མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཡུལ་དུ་ཏོག་དབྱིབས་ནད་འབུ་གསར་པ་ཞིག་ཁྱབ་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་ནང་རྣམ་པ་མི་འདྲ་བའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུ་ཞིག་ངོས་འཛིན་བྱུང་སྟེ་ཁ་སང་ཕྱི་ཚེས་ ༢༡ ཉིན་བར་དུ་རྒྱ་གར་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་ ༤༠ ལྷག་གིས་དབྱིན་ཡུལ་དང་རྒྱལ་མཚམས་བཀག་ཡོད་འདུགའདས་པའི་བདུན་ཕྲག་གཅིག་གི་རིང་དབྱིན་ཡུལ་ནང་གི་ཉིན་རེའི་ཏོག་དབྱིབས་ནད་པའི་གྲངས་འབོར་ལྡབ་གཅིག་ཙམ་ཡར་འཕར་ཏེ། ཁ་སང་ཕྱི་ཚེས་ ༢༡ ཉིན་དབྱིན་ཡུལ་ནང་ནད་པ་གྲངས་ ༣༣༣༦༤ དང་ནད་པ་གྲངས་ ༢༡༥ རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། བདུན་གཅིག་རིང་གི་ནད་པའི་བརྒྱ་ཆའི་ ༦༠ རྣམ་པ་གསར་པའི་ཏོག་དབྱིབས་འབུ་ཕྲ་དེ་ཡིན་འདུག དེར་བརྟེན་ཉེ་ལམ་ནས་དབྱིན་ཇི་གཞུང་གིས་ས་གནས་ཁག་ཏུ་བཀག་སྡོམ་ཤུགས་ཆེ་རུ་བཏང་སྟེ། ནང་ཁུལ་གྱི་འགྲོ་སྐྱོད་ཉུང་དུ་བཏང་ཡོད་པ་མ་ཟད། ཉེ་ལམ་ནས་དབྱིན་ཇི་གཞུང་གིས་ཏོག་དབྱིབས་སྨན་ཁབ་ Pfizer ཛ་དྲག་གིས་བེད་སྤྱོད་བྱས་ཏེ་མི་གྲངས་འབུམ་ ༥ ལྷག་ལ་བརྒྱབ་ཟིན་ནའང་།   ཁ་སང་དབྱིན་ཡུལ་གྱི་སྲིད་བློན་བྷོ་རི་སི་ཇོན་སོན་ (Boris Johonson) མཆོག་གིས། ད་ལྟ་དབྱིན་ཡུལ་ནང་ཏོག་དབྱིབས་གཉན་རིམས་སྟངས་འཛིན་མ་ཐུབ་པའི་གནས་སྟངས་ཤིག་གི་འོག་ཏུ་ཡོད་སྐོར་གསུངས་འདུག

རྣམ་པ་གསར་པའི་ནད་འབུ་དེ་དང་འབྲེལ་ནས་དབྱིན་ཡུལ་གྱི་ལོན་ཊོན་གཙུག་ལག་སློབ་གྲྭའི་ (Imperial College London) ཀྱི་གཉན་རིམས་འབུ་ཕྲའི་ཉམས་ཞིབ་པ་ཨེ་རིག་ཝོལ་ཛི་ (Erik Volz) ལགས་ཀྱིས། ང་ཚོས་དེའི་ཐོག་ལ་བསྡོམས་ཚིག་བརྒྱབ་རྒྱུ་ད་དུང་སྔ་དྲགས་ཡོད་ནའང་། ད་ལྟའི་རྣམ་པ་གསར་པའི་ནད་འབུ་དེ་ནི་ཧ་ཅང་མགྱོགས་པོ་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པ་དང་། ནད་འབུ་སྔོན་མ་དང་བསྡུར་ན་རྒྱ་ཁྱབ་ཏུ་འགྲོ་བའི་མྱུར་ཚད་མགྱོགས་སྟབས། ནད་འབུ་དེའི་ཐོག་དོ་སྣང་དམིགས་བསལ་ཞིག་སྤྲོད་དགོས་སྐོར་བརྗོད་འདུག

ཡང་། རྒྱལ་སྤྱིའི་འབུ་ཕྲའི་འཕེལ་རིམ་ཉམས་ཞིབ་ཁང་ (Nextstrain) གི་གནས་ཚུལ་ལྟར་ན། ཨོ་གླིང་དང་ཌན་མག་གཉིས་ཀྱི་ནང་དུའང་ནད་འབུ་དེ་ཡོད་པའི་ནད་པ་ངོས་འཛིན་བྱུང་ཡོད་པ་དང་། དེ་ནི་དབྱིན་ཡུལ་ནས་སླེབས་པ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག་ནའང་། ནད་འབུ་དེ་ནད་འབུ་སྔོན་མ་དང་བསྡུར་ན་ཉེན་ཁ་ཆེ་བ་ཡོད་པ་དང་། ད་ལྟ་བཟོས་ཟིན་པའི་སྨན་ཁབ་དག་གིས་བཅོས་མི་ཐུབ་པ་སོགས་ཀྱི་ཐད་ད་དུང་ཚན་རིག་རང་བཞིན་གྱི་ཐག་གཅོད་གསལ་པོ་ཞིག་བྱུང་མེད་འདུག འོན་ཀྱང་ཁྱབ་ཚད་མྱུར་བའི་སྟབས་ཀྱིས་མ་འོངས་པར་ནད་པའི་གྲངས་འབོར་མང་པོ་བྱུང་ཚེ་སྨན་ཁང་ཁག་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

སི་ཁོ་ཊི་ལན་ཌིའི་གཙུག་ལག་སློབ་གྲྭའི་ (University of Glasgow)  དགེ་རྒན་ཆེན་མོ་ཊ་ཝེ་ཌི་རོ་བྷར་སོན་ (David Robertson)  གྱིས་བརྗོད་པ་ལྟར་ན། ཏོག་དབྱིབས་གཉན་རིམས་ཀྱི་ནད་འབུའི་རང་བཞིན་ནམ་རྣམ་པ་འགྱུར་བཞིན་ཡོད་པ་དང་། མ་འོངས་པར་ད་ལྟའི་སྨན་ཁབ་ཁག་གིས་ནུས་པ་འདོན་མི་ཐུབ་ཞིག་འབྱུང་སྲིད་པ་མ་ཟད། མ་འོངས་པར་ནད་འབུ་དེའི་འགྱུར་འགྲོས་དང་བསྟུན་ནས་སྨན་ཁབ་ཁག་ཀྱང་ཡང་ཡང་གསར་བརྗེ་བྱེད་དགོས་ནའང་། ད་ལྟ་སྨན་ཁབ་བཟོས་ཟིན་ཡོད་སྟབས། ནད་འབུའི་རྣམ་པ་གསར་པ་དང་བསྟུན་ནས་སྨན་ཁབ་བཟོ་རྒྱུར་དཀའ་ངལ་དེ་ཙམ་མེད་པ་ཞིག་ཡིན་འདུག

བྷི་བྷི་སི་གསར་ཁང་གིས་བཀོད་པ་ལྟར་ན། དབྱིན་ཡུལ་ནང་ནད་འབུ་དེ་འདི་ལོའི་ཕྱི་ཟླ་ ༩ ནང་ཙམ་ལ་བྱུང་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་ནང་ཏོག་དབྱིབས་ནད་པའི་གྲངས་ཀྱི་བཞི་ཆའི་གཅིག་ལ་ནད་འབུ་དེ་ཡོད་པ། དེ་བཞིན་ཕྱི་ཟླ་ ༡༢ ནང་ཏོག་དབྱིབས་ནད་པའི་སུམ་ཆའི་གཅིག་ལ་ནད་འབུ་དེ་ཡོད་སྐོར་བཀོད་འདུག

མི་འགྱངས་བར་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་སླེབས་ལ་ཉེ་བ་དང་། ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གི་ནང་ཏོག་དབྱིབས་ཀྱི་ནད་པ་མང་དུ་འགྲོ་བཞིན་པའི་སྐབས་འདིར། ཨེ་ཊ་ལེའི་ (Italy) དང་འཇར་མན། ནེའུ་ཌར་ལན་ཌིའི་ (Netherlands) སོགས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་འགྲུལ་བཞུད་ཀྱི་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཚོང་ཁང་ཟ་ཁང་ཁག་སྔར་རྒྱུན་ལྟར་སྒོ་འབྱེད་མི་ཆོག་པ་བཟོས་ཡོད་པ་རེད།ཏོག་དབྱིབས་སྨན་ཁབ་དང་འབྲེལ་ནས་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལྟ་འཛམ་གླིང་ནང་སྨན་ཁབ་མང་པོ་ཡོད་དང་། དེ་དག་གི་ཁྲོད་ནས་གྲགས་ཆེ་བ་ Moderna དང་ astra Zeneca། Pfizer,  BioNTech སོགས་ཡོད་ནའང་། རྒྱ་གར་ནང་ Astra Zeneca དང་ Oxford གཉིས་ཀྱིས་མཉམ་འབྲེལ་གྱིས་བཟོས་ཤིང་། པུ་ནེ་ (Pune) གྲོང་ཁྱེར་ནང་བཟོ་བཞིན་པའི་སྨན་ཁབ་ (Covishield) ཟེར་བ་དེ་འཚམ་ཤོས་ཡིན་པ་དང་། སྤྱིར་རྒྱ་གར་གྱིས་སྨན་ཁབ་ས་ཡ་གཅིག་གཉིས་ཤིག་སྔོན་ཚུད་ནས་བཟོས་ཏེ་ཛ་དྲག་གི་སྐབས་སུ་བེད་སྤྱོད་བྱེད་འཆར་ཡོད་ནའང་ཡོངས་བསྒྲགས་བྱས་མེད་པ་དང་། རྒྱ་གར་གཞུང་གིས་སྨན་ཁབ་ (Covishield) ལ་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཉམས་ཞིབ་པ་ཚོས་ཀྱང་རྒྱ་གར་ནང་སྨན་ཁབ་སྔ་ཤོས་དེ་ (Covishield) ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ནའང་། གཞུང་འབྲེལ་གྱིས་སྨན་ཁབ་བེད་སྤྱོད་དུས་ནམ་ཞིག་ལ་བྱ་རྒྱུའི་ཐག་གཅོད་ད་དུང་གནང་མེད་སྐོར་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༣ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese