མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸པཎ་ཆེན་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན་ཁོང་གང་དུ་བཞུགས་ཡོད་མེད་གསལ་པོ་བཟོ་དགོས་པའི་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༡/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་ལ། རྒྱ་ནག་གཞུང་གིས་ཁོང་དང་ནང་མི་བཅས་བཙན་འཛིན་བྱས་ཏེ་མི་ལོ་ཧྲིལ་པོ་ ༢༦ འདས་པའི་དེ་རིང་ད་དུང་ཡང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ཨ་རི་གཙོ་བོར་གྱུར་བའི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་མུ་མཐུད་རིན་པོ་ཆེ་མཆོག་གང་དུ་བཞུགས་ཡོད་མེད་གསལ་པོ་བཟོ་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ནེ་ཌི་ཕི་ར་སི་ (Ned Price) ལགས་ཀྱིས། རྒྱ་ནག་གཞུང་གིས་༧པཎ་ཆེན་མཆོག་གི་འཁྲུངས་སྐར་དང་བསྟུན་ཁོང་གང་དུ་ཡོད་མེད་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་པ་མ་ཟད། སྐུ་དངོས་སུ་མཇལ་འཕྲད་གནང་དུ་འཇུག་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་བླ་མ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ལ་སྲིད་གཞུང་གང་གིས་ཀྱང་ཐེ་གཏོགས་མི་བྱེད་པར་བོད་མི་རང་གི་དད་མོས་གཞིར་བཟུང་གནང་བར་རྒྱུར་བརྩི་བཀུར་གནང་གི་ཡོད་ལ། ཨ་རིའི་གཞུང་ནས་མུ་མཐུད་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག བོད་མིའི་ངོ་བོ་བཅས་རྒྱུན་འཛིན་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་༧པཎ་ཆེན་མཆོག་གི་འཁྲུངས་སྐར་དང་བསྟུན་འདི་གར་བསྒྲགས་གཏམ་དགོས་འདུན་དོན་ཚན་གཉིས་ཅན་ཞིག་མཁོ་གཏོང་གནང་བའི་ནང་། ༸པཎ་ཆེན་སྐུ་ཕྲེང་བཅུ་པར་དྲན་གསོ་བྱེད་པའི་དེ་རིང་གི་ཉིན་མོ་འདི་ནི་བཀྲིས་པའི་ཉིན་མོ་ཞིག་རེད་ལ་མྱ་ངན་བྱེད་དགོས་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད། ང་ཚོས་དེ་རིང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་ཁོང་བཙན་འཁྲིད་བྱས་ཏེ་མི་ལོ་ཧྲིལ་པོ་ ༢༦ འདས་ཟིན་པ་དང་། ཕྱི་ལོ་ ༡༩༩༥ ལོར་༸གོང་ས་མཆོག་ནས་སྐབས་དེར་དགུང་གྲངས་དྲུག་ལ་ཕེབས་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཡིན་པ་ངོས་འཛིན་གནང་རྗེས་། རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ནང་མི་ཡོངས་རྫོས་བཙན་འཁྲིད་བྱས་པ་མ་ཟད། སྐབས་དེའི་བཀྲིས་ལྷུན་པོ་དགོན་པའི་དབུ་འཛིན་བྱ་བྲལ་རིན་པོ་ཆེ་མཆོག་ཀྱང་མཉམ་དུ་འཇུ་བཟུང་བྱས་ཡོད། དེ་རིང་ཕྱི་ལོ་ ༢༠༢༡ ལོའི ཟླ་ ༤ ཚེས་ ༢༥ ཉིན་༧པཎ་ཆེན་རིན་པོ་ཆེ་མཆོག་གུང་གྲངས་ ༣༢ ལ་ཕེབས་ཀྱི་ཡོད་པ་དང། ཁོང་བཙན་འཁྲིད་བྱས་ཏེ་འདས་ཟིན་པའི་མི་ལོ་ ༢༦ གི་རིང་ལ་ང་ཚོས་སྔར་བཞིན་ཁོང་གི་སྐུའི་གནས་སྟངས་ཀྱི་སྐོར་ལ་ཤེས་རྟོགས་གང་ཡང་མེད་ཅིང་། བོད་མི་དང་བོད་དོན་རྒྱབ་བསྐྱོར་བ། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་རྒྱ་ནག་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མི་དམངས་དང་འབྲེལ་གཏུག་བྱེད་དུ་མི་འཇུག་པ་དེ་ནི་ཡོངས་སུ་ནོར་འཁྲུལ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་སྐུ་ན་ཕྲ་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་ནས་མྱུར་དུ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག

རྒྱ་ནག་གཞུང་གིས་ག་དུས་ཡིན་ཀྱང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནས་ཕྱི་རོལ་ཡུལ་གྱི་མི་སུ་གཅིག་དང་ཐུག་འཕྲད་བྱེད་འདོད་མེད་པར་གཅིག་པུར་བསྡད་འདོད་བྱེད་ཀྱི་ཡོད་ཅེས་ཁ་གཡར་གྱི་ཡོད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་དང་། ༸པཎ་ཆེན་རིན་པོ་ཆེ་མཆོག་ནི་༸གོང་ས་མཆོག་ཕུད་པའི་བླ་མ་མཐོ་ཤོས་ཨང་གཉིས་པ་དེ་ཡིན་པ་དང་། དུས་རབས་མང་པོའི་རིང་༸གོང་ས་མཆོག་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་པའི་ཐད་ཐུགས་འགན་ཧ་ཅང་ཆེན་པོ་བཞེས་གནང་ཡོད་པ་དང། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དེ་ཧ་ཅང་གལ་གནད་ཅན་ཞིག་ཡིན་སྟབས། མི་ལོ་ ༢༦ གི་རིང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གང་ཐུབ་ཀྱིས་འབད་བརྩོན་བྱས་ཏེ་རྒྱ་ནག་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་བྱས་ཀྱང་ཕན་ནུས་ལྡན་པ་ཞིག་བྱུང་མེད།  བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་འཁྲིད་ཚོའི་ངོས་འཛིན་མཐོ་རུ་གཏོང་རྒྱུར་འབད་བརྩོན་དང་ནུས་པ་ཐོན་ཡོད་པ་དང་། ད་དུང་ཞི་བའི་ཁྲོམ་སྐོར་དང་།  བགྲོ་གླེང་ཚོགས་འདུ་སོགས་འགོ་བསྒྲིགས་ཞུས་ཏེ་ལས་འགུལ་སྣ་ཚོགས་སྤེལ་ཡོད།

དེ་རིང་ནི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གུང་གྲངས་ ༣༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པ་དང་། བོད་ཀྱི་བེུད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།  ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀྱང་རང་དབང་གི་ཐོག་ནས་འཚོ་གནས་དགོས་པའི་ཐོབ་ཐང་ཡོད། འདི་ག་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཁོང་དགུང་གྲངས་ ༣༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བ་དང་ཆབས་ཅིག་མགོན་པོ་གང་ཉིད་སྐུ་ཚེ་ཡུལ་གནས་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད། ཅེས་དགོས་འདུན་ཁག་གཉིས་བཏོན་པའི་ནང་། ༡༽ རྒྱ་གར་གཞུང་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་གནས་སྟངས་ཁ་གསལ་ཡོངས་གྲགས་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ༢༽  དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མཆོག་གློད་བཀྲོལ་རང་དབང་ཐོབ་རྒྱུར་རྒྱ་གར་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་འདོད་སྐུལ་ཞུ་བཞིན་ཡོད་ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese