ཀྱིན་ཡོད་པ་མཚོན་ཐུབ། ཅེས་བརྗོད་འདུག

གཟའ་པ་སངས་ཉིན་ཨ་རིའི་རླུང་འཕྲིན་རྒྱ་ཡིག་དྲ་བའི་སྟེང་། རྒྱ་ནག་ཁོར་ཡུག་ཉམས་ཞིབ་གླེང་སྟེགས(Wilson American Institute of China Environment Forum)ཞེས་པའི་འགན་འཛིན་ལྕམ་ཇལ་ནེ་ཧྥའི་ཁྲོ་ནའི་ (Jenniffer Turner)ཡིས། “ང་དང་ངའི་ཉམས་ཞིབ་ལས་རོགས་ཚོར་མཚོན་ན། ཁྲའེ་ཅིན་གྱི་གློག་བརྙན་ནང་དུ་གནས་ཚུལ་གསར་པ་གང་ཡང་མི་འདུག འོན་ཀྱང་གློག་བརྙན་དེས་རྒྱ་ནག་གི་ཁ་རླུང་འབག་བཙོག་གི་ཉེན་ཁ་གསལ་བོར་བསྟན་ཡོད་པ་དང་། གློག་བརྙན་བཟོ་སྟངས་གང་འཚམས་ཡག་པོ་ཡོད་པ། རྒྱ་ནག་གི་མི་མང་པོ་ཞིག་ལ་ཁོར་ཡུག་གི་རྒྱུན་ཤེས་ཧ་ཅང་ཞན་པ་བཅས་ལ་བརྟེན་ཏེ། ཁྲའེ་ཅིན་གྱི་དངོས་བྱུང་གློག་བརྙན་དེས་གནད་དོན་མང་པོ་ཞིག་ཕྱི་ལོགས་སུ་སྟོན་ཐུབ་པ་བྱུང་སྟེ། གནས་ཚུལ་འདི་རྒྱལ་ཡོངས་ནང་གླེང་གཞི་ཆེན་པོ་ཆགས་པ་རེད།” ཅེས་བརྗོད་འདུག

མོས་མུ་མཐུད་དུ། རྒྱ་ནག་གི་དྲ་དམངས་ཚོས་ཁ་རླུང་འབག་བཙོག་ཞེས་པ་འདི་མཐོང་ཡོད་ཀྱང་། ཁོ་ཚོས་བཙོག་རླུང་ཇི་ལྟར་བྱུང་བ་དང་དེས་མིའི་བདེ་ཐང་ལ་གནོད་སྐྱོན་ག་རེ་བཟོ་བཞིན་ཡོད་མེད་གསལ་བོ་མི་ཤེས། འོན་ཀྱང་། ཁྲའེ་ཅིན་གྱིས་རབ་གཏོགས་རི་མོའི་ (cartoon)ལམ་ནས་(PM 2.5)ཡིས་མིའི་རིགས་ཀྱི་དབུགས་འབྱིན་རྔུབ་ལ་གནོད་སྐྱོན་བྱུང་སྟངས་གསལ་བོ་བསྟན་ཡོད་པ་མ་ཟད། མང་ཚོགས་ལ་བཙོག་རླུང་ལ་ཉེན་ཁའི་འདུ་ཤེས་མཐོ་རུ་བཏང་ཡོད་པ་རེད། ཅེས་བརྗོད་འདུག

ཁྲའེ་ཅིན་གྱི་དངོས་བྱུང་གློག་བརྙན་དེའི་ནང་དོན་གཙོ་བོ་མང་ཚོགས་ལ་བཙོག་རླུང་ནི་ཅི་ཞིག་ཡིན་པ་དང་། གང་ནས་ཇི་ལྟར་བྱུང་བ། གནད་དོན་དེར་ང་ཚོས་ག་རེ་བྱེད་དགོས་པ་བཅས་ཀྱི་དོན་གསུམ་གླེང་ཡོད་པ་དང་། ཞོར་དུ་སྲིད་གཞུང་གིས་འཐུས་ཤོར་དང་། རྒྱལ་ཁབ་ནང་གི་སྒེར་སྤྱོད་ཁེ་ལས་རིགས་ཀྱི་གནད་དོན་ཐག་གཅོད་བྱ་དགོས་པ་སོགས་བསྟན་ཡོད་པ་རེད།

 

 

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 1

  1. བསོད་འོད says:
    ལོ་ 11 སྔོན།

    དངོས་གནས་གློག་བརྙན་དེ་ཡག་པོ་བཟོས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese