མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་པར་ཞེད་སྣང་མེད།

བོད་ཀྱི་དུས་བབ།
༢༠༢༡/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེར་གྷའེ་གྲོང་སྡེའི་སྤྱི་ཁྱབ་ཌེ་ནེག་རེ་བྷི་ལགས་ཀྱིས་བོད་དང་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་པར་ཞེད་སྣང་མེད་པ་དང་རྒྱ་ནག་གིས་ཅེག་གཞུང་ལ་འཇིགས་སྐུལ་བྱེད་བཞིན་པ་ནི་སྟོང་བསམ་ཡིན་སྐོར་བརྗོད་འདུག

རྒྱ་གར་ (Ani) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཕྱི་ཚེས་ ༡༠ ཉིན་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེར་གྷའོ་ (Prague) གྲོང་སྡེའི་སྤྱི་ཁྱབ་ཌེ་ནེག་རེ་བྷི་ (Zdenek Hrib) ལགས་ཀྱིས།  ཅེག་སྤྱི་མཐུན་རྒྱལ་ཁབ་ནས་བོད་དང་ཐའེ་ཝན་གཉིས་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྒྱབ་སྐྱོར་ཞུས་པར་རྒྱ་ནག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་པར་ཞེད་སྣང་མེད་པ་མ་ཟད། རྒྱ་ནག་གི་སྐད་ཆ་དེ་ནི་ཧ་ཅང་ཚོད་དཔག་ལས་བརྒལ་ཡོད་སྐོར་བརྗོད་འདུག

གྲོང་སྡེའི་སྤྱི་ཁྱབ་ཌེ་ནེག་རེ་བྷི་ལགས་ཀྱིས། རང་ཉིད་གྲོང་སྡེའི་སྤྱི་ཁྱབ་ཀྱི་མིང་ཐོག་ནས་ཐའེ་ཝན་ནང་བསྐྱོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གྲོང་ཁྱེར་པེར་གྷའོ་ཚོགས་ཁང་ (Prague City Hall) ནང་གདན་འདྲེན་ཞུས་ཏེ། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་རྒྱ་ནག་ལ་དགའ་ཞེན་ཅན་ཚོར་ཁོ་ཁྲོང་སློང་བར་ཞེད་སྣང་མེད་སྐོར་སོགས་བརྗོད་འདུག

གཞན་ཡང་ཁོང་གིས། ངས་བོད་དང་ཐའེ་ཝན་ལ་རྒྱབ་སྐྱོར་བྱས་པ་བརྒྱུད་ང་རང་སྒེར་ལ་གྱོང་གུད་གང་ཡང་ཐེབས་ཀྱི་མེད་པ་དང་། རྒྱ་ནག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་མ་འཛུགས་བྱ་རྒྱུའི་དམ་བཅའ་ཤོར་ཡོད་པ་བརྟེན་ནས་རྒྱ་ནག་ནི་བློས་འགེལ་མི་ཐུབ་པའི་ཚོང་རོགས་ཤིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ཐད་སྐད་ཆ་བཤད་རྒྱུ་ནི་དཔལ་འབྱོར་གྱི་ཁེ་ཕན་ལས་གལ་ཆེ་བ་ཡིན། ཞེས་བརྗོད་ཡོད་པ་དང་། འདས་ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐའེ་ཝན་ནང་སྐོར་སྐྱོད་བྱས་སྐབས། རྒྱ་ནག་གཞུང་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཚོང་འབྲེལ་ཐོག་ནས་འཁོན་ལན་སློག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

དེ་རྗེས་ཅེག་ངོས་ནས་ཐའེ་ཝན་དང་འབྲེལ་ལམ་ཤུགས་ཆེར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ལ་གྲུབ་འབྲས་ཡག་པོ་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཅེག་གཞུང་ནས་ཞིབ་འཇུག་བྱས་པ་བརྒྱུད་ཅེག་སྤྱི་མཐུན་གྱི་ཕྱུག་བདག་ཞིག་ལ་རྒྱ་ནག་གིས་མ་དངུལ་བཏང་སྟེ་ཚོང་སྒྱུར་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད་ལ། སྤྱི་ཁྱབ་ཌེ་ནེག་རེ་བྷི་ལགས་ཀྱིས། དོན་རྐྱེན་འདིས་མི་ཉུང་ཤས་ཤིག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སོགས་ཚོང་གི་ཁེ་ཕན་ཆེད་འཚོང་གི་ཡོད་པ་བསྟན་ཡོད། ཅེས་བརྗོད་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༦ ཉིན་གྲོང་ཁྱེར་པེར་གྷའོ་སྤྱི་ཁྱབ་ ཌེ་ནེག་རེ་བྷི་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གྲོང་ཁྱེར་དེའི་ཚོགས་ཁང་དུ་སྣེ་ལེན་ཞུས་ཏེ། བོད་མིའི་སུམ་བཅུའི་དུས་དྲན་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་གྲོང་ཁྱེར་གྱི་ཚོགས་ཁང་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། སྲིད་སྐྱོང་མཆོག་ལ་ཡིད་ཆེས་དང་གྲོགས་པོའི་མཛའ་བརྩེ་མཚོན་པའི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་གྲོང་ཁྱེར་པེར་གྷའོ་དང་རྒྱ་ནག་བར་གཅུང་མོའི་འབྲེལ་འདྲིས་གྲོས་མཐུན་བཞག་ཡོད་པ་དང་། གྲོས་མཐུན་ནང་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཐད་ནས་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་བརྩི་མཐོང་དང་འདྲ་མཉམ་མེད་སྟབས། ཕྱི་ལོ་ ༢༠༡༩ ལོར་ ཌེ་ནེག་རེ་བྷི་ལགས་ཀྱིས་ཅེག་དང་རྒྱ་ནག་བར་གྱི་གཅུང་མོའི་གྲོས་མཐུན་ཕྱིར་འཐེན་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༨ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese