མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོང་དོན་གྲོས་ཆོད་གནས་སྐབས་མཚམས་བཞག

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ལོ་ ༢༠༡༩ ལོར་ཚོགས་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོགས་འདུ།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཝལ་ཌི་སི་ཌོམ་བྷོ་རོབ་སི་ཀི་(Valdis Dombrovskis) ཡིས་བཅར་འདྲི་ཞིག་གི་སྟེང་། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དང་། དེའི་ལན་དུ་རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སྐོར་ཞིག་ལ་དཔལ་འབྱོར་ཉེས་ཆད་བཀལ་བའི་ད་ལྟའི་གནས་སྟངས་ལ་དཔག་ན། ཕྱོགས་གཉིས་བར་བཞག་པའི་ཚོང་དོན་མ་འཛུགས་གྲོས་ཆོད་ (EU-China Comprehensive Agreement on Investment) དེར་མོས་མཐུན་ཆོག་མཆན་རག་ཐབས་མེད་སྐོར་བརྗོད་ཡོད་འདུག

སྐུ་ཞབས་ཌོམ་བྷོ་རོབ་སི་ཀི་ཡིས་བཅར་འདིའི་སྐབས། ད་ལྟའི་ཆར་ཡུ་རོབ་མཐུན་ཚོགས་ངོས་ནས་ཚོང་དོན་གྲོས་ཆོད་དེར་མོས་མཐུན་ཆོག་མཆན་ཐོབ་ཐབས་ལ་འབད་རྩོལ་ཞུ་རྒྱུ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད། ཅེས་བརྗོད་ཡོད་ཅིང་། ཁོང་གི་བཀའ་མོལ་དེས་ཚོང་དོན་གྲོས་ཆོད་དེ་གཞུང་འབྲེལ་ཐོག་ནས་རྩིས་མེད་བཏང་བ་ཞིག་ལ་གོ་ཡི་མེད་ནའང་། ཡུ་རོབ་མཐུན་ཚོགས་ཀྱི་མགོ་འཁྲིད་ཁྲོད་དུ་རྒྱ་ནག་གི་ཚོང་དོན་གྲོས་ཆོད་དེར་འདོད་པ་མེད་པའི་རྣམ་པ་ཤུགས་ཆེ་རུ་ཐོན་བཞིན་པ་མཚོན་གྱི་ཡོད།

འོན་ཀྱང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་དེ་འབྲེལ་གནས་ཚུལ་ཞིག་སྤེལ་བ་ལྟར་ན། དེ་རིང་ཡུ་རོབ་མཐུན་ཚོགས་ཀྱིས་ཡིག་ཐོག་ཏུ་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཚོང་དོན་གྲོས་ཆོད་དེར་མོས་མཐུན་ཆོག་མཆན་མ་བཀོད་གོང་། དེར་ཁྲིམས་སྒྲིག་གི་ཐོག་ནས་བསྐྱར་ཞིབ་དང་ཡིག་བསྒྱུར་བྱེད་དགོས་ཀྱི་ཡོད། འོན་ཀྱང་གྲོས་ཆོད་དེར་མོས་མཐུན་ཆོག་མཆན་ཐོབ་མ་ཐོབ་དེ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་སྤྱི་ཡོངས་ཀྱི་འབྲེལ་ལམ་ལ་རག་ལས་ཀྱི་ཡོད། ཅེས་དང་། རྒྱ་ནག་གིས་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་དང་ཚོགས་ཆུང་གཅིག་གི་ཚོགས་མི་ཀུན་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དེར་ངོས་ལེན་ཞུ་ཐབས་མེད་ལ་བློ་འགྱོད་ཀྱི་གཞི་ཞིག་རེད། མོས་མཐུན་ཆོག་མཆན་ཐོབ་མིན་དེ་འབྱུང་འགྱུར་གྱི་གནས་སྟངས་ལ་རག་ལས་ཀྱི་ཡོད། ཅེས་བཀོད་ཡོད་འདུག

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་མགོ་འཁྲིད་བར་ལོ་བདུན་རིང་གྲོས་མོལ་བསྟུད་མར་བྱས་ཏེ། འདས་ལོའི་ཕྱི་ཟླ་ ༡༢ ནང་མིང་རྟགས་བརྒྱབ་པའི་ཚོང་དོན་མ་འཛུགས་གྲོས་ཆོད་དེ་ཁྲིམས་ཡིག་ཅིག་ཏུ་འགྱུར་བར། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་(EU Parliament)དང་། ཚོགས་ཁོངས་རྒྱལ་ཁབ་ ༢༧ གྱི་ཆེས་མཐོའི་མགོ་འཁྲིད་ལས་གྲུབ་པའི་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་ (EU Council) གཉིས་ཀྱི་མོས་མཐུན་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་རེད།

འོན་ཀྱང་ཚོང་དོན་གྲོས་ཆོད་དེར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་དང་། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་མི་ཉུང་བས་ངོ་རྒོལ་བྱེད་མུས་ཡིན་ལ། རྒྱལ་སྤྱིའི་སྟེང་དུའང་ཡུ་རོབ་མཐུན་ཚོགས་ཀྱིས་ཚོང་དོན་ཁེ་ཕན་གྱི་ཆེད་དུ་དམངས་གཙོའི་རིན་ཐང་ལ་སྣང་འཇོག་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེན་པོ་ཕོག་གི་ཡོད་ལ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༢ ཉིན་ཨ་རི་དང་། དབྱིན་ཡུལ། ཁེ་ན་ཌ་བཅས་དང་མཉམ་འབྲེལ་ཐོག་ཡུ་རོབ་མཐུན་ཚོགས་ཀྱིས་ཤར་ཊུར་ཀི་སི་ཐན་ཁུལ་དུ་ཡུ་གུར་མི་རིགས་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་མཁན་གྱི་རྒྱ་རིགས་དཔོན་པོ་རྣམས་ལ་དཔལ་འབྱོར་ཉེས་ཆད་བཅད་ཡོད་ཅིང་། དེར་རྒྱ་ནག་གིས་འཁོན་ལན་གྱི་ཚུལ་དུ་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཚོགས་ཆུང་གི་འཐུས་མི་ཡོངས་དང་། ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་ཞིབ་འཇུག་ཁང་སྐོར་ཞིག་ལ་བཀའ་སྡོམ་རང་བཞིན་གྱི་ཉེས་ཆད་བཅད་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་བས་ཛ་དྲག་ཆེ་རུ་ཕྱིན་ཡོད་པ་རེད།

རྒྱ་ནག་གི་མགོ་འཁྲིད་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་མགོ་འཁྲིད་རྣམ་པས་ཚོང་དོན་གྲོས་ཆོད་དེར་གང་མྱུར་མོས་མཐུན་ཆོག་མཆན་རག་ཐབས་དགོས་པའི་འབོད་སྐུལ་ཞུ་མུས་ཡིན་ཡང་། རྒྱ་ནག་གི་དཔལ་འབྱོར་ཉེས་ཆད་ཕོག་པའི་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཧ་ནཱ་ནེའུ་མཱན་ (Hannah Neumann) གྱིས། ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་ཟླ་ ༥ པའི་གྲོས་ཚོགས་ཚོགས་དུས་སྟེང་། རྒྱ་ནག་གིས་དཔལ་འབྱོར་ཉེས་ཆད་དེ་དག་ཕྱིར་འཐེན་མ་བྱས་བར་དུ། གྲོས་ཚོགས་ར་བའི་ནང་ཚོང་དོན་གྲོས་ཆོད་དེའི་སྐོར་གྲོས་བསྡུར་མི་ཆོག་པའི་གྲོས་འཆར་ཞིག་འདོན་རྒྱུ་ཡིན་སྐོར་བརྗོད་འདུག་ལ། རྒྱ་ནག་གི་དཔལ་འབྱོར་ཉེས་ཆད་དང་འབྲེལ་ནས་ཟླ་སྔོན་མའི་གྲོས་ཚོགས་ཚོགས་དུས་སྟེང་། གྲོས་ཚོགས་འཐུས་མི་ ༣༠ ལས་མང་བས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེན་པོ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཚོང་དོན་གྲོས་ཆོད་དེ་རྩིས་མེད་གཏོང་དགོས་པའི་བསམ་ཚུལ་བཏོན་ཡོད་པ་རེད།

དེ་བཞིན་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ཁུལ་དུ་ཡུ་གུར་མི་རིགས་རྣམས་བཙན་གྱིས་ངལ་རྩོལ་དུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་པ་བསྟུན། འདས་ལོར་ཡུ་རོབ་གྲོས་ཚོགས་ཀྱིས། ཚོང་དོན་གྲོས་ཆོད་དེའི་ནང་ཕྱོགས་གཉིས་ཀས་རྒྱལ་སྤྱིའི་བཙན་བཀོལ་ངལ་རྩོལ་ལ་འགོག་རྒོལ་གྱི་ཁྲིམས་སྒྲིག་(International Conventions Against Forced Labour) ལ་བརྩི་སྲུང་དགོས་པའི་དོན་ཚན་འཇུག་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད་ལ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་སོགས་ཀྱིས་ད་ལན་གྱི་ཚོང་དོན་གྲོས་ཆོད་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དོན་ཚན་བཅུག་མེད་པ་དེར་ངོ་རྒོལ་བྱེད་མུས་ཐོག ཁ་སང་ཡུ་གུར་མཐུན་ཚོགས་གཙོས་པའི་ཚོགས་སྡེ་ ༣༦ གིས་མཉམ་འབྲེལ་ཐོག་ཡུ་རོབ་མཐུན་ཚོགས་ངོས་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་བརྩི་སྲུང་དགོས་པའི་གནོན་ཤུགས་སྦྱིན་དགོས་སྐོར་གྱི་ཞུ་ཡིག་ཅིག་ཕུལ་ཡོད་འདུག

རྒྱ་ནག་ནི་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དེ་ཡིན་ཞིང་། ཕྱོགས་གཉིས་བར་ཉིན་རེར་ཡུ་སྒོར་ཐེར་འབུམ་ ༡ ལས་མང་བའི་ཚོང་དོན་སྒྲུབ་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༣ ལོར་མགོ་བརྩམས་པའི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཚོང་དོན་མ་འཛུགས་གྲོས་ཆོད་དེས། ཕྱོགས་གཉིས་ཀྱིས་ཚོང་དོན་མ་འཛུགས་གོང་འཕེལ་གཏོང་ཐབས་ལ་དམིགས་ཡོད་ལ། ཡུ་རོབ་མཐུན་ཚོགས་ལ་མཚོན་ན། གྲོས་ཆོད་འདི་བརྒྱུད་ཡུ་རོབ་ཀྱི་བཟོ་གྲྭ་རྣམས་རྒྱ་ནག་གི་ཁྲོམ་རའི་ནང་ཞུགས་རྒྱུར་ཚད་བཀག་བཟོ་བཞིན་པའི་རྒྱ་ནག་གི་ཚོང་འབྲེལ་ཁྲིམས་སྒྲིག་ཁག་རྩིས་མེད་གཏོང་རྒྱུ་ཁེ་ཕན་ཆེན་པོ་ཞིག་ལ་རྩི་བཞིན་འདུག

གསར་འགོད་པ་པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese