མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨབ་གྷན་གསང་བའི་ལས་ཁུངས་མགོ་བས་དགོངས་པ་ཞུས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༡
Share on FacebookShare on TwitterShare on EmailShare on Whatsapp

 

 

ཨབ་གྷན་གསང་བའི་ལས་ཁུངས་ཀྱི་མགོ་གཙོ་དང་ཨབ་གྷན་སྲིད་འཛིན་བར་པ་ཀི་སི་ཐན་དང་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་ལ་སྲིད་བྱུས་འཛིན་སྟངས་ཐོག་མ་འཆམ་པ་བྱུང་སྟེ་གསང་བའི་ལས་ཁུངས་མགོ་གཙོས་ལས་གནས་ནས་དགོངས་པ་ཞུས་ཡོད་འདུག

 

1ཁ་སང་ཨབ་གྷན་གསང་བའི་ལས་ཁུངས་ཀྱི་མགོ་གཙོ་རམཱ་དྷུ་ལཱ་ཎཱ་བྷེལ་ (Rahmatullah Nabil) ཡིས། སྲིད་འཛིན་ཨཱ་ཤཱ་རབ་གྷཱ་ཎེ་ (Ashraf Ghani)ལ་དགོངས་ཤོག་ཕུལ་ཏེ་ལས་གནས་ནས་དགོངས་པ་ཞུས་ཡོད་ཅིང་། དེ་ནི་ཁོང་དང་སྲིད་འཛིན་ཨཱ་ཤཱ་རབ་གྷཱ་ཎེ་བར་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་དང་པ་ཀི་སི་ཐན་ལ་སྲིད་བྱུས་འཛིན་ཕྱོགས་བཅས་ཀྱི་ཐོག་ལྟ་བ་མ་མཐུན་པའི་དབང་གིས་དགོངས་པ་ཞུས་པ་ཞིག་ཡིན་འདུག

 

ཨེ་ཤ་ཡའི་དུས་བབ་སྟེང་རམཱ་དྷུ་ལཱ་ཎཱ་བྷེལ་ཡིས། ཉེ་ལམ་གཞུང་དང་གསང་བའི་ལས་ཁུངས་བར་སྲིད་བྱུས་ཁག་ཅིག་ཐོག་ལྟ་ཚུལ་མ་མཐུན་པ་བྱུང་སྟེ། ཕན་ཚུན་སྐྱོན་འཚང་སྔོག་རེས་བྱས་རྗེས་སྲིད་འཛིན་མཆོག་གིས་ངོས་ཀྱི་ལས་ཀར་ཚོད་འཛིན་བྱས་ཏེ་གནོན་ཤུགས་སྤྲོད་བཞིན་ཡོད་སྟབས། ངས་ལས་གནས་ནས་དགོངས་པ་མི་ཞུ་ཐབས་མེད་ཆགས་སོང་། ཞེས་བརྗོད་ཡོད་འདུག དེ་བཞིན། སྲིད་འཛིན་ཨཱ་ཤཱ་རབ་གྷཱ་ཎེ་ཡིས་ཀྱང་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ད་ལྟ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་ཡོད་སྟབས། ད་ལན་རམཱ་དྷུ་ལཱ་ཎཱ་བྷེལ་ཡིས་ལས་གནས་ནས་དགོངས་པ་མ་ཞུས་ན་ཡག་པོ་ཡོད་ཀྱང་ཁོང་གི་ཐག་གཅོད་ལ་ངས་གུས་བརྩི་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

 

སྲིད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིར་ཨབ་གྷན་གསང་བའི་ལས་ཁུངས་ཀྱི་མགོ་གཙོ་དང་སྲིད་འཛིན་གཉིས་མ་འཆམ་པའི་རྒྱུ་རྐྱེན་གཙོ་བོ། ཨབ་གྷན་སྲིད་འཛིན་གྱིས་དེ་སྔོན་ནས་པ་ཀི་སི་ཐན་གཞུང་དང་འབྲེལ་བ་བྱེད་ཕྱོགས་དང་། ལྷག་པར་དུ་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་ལ་བཟུང་བའི་ལངས་ཕྱོགས་བརྟན་པོ་མེད་པ་བཅས་ལ་བརྟེན་ཏེ། ཨབ་གྷན་གསང་བའི་ལས་ཁུངས་ཀྱི་མགོ་གཙོ་རམཱ་དྷུ་ལཱ་ཎཱ་བྷེལ་གྱིས་དགོངས་པ་ཞུས་པར་ངོས་འཛིན་བྱས་འདུག

 

དེ་རིང་རྒྱ་གར་དུས་བབ་དང་ཧིན་རྡུ་སི་ཐན་དུས་བབ་ཀྱིས། ཕྱི་ལོ་ ༢༠༡༥ ལོའི་ ༩ པའི་ནང་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཨབ་གྷན་ཀུན་དྷ་ཛེ་གྲོང་ཁྱེར་ (Kunduz city) བཟུང་ཡོད་པ་མ་ཟད། ཉིན་ཤས་གོང་ཀུན་དྷ་ཧར་གནམ་ཐང་(Kandahar airport) ལ་འཇབ་རྒོལ་བྱས་ནས་མི་ ༥༠ ལྷག་བསད་ཡོད་སྟབས། ཨབ་གྷན་གསང་བའི་ལས་ཁུངས་ཀྱི་མགོ་གཙོ་རམཱ་དྷུ་ལཱ་ཎཱ་བྷེལ་དང་སྲིད་འཛིན་ཨཱ་ཤཱ་རབ་གྷཱ་ཎེ་བར་ཚིག་རྩོད་ཤོར་ཏེ། རམཱ་དྷུ་ལཱ་ཎཱ་བྷེལ་ཡིས་ལས་གནས་ནས་དགོངས་ཞུ་བྱས་པ་དེས། ད་ལྟ་ཨབ་གྷན་གྱི་མགོ་ཁྲིད་ནང་ཁུལ་ལྟ་ཕྱོགས་མཐུན་གྱི་མེད་པ་གསལ་པོར་རྟོགས་ཐུབ། ཅེས་བཀོད་འདུག

 

ལོ་ཤས་གོང་ནས་བཟུང་ཨ་རི་དང་ནུབ་བྱང་དམག་ཁུལ་གྱི་དམག་དཔུང་མང་ཆེ་བ་ཨབ་གྷན་ནས་ཕྱིར་འཐེན་བྱས་ཡོད་སྟབས། ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གི་སྟོབས་ཤུགས་ཆེ་རུ་ཕྱིན་ཏེ། ཨབ་གྷན་གྱི་ས་ཁུལ་མང་དག་ཅིག་ནང་འཇབ་རྒོལ་བྱས་ཏེ། ༢༠༡༤ ལོའི་མཇུག་ནས་ད་བར་ཉེན་རྟོག་པ་དང་དམག་མི། ཡུལ་མི་བཅས་ཁྱོན་མི་གྲངས་ ༡༥༠༠ ལྷག་བསད་ཡོད་སྟབས། ད་ལྟ་ཨབ་གྷན་མང་ཚོགས་ཀྱིས་གཞུང་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད།

 

ཉིན་ཤས་གོང་པ་ཀི་སི་ཐན་གྱི་རྒྱལ་སར་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་བར་ཞི་བདེའི་ལྷན་ཚོགས་བསྡུས་པའི་སྟེང་། ཨེ་ཤ་ཡའི་མངའ་ཁུལ་ནང་བརྟན་ལྷིང་ཡོང་རྒྱུར་རྒྱལ་ཁབ་ཚང་མས་ནུས་ཤུགས་འདོན་རྒྱུར་གྲོས་འཆམ་བྱུང་ཡོད་པ་མ་ཟད། ཨབ་གྷན་སྲིད་འཛིན་དང་པ་ཀི་སི་ཐན་སྲིད་བློན་ཐུག་འཕྲད་བྱས་ཏེ་ཐུན་མོང་ཐོག་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་ལ་རྒོལ་རྡུང་གཏོང་རྒྱུ་བྱས་ཡོད་ཀྱང་། ཨབ་གྷན་གྱི་ཕྱོགས་འགལ་ཚོགས་པ་དང་ཤེས་ཡོན་ཅན་མང་པོ་ཞིག་གིས་པ་ཀི་སི་ཐན་གཞུང་གིས་ཁ་ཞེ་གཉིས་མེད་ཐོག་དྲག་སྤྱོད་པ་དང་འཐབ་རྒོལ་བྱེད་མིན་ལ་དོགས་པ་ཡོད་སྐོར་སྐྱོན་བརྗོད་བྱེད་བཞིན་ཡོད།

 

ནེའུ་ཡོག་དུས་བབ་དང་གྷབ་གསར་འཕྲིན་གྱིས་གནས་ཚུལ་སྤེལ་བའི་ནང་། ཨབ་གྷན་སྲིད་འཛིན་གྱི་ངོ་དེབ་བརྒྱུད་རམཱ་དྷུ་ལཱ་ཎཱ་བྷེལ་ཡིས་ལས་གནས་ནས་དགོངས་པ་ཞུས་པ་གསལ་བསྒྲགས་བྱས་ཡོད་སྟབས། དྲ་དམངས་མང་པོ་ཞིག་གིས་ཨབ་གྷན་གཞུང་ལ་སྐྱོན་བརྗོད་ཀྱི་མཆན་མང་པོ་སྤེལ་ཡོད་པ་མ་ཟད། འགའ་ཞིག་གིས། “སྲིད་འཛིན་ངོ་ཚ་དགོས་པ་རེད། རམཱ་དྷུ་ལཱ་ཎཱ་བྷེལ་གྱིས་ཏ་ལི་བྷན་དང་པ་ཀི་སི་ཐན་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་ཁོས་དགོངས་པ་ཞུ་དགོས་ཆགས་པ་རེད་དམ” ཞེས་སོགས་བརྗོད་ཡོད་པ་དང་། རམཱ་དྷུ་ལཱ་ཎཱ་བྷེལ་གྱིས་ཀྱང་ “ཉེ་ལམ་པ་ཀི་སི་ཐན་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་ཨབ་གྷན་ནི་པ་ཀི་སི་ཐན་གྱི་དགྲ་བོ་རེད་ཅེས་བརྗོད་མ་ཐག ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ཀྱང་ཁོའི་སྐད་ཆར་ཡིད་ཆེས་བྱས་ཏེ་ཀུན་དྷ་ཧར་གནམ་ཐང་ལ་འཇབ་རྒོལ་བྱས་ཏེ་མི་མང་པོ་བསད་པ་མ་ཟད། ཁ་ཤས་ཀྱི་མགོ་གཅོད་འབྲེག་བྱས་ཏེ་ས་ཆ་ཡོངས་རྫོགས་ཁྲག་གིས་ཁེངས་པ་བཟོས་པ་དེ་དང་། ཉེ་ལམ་ང་ཚོའི་མགོ་ཁྲིད་ཀྱིས་གོམ་པ་རྒྱག་སའི་པ་ཀི་སི་ཐན་གྱི་ས་གདན་དམར་པོ་(red carpet) གཉིས་ཀྱི་ཁ་དོག་གཅིག་པ་རེད།” ཅེས་བརྗོད་ཡོད་འདུག

 

ཨབ་གྷན་གྱི་དམག་དོན་ཆེད་མཁས་པ་མེར་ཛཱ་ཡཱར་མཱན་ཌི་ (Mirza Mohammad Yarmand) ཡིས། རམཱ་དྷུ་ལཱ་ཎཱ་བྷེལ་ཡིས་ལས་གནས་དགོངས་ཞུ་བྱས་པ་དེས། སྲིད་འཛིན་ཨཱ་ཤཱ་རབ་གྷཱ་ཎེས་པ་ཀི་སི་ཐན་ལ་འཛིན་པའི་སྲིད་བྱུས་ལ་ནོར་འཁྲུལ་ཤོར་གྱི་ཡོད་པ་གསལ་སྟོན་བྱས་པ་རེད། ཅེས་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese