མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་ནས་སློབ་སྦྱོང་འཐོན་རྗེས་ཕྱིར་དྷ་སར་ཕེབས་ཤོག་ཨཱ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

ཨ་རིའི་སློབ་ཡོན་ཁོངས་ཕྱི་ལོ་ ༡༩༨༨ ནས་ ༢༠༡༥ ལོའི་བར་སློབ་མ་ ༤༢༤ བྱུང་ཡོད་ཁོངས་ནས་སློབ་མ་ ༣༤༤ ཕྱིར་ལོག་དང་སློབ་མ་ ༨༠ ཕྱིར་ལོག་མི་འདུག

 

DSC_9101འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཕྱི་ལོ་ ༡༩༨༨ ལོར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་བོད་ཀྱི་ཐེབས་རྩ་བརྒྱུད་དེ། ཨ་རིའི་གཞུང་གིས་སློབ་ཡོན་ལས་འཆར་མགོ་འཛུགས་གནང་སྟེ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་འོག ཕྱི་ལོ་ ༢༠༡༠ ལོར་སློབ་ཕྲུག་ ༣༦༤  ལ་སློབ་ཡོན་ཕུལ་ཡོད་བའི་ཁྲོད་ནས་སློབ་ཟུར་ ༡༢༥ ཙམ་གྱིས་ད་ལྟ་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་ཕྱག་ལས་གནང་བཞིན་ཡོད་པ་དང་། སློབ་ཟུར་ ༡༤༠ ཙམ་གྱིས་ལོ་འགའ་རེར་ལས་ཀ་བྱས་རྗེས་ཕྱི་རྒྱལ་དུ་ཕྱིན་ཡོད་འདུག སློབ་ཕྲུག་ ༧༤ ཙམ་ཕྱིར་ལོག་བྱས་མི་འདུག ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ ལོའི་བར་སློབ་མ་ ༤༤ ཨ་རིར་བསྐྱོད་ཁོངས་ནས་སློབ་མ་ ༦ ཕྱིར་ལོག་བྱས་མི་འདུག

 

འདི་གའི་གསར་འགོད་པས་ཤེས་རིག་ལས་ཁུངས་སློབ་ཡོན་ཚན་པའི་དྲུང་གཞོན་སྐལ་བཟང་རིན་ཆེན་ལགས་སུ། འདི་ལོར་སློབ་ཡོན་ཁོངས་ཡིག་རྒྱུགས་གཏོང་མཁན་ག་ཚོད་བྱུང་བ་དང་། འདེམས་སྒྲུག་བྱས་ཟིན་པ་དག་ག་དུས་ཨ་རིར་གཏོང་འཆར་ཡོད་པ་དྲིས་པར་ཁོང་གིས།  ད་ལོ་སྙན་ཞུ་རྒྱག་མཁན་ ༡༠༢ བྱུང་ཡོད་ཁོངས་ནས་ཆ་རྐྱེན་མ་ཚང་བ་ ༤ དང་། ཡིག་རྒྱུགས་གཏོང་བར་མ་སླེབ་མཁན་ ༡༦ བྱུང་བ་ཕུད་པའི་གཞན་མི་ ༨༢ ཀྱིས་ཡིག་རྒྱུགས་བཏང་སྟེ། དེ་དག་ཁྲོད་ནས་མི་ ༦༢ ལ་ངག་རྒྱུགས་བླངས་རྗེས། མཐའ་མ་སློབ་མ་ ༡༥ བདམས་ནས་(TOEFL) གི་ཡིག་རྒྱུགས་ནང་ཞུགས་བཅུག་སྟེ། སྐར་གྲངས་མཐོ་ཤོས་ལེན་མཁན་གྱི་སློབ་མ་ ༦ བདམས་ཟིན་ནས་ལོ་རྗེས་མའི་ཕྱི་ཟླ་ ༨ པའི་ནང་ཨ་རིར་གཏོང་རྒྱུ་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

 

ཨ་རིར་ཕྱིར་སྐྱོད་བྱེད་མཁན་གྱི་སློབ་མ་ཚོར་སློབ་ཡོན་ག་ཚོད་གནང་གི་ཡོད་མེད་དྲིས་པར། ད་ལྟ་ངས་སློབ་མ་ཚོའི་མཐོ་སློབ་ཀྱི་སློབ་ཡོན་ག་ཚོད་ཡིན་མིན་ཏག་ཏག་ཅིག་ལབ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། མཐོ་སློབ་མི་འདྲ་བར་སློབ་ཡོན་མི་འདྲ་སྤྲོད་དགོས་ཀྱི་ཡོད་སྟབས། སློབ་ཡོན་ཏག་ཏག་ཅིག་ལབ་ཐུབ་ཀྱི་མི་འདུག ཡིན་ནའང་། ད་ལྟའི་ལས་གཞི་འདི་ལོ་གཉིས་ཆགས་ཀྱི་ཡོད་སྟབས། ཁོ་ཚོ་ཨ་རིར་བསླེབ་མ་ཐག་ལས་གཞི་འདིའི་འགན་ཁུར་བ་ཨ་རིའི་བོད་ཀྱི་ཐེབས་རྩས་སློབ་མ་ཚོར་ལག་ཁྱེར་གློག་ཀླད་ཉོ་ཆེད་ཨ་སྒོར་ ༧༢༥ དང་། རྒྱུན་གྲོན་ཆེད་ཨ་སྒོར་ ༣༥༠ གནང་གི་ཡོད་པ་རེད། དེ་དང་མཉམ་དུ་སློབ་ཐུན་རེར་ཨ་སྒོར་ ༥༠༠ རེ་དང་། ལོ་གཉིས་ལ་ཨ་སྒོར་ ༢༠༠༠ གནང་གི་ཡོད་པ་མ་ཟད། ཟླ་ ༢༡ རིང་འགྲོ་གྲོན་ཆེད་ཟླ་རེར་ཨ་སྒོར་ ༣༥༠ དང་། ཟས་དོད་ཆེད་ཟླ་རེར་ཨ་སྒོར་ ༣༠༠ རེ་གནང་གི་ཡོད་པ་རེད། དེ་བཞིན། ལྡི་ལི་ནས་ཨ་རི་བར་གྱི་ཕར་ཚུར་གྱི་གནམ་གྲུའི་འགྲོ་གྲོན་ཆ་ཚང་གནང་གི་ཡོད་པ་མ་ཟད། སློབ་སྦྱོང་གི་དུས་ཡུན་རིང་སློབ་སྦྱོང་གི་ཉམས་མྱོང་གསོག་ཆེད་ཨ་རིའི་ས་ཁུལ་དང་མཐོ་སློབ་ཁག་ཏུ་འགྲོ་དགོས་བྱུང་ཚེ་འགྲོ་གྲོན་གྱི་འཛིན་གཞིར་བཟུང་དོད་གནང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

ཨ་རིའི་སློབ་ཡོན་ཁོངས་ཞུགས་པར་ཆ་རྐྱེན་གང་དག་ཚང་དགོས་མེད་དྲིས་པར་ཁོང་གིས། སློབ་ཡོན་འདི་ཨ་རིའི་གཞུང་གིས་འགྲོ་སོང་བཏང་བའི་ཐོག་ནས་བྱུང་བ་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད། སློབ་ཡོན་འདིའི་ཁོངས་བཞུགས་པར་འཛིན་རིམ་བཅུ་གཉིས་ཐོན་རྗེས་རྒྱ་གར་དབུས་གཞུང་གིས་ངོས་འཛིན་ཡོད་པའི་མཐོ་སློབ་ཞིག་ནས་ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པའི་སྒང་ལ་ད་དུང་ལོ་གཅིག་རིང་སློབ་སྦྱོང་བྱས་པའི་ལག་འཁྱེར་དགོས་པ་རེད། དེ་དང་མཉམ་དུ་སྐྱབས་བཅོལ་ལག་དེབ་དང་དེབ་ལྗང་ཁུའི་ངོ་བཤུས་དང་། ཆང་ས་བརྒྱབ་ཚར་ཡོད་ན་བཟའ་ཟླའི་སྐྱབས་བཅོལ་ལག་དེབ་དང་དེབ་ལྗང་ཁུའི་ངོ་བཤུས། གལ་སྲིད་ཆང་ས་བརྒྱབ་མེད་ཚེ་ཕ་མའི་སྐྱབས་བཅོལ་ལག་དེབ་དང་དེབ་ལྗང་ཁུའི་ངོ་བཤུས་བཅས་དགོས་པ་རེད། འདི་དང་མཉམ་དུ་ང་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་གྲོས་བསྡུར་བྱས་ཏེ། ང་ཚོའི་སྤྱི་ཚོགས་ནང་སློབ་ཚན་གང་དག་ཐོག་སློབ་སྦྱོང་བྱས་ན་རན་པ་འདུག་བལྟས་ཡོད་སྟབས། དོ་བདག་འཛུལ་བཞུགས་པ་ཚོས་དེ་དག་ཁྲོད་ནས་སོ་སོའི་སློབ་ཚན་འདེམས་དགོས་པ་རེད། དབྱིན་ཡིག་ཐོག་འགེངས་ཤོག་ཅིག་བསྐངས་ཏེ་སོ་སོའི་ངོ་སྤྲོད་མདོར་བསྡུས་དང་། ག་རེ་བྱས་ནས་ཨ་རིར་འགྲོ་ཡི་ཡོད་མེད་སྐོར་གྱི་རྩོམ་ཐུང་ཤོག་ངོས་གཅིག་ལྷག་ཅིག་བྲིས་ནས་སྙན་ཞུ་དང་མཉམ་སྦྱར་སྤྲོད་དགོས་པ་རེད། དེའི་རྗེས་ང་ཚོས་ཡིག་ཆ་ཁག་ལ་ཞིབ་འཇུག་བྱས་ཏེ། འོས་ཆོས་ཚང་བ་ཚོར་ཉིན་ ༡༤ ནང་ཚུད་ལ་ཡིག་རྒྱུགས་གཏོང་བར་ཡོང་དགོས་པའི་བརྡ་ཐོ་གཏོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

DSC02533ཁོང་གིས་མུ་མཐུད་དུ། སྔོན་མ་ཡིན་ན་ང་ཚོར་སྙན་ཞུ་མང་པོ་འབྱོར་གྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། ཆ་རྐྱེན་གཅིག་སྟེ་དབྱིན་ཡིག་གི་གནས་ཚད་གང་འདྲ་ཡོད་མེད་ཀྱི་ཡིག་རྒྱུགས་ (TOEFL) གཏོང་དགོས་པ་མ་ཟད། ཡིག་རྒྱུགས་དེའི་ཕོགས་བསྡོམས་སྐར་གྲངས་ ༡༢༠ ནས་ཉུང་མཐར་སྐར་གྲངས་ ༩༠ ཡན་ལོན་དགོས་སྟབས ༢༠༡༢ ལོའི་སྔོན་ལ་སློབ་ཡོན་འདིར་སྙན་ཞུ་རྒྱག་མཁན་ ༢༠ ཙམ་ལས་བྱུང་ཡོད་པ་མ་རེད། ༢༠༡༣ ལོ་ནས་ང་ཚོས་(TOEFL) ཀྱི་སྐར་གྲངས་སྔོན་འགྲོའི་ཆ་རྐྱེན་ཁོངས་མ་བཞག་པར་ཚོད་ལྟ་ཅིག་བྱས་སྐབས། སྙན་ཞུ་རྒྱག་མཁན་མི་ ༩༠ ལྷག་དང་། ཕྱི་ལོ་ ༢༠༡༤ ལོར་ ༡༠༠ ལྷག་བྱུང་ཡོད་སྟབས། ང་ཚོས་སྙན་ཞུ་རྒྱག་མཁན་ཆ་རྐྱེན་གྱི་ཡིག་ཆ་ཁག་ལ་ཞིབ་འཇུག་བྱས་རྗེས། འོས་ཆོས་ཚང་མཁན་ཚོར་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཡིག་རྒྱུགས་བཏང་སྟེ་བརྒྱ་ཆ་ ༥༠ ནས་ཉུང་མཐར་བརྒྱ་ཆ་ ༡༧ ལོན་དགོས་པ་བཟོས་ཡོད་པ་རེད། སྐར་གྲངས་ལོན་མཁན་ཚོར་ཞིབ་འཇུག་ཚོགས་ཆུང་གིས་སྐར་གྲངས་དེའི་ཐོག་དོ་བདག་སོ་སོའི་འཛིན་རིམ་བཅུ་གཉིས་དང་ཉེ་བའི་གཙུག་ལག་རབ་འབྱམས་ཀྱི་སྐར་གྲངས་བཅས་བསྡོམས་ཏེ། ཆ་སྙོམ་སྐར་གྲངས་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ཡན་ལོན་མཁན་ཚོར་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་གཉིས་དང་བོད་རིགས་གཉིས་བཅས་མི་བཞིས་ངག་རྒྱུགས་བླངས་ཏེ་མི་ ༡༥ རྩེ་བཏོག་གིས་ (TOEFL) གི་ཡིག་རྒྱུགས་ནང་ཞུགས་དགོས་ཀྱི་ཡོད་པ་མ་ཟད། ཡིག་རྒྱུགས་འདིའི་ནང་ཉུང་མཐར་ ༡༢༠ ནས་ ༩༠ ལོན་དགོས་ཀྱི་ཡོད་པ་རེད། དེའི་རྗེས་གོང་གསལ་སྐར་གྲངས་ཆ་ཚང་བསྡོམས་ནས་བརྒྱ་ཆ་རྩེ་གཏོག་གིས་ས་མིག་ལྟར་འདེམས་སྒྲུག་གནང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

སྔོན་མ་སློབ་ཡོན་འདིའི་ཁོངས་སྒྲིག་ཞུགས་ (Degree ) དང་སྒྲིག་ཞུགས་མ་ཡིན་པ་(Non-Degree)ཟེར་བའི་རིགས་གཉིས་ལ་སློབ་ཡོན་གནང་གི་ཡོད་ཀྱང་། ད་ལྟའི་ཆར་སྒྲིག་ཞུགས་མ་ཡིན་པ་ཟེར་བ་དེ་མེད་པ་བཟོ་དོན་གང་ཡིན་དྲིས་པར། སྔོན་མ་ཨ་རིའི་སློབ་ཡོན་ལས་གཞི་འདིའི་འོག་སྒྲིག་ཞུགས་དང་སྒྲིག་ཞུགས་མིན་པའི་ཁོངས་སློབ་མ་ ༡༥ ནས་ ༢༠ བར་འདེམས་སྒྲུག་བྱས་ཏེ་སློབ་ཡོན་སྤྲོད་སྲོལ་ཡོད་ཀྱང་། ༢༠༡༡ ལོར་ཨ་རིའི་དཔལ་འབྱོར་ཉམས་གུད་བྱུང་བར་བརྟེན་ཏེ། ཕར་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ལ་སྒྲིག་ཞུགས་ཁོངས་སློབ་ཡོན་སྤྲོད་ཐུབ་པ་ཡིན་ན། བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཡོང་ས་རེད་ཅེས་བསམ་འཆར་ཕུལ་ཡོད་སྟབས། ད་ལྟ་སྒྲིག་ཞུགས་མ་ཡིན་པའི་སློབ་ཡོན་དེ་མེད་པ་ཆགས་ནས་ལོ་གཉིས་རེའི་སྒྲིག་ཞུགས་ཀྱི་སློབ་ཡོན་འདི་འགྲོ་བསྡད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

 

མཇུག་ཏུ་ཨ་རིའི་སློབ་ཡོན་ཁོངས་ནས་ཕྱིར་ལོག་མ་བྱས་པ་ཚོར་ཤེས་རིག་ལས་ཁུངས་ཀྱིས་ཆད་པ་གང་འདྲ་ལག་བསྟར་བྱེད་ཀྱི་ཡོད་མེད་དྲིས་པར། ང་ཚོས་ཨ་རིར་སྐྱོད་མཁན་ཚོར་སློབ་ཡོན་འདི་ནི་རིག་གཞུང་བརྗེ་ལེན་གྱི་སློབ་ཡོན་ཞིག་ཆགས་ཀྱི་ཡོད་སྟབས། ཕྱིར་མ་ལོག་ཚེ་ཁྲིམས་འགལ་ཆགས་ཀྱི་ཡོད་པ་མ་ཟད། ཁོ་ཚོ་མ་འཐོན་སྔོན་ལ་ཨ་རིའི་མི་སྣ་ཆེད་འབོད་བྱས་ཏེ་གལ་སྲིད་ཕྱིར་མ་ལོག་ན་མ་འོངས་པའི་བོད་ཕྲུག་ཚོའི་མདུན་ལམ་ལའང་གནོད་ཀྱི་ཡོད་པའི་ལམ་སྟོན་བྱེད་ཀྱི་ཡོད་པ་རེད། ད་ལྟ་ང་ཚོས་ཕྱིར་ལོག་མ་བྱེད་མཁན་ཚོར་དེབ་སེར་པོ་དང་ལྗང་ཁུའི་རྒྱབ་གཉེར་མ་སྤྲད་པ་དང་སྦྲགས། གན་ཡིག་གི་འབྲུ་དོན་ལྟར་ལག་བསྟར་བྱེད་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༡༢ ལོར་སློབ་མ་ ༧༥ དང་། ༢༠༡༣ ལོར་སློབ་མ་ ༨༥ ཕྱིར་ལོག་བྱས་ཡོད་པ་མ་ཟད་ ༢༠༡༥ ལོར་སློབ་མ་ཆ་ཚང་ཕྱིར་ལོག་ཡོད་པ་རེད། ཅེས་བརྗོད་བྱུང་།

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 3

  1. འགྱུར་མེད། says:
    ལོ་ 10 སྔོན།

    སྤུན་ཟླ་བོད་རིགས་གཞོན་སྐྱེས་ཚོ། རང་དགོས་ཤེས་བྱའི་གནས་ལ་འབད་འབུངས་དགོས་པ་གལ་ཆེ་མ་ཟད། བོད་ཀྱི་གཞིས་བྱེས་གཉིས་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཁོར་ཡུག་ཕུན་སུམ་ཇི་ཚོགས་སུ་གཏོང་དགོས་པ་གལ་འགངས་ཆེན་པོ་རེད་འདུག་སྙམ། རང་རེའི་བཙན་བྱོལ་སྤྱི་ཚོགས་ལྟ་བུ་མཚོན་ན། གཞོན་སྐྱེས་མང་པོས་ཕྱིའི་དངོས་ཟོག་ཐན་ཐུན་རེར་མགོ་བོ་འཁོར་ནས་རང་དགོས་ཤེས་བྱའི་གནས་ལ་འཐུས་ཤོར་ཆེན་པོ་གཏོང་གི་ཡོད་བཟོ་འདུག་པས། ཀུན་ཀྱིས་གཟབ་ནན་བྱས་ནས་ཤེས་ཡོན་ལ་འབད་འབུངས་དགོས་པའི་སློབ་གསོ་གང་མང་དམངས་ཁྲོད་ལ་སྤེལ་དགོས་པ་མཐོང་།

    Reply
  2. རང་དབང་། says:
    ལོ་ 10 སྔོན།

    གཉེན་སྒྲིག་མེད་པ་དང་ཕ་མ་བོད་དུ་ཡོད་པས་སྐྱོན་མེད། གཙོ་བོ་གང་ཟག་གི་སློབ་སྦྱོང་དང་དཔྱ་ཁྲལ་སོགས་ཀྱི་ཆ་རྐྱེན་འགྲིག་ཚེ་ཡིག་རྒྱུགས་བཏང་སྟེ་ཡིག་རྒྱུགས་ཚད་རིམ་ཞིག་འཕྲོད་ཚེ་སློབ་ཡོན་རག་གི་རེད།

    Reply
  3. མྱི་རྐྱང་སྨྱོན་པ says:
    ལོ་ 10 སྔོན།

    གལ་སྲིད་ད་དུང་གཉེན་སྒྲིག་མ་བྱས་ཤིང་། ཕ་མ་བོད་ལ་ཡོད་མཁན་ཞིག་ཡིན་ན་ཨ་རིའི་སློབ་ཡོན་ཁོངས་ཞུགས་པར་ཆ་རྐྱེན་མ་ཚང་བར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese