མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་འཛིན་ཚའེ་ཡི་ཝུན་མཆོག་ལ་རྒྱལ་སྤྱིའི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཚའེ་ཡི་ཝུན་མཆོག་ནས་ཐའེ་ཝན་གྱི་དམངས་གཙོ་སྲུང་སྐྱོབ་དང་ཏོག་དབྱིབས་སྔོན་འགོག་ཐད་གྲུབ་འབྲས་ཆེན་པོ་བླངས་བར་ཆེ་བསྟོད་དུ་ལོ་ ༢༠༢༠ ལོའི་ཇོན་མེག་ཁན་མགོ་ཁྲིད་གཟེངས་རྟགས་གནང་གཏན་ཁེལ་ཡོད་འདུག

John McCain with Tai wan’s president tsa ing wen

ཟླ་འདིའི་ཕྱི་ཚེས་ ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་སྐོར་སོགས ཉིན་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ (Halifax International Security Forum) ཀྱིས་ཕྱི་ལོ་ ༢༠༢༠ ལོའི་གླེང་སྟེགས་དེའི་ཇོན་མེག་ཁན་མགོ་ཁྲིད་གཟེངས་རྟགས་ (John McCain Prize) དེ། ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡི་ཝུན་མཆོག་ལ་སྤྲོད་རྒྱུའི་ཐག་གཅོད་བྱུང་བ་གསལ་བསྒྲགས་བྱས་འདུག་ལ། དེ་ནི་ཁོང་མོས་སྣེ་ཁྲིད་དེ་ཐའེ་ཝན་གྱི་དམངས་གཙོ་སྲུང་སྐྱོབ་དང་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱེད་པར་གདོང་ལེན་བྱས་པར་ངོས་འཛིན་ཐོག་ཐག་གཅོད་བྱས་པ་ཞིག་ཡིན་འདུག

གཟེངས་རྟགས་དེ་དང་འབྲེལ་ནས་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཀྱི་བསྒྲགས་གཏམ་ནང་། ཚའེ་ཡི་ཝུན་མཆོག་ནི་རྒྱ་སྐད་བཤད་པའི་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ནང་གི་བུད་མེད་ཆབ་སྲིད་པ་ནུས་འཇོན་ཆེ་ཤོས་དེ་ཡིན་པ་ནི་རྩོད་མེད་ཡིན་པ་དང་། རྒྱ་ནག་དམག་གིས་ཐའེ་ཝན་ལ་དབང་ཡོད་བྱས་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་ནང་ཐའེ་ཝན་ཟུར་འདོན་བྱས་པ་ལ་ཁོང་མོས་ཐའེ་ཝན་གྱི་གདོང་ལེན་འཁུར་དུ་བླངས་ཡོད་སྐོར་དང་། ཁོང་མོའི་ལས་ཡུན་རིང་ཐའེ་ཝན་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཆགས་ཏེ་ཨེ་ཤ་ཡའི་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཆགས་པ་ཐོག་མ་དེ་ཆགས་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ཐད་གྲུབ་འབྲས་ཆེན་པོ་བླངས་ཡོད་སྐོར་སོགས་བཀོད་ཡོད་འདུག

ཐག་གཅོད་དེ་དང་འབྲེལ་ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡི་ཝུན་མཆོག་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊུའུ་ཝེ་ཊུར་སྟེང་། ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཀྱི་ཇོན་མེག་ཁན་མགོ་ཁྲིད་གཟེངས་རྟགས་ (John McCain Prize) ཐོབ་པར་དགའ་སྤོབས་བྱུང་། གཟེངས་རྟགས་འདི་ནི་ང་གཅིག་པུར་ཐོབ་པ་ཙམ་མིན་པར་ཐའེ་ཝན་མི་མང་ལ་ཐོབ་པ་ཞིག་ཀྱང་ཡིན། སྐུ་གཤེགས་དམ་པ་ཇོན་མེག་ཁན་ལགས་ནི་གུས་བཀུར་ཆེན་པོ་ཐོབ་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་ཡིན་པ་དང་། ཁོང་གི་མི་ཚེ་ཧྲིལ་བོ་རང་དབང་དང་དམངས་གཙོའི་ཆེད་དུ་བཏང་ཡོད་པ་མ་ཟད། ཐའེ་ཝན་གྱི་བདེ་འཇགས་ཆེད་དམ་བཅའ་བརྟན་པོ་འཛིན་མཁན་ཞིག་རེད། ཁོང་ནི་ངའི་གྲོགས་པོ་དང་ཐའེ་ཝན་གྱི་བློས་ཐུབ་ཀྱི་གྲོགས་པོ་ཞིག་རེད། ཁོང་གི་མཚན་ཐོག་ནས་གཟེངས་རྟགས་འདི་གནང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐའེ་ཝན་གྱི་དམངས་གཙོ་ལ་གདེང་འཇོག་ཆེན་པོ་ཞིག་བྱས་པའི་མཚོན་རྟགས་ཤིག་ཡིན་པ་རེད། ཅེས་དང་། རང་དབང་དང་དམངས་གཙོ་ཡིས་ཐའེ་ཝན་གྱི་རིན་ཐང་མཚོན་གྱི་ཡོད་པ་མུ་མཐུད་གསལ་འདོན་བྱ་རྒྱུ་ཡིན་སྐོར་གསུངས་འདུག

ཉེ་ལམ་མགོ་ཁྲིད་ཀྱི་གཟེངས་རྟགས་དེ་སྲིད་འཛིན་ཚའེ་ཡི་ཝུན་མཆོག་ལ་སྤྲོད་པའི་ཐག་གཅོད་བྱེད་སྐབས། ཁེ་ན་ཌ་གཞུང་ནས་ཐག་གཅོད་དེ་ཕྱིར་འཐེན་བྱ་དགོས་པ་དང་། ཐག་གཅོད་ཕྱིར་འཐེན་མ་བྱས་ཚེ་ཁེ་ན་ཌ་གཞུང་ནས་སྤྲོད་བཞིན་པའི་རོགས་དངུལ་སྤྲོད་མཚམས་འཇོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཞིག་ཐོན་ཡོད་ནའང་། ཁེ་ན་ཌའི་གྲོས་ཚོགས་འོག་མས་གཟེངས་རྟགས་དེ་སྲིད་འཛིན་ཚའེ་ཡི་ཝུན་མཆོག་ལ་སྤྲད་ན་འོས་འཚམས་ཡིན་པའི་སྤྱི་མོས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད། དེར་མཐུད་ཁེ་ན་ཌའི་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཀྱིས་མགོ་ཁྲིད་གཟེངས་རྟགས་དེ་སུ་ལ་སྤྲོད་མིན་རང་དབང་གིས་ཐག་གཅོད་བྱས་ཆོག་པ་ཞིག་ཡིན་སྐོར་དང་། གཟེངས་རྟགས་དེ་ཚའེ་ཡི་ཝུན་མཆོན་ལ་སྤྲད་ཚེ་ཁེ་ན་ཌའི་མ་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་པའི་གནས་ཚུལ་དེ་བདེན་པ་མིན་པར་ཁེ་ན་ཌ་སྲིད་གཞུང་གིས་མུ་མཐུད་གླེངས་སྟེགས་དེ་ལ་མ་དངུལ་གྱི་རོགས་རམ་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

ཁེ་ན་ཌའི་གྲོས་ཚོགས་འོག་མས་སྤྱི་མོས་གྱི་གྲོས་ཆོད་བཞག་པ་དང་འབྲེལ་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་ (Zhao Lijian) ཟེར་བས། ཁེ་ན་ཌའི་གྲོས་ཚོགས་འོག་མས་ཐའེ་ཝན་དང་འབྲེལ་བའི་སྤྱི་མོས་ཀྱི་ཐག་གཅོད་དེ་འདྲ་ཞིག་བཞག་པ་ལ་པེ་ཅིན་གྱིས་ངོས་ལེན་མེད་པ་དང་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ། ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་དུ་འགྲོ་བཞིན་པའི་སྐབས་སུ། ཁེ་ན་ཌ་གཞུང་གིས་ཐའེ་ཝན་གྱི་གནད་དོན་ནི་ཚོར་བ་རྣོ་བོ་དང་། གཟབ་ནན་གྱིས་ཐག་གཅོད་བྱ་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་དགོས་པ་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་དུ་འགྲོ་བའི་ཐག་གཅོད་ལ་གཡོལ་དགོས་པའི་སྐྱོན་བརྗོད་བྱས་འདུག

ཕྱི་ལོ་ ༢༠༡༡ ལོར་གསར་འཛུགས་བྱས་པའི་ཧ་ལི་ཕེག་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ནི་ཨ་རིའི་ཝ་ཤིན་ཊོན་ཏུ་གཏན་གཞིས་བྱས་ཡོད་པའི་རྒྱལ་སྤྱིའི་སྲིད་གཞུང་དང་དམག་དཔོན། ཤེས་ཡོན་ཁྱད་མཁས་པ་དང་རྩོམ་པ་པོ། ཚོང་ལས་ཆེད་མཁས་པ་སོགས་ཀྱི་རང་དབང་གི་གླེང་སྟེགས་ཤིག་ཡིན་འདུག་པ་དང་། གླེང་སྟེགས་དེའི་མགོ་ཁྲིད་ཀྱི་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇོན་མེག་ཁན་ (John McCain) ལགས་ཀྱི་མཚན་ཐོག་ནས་ལོ་ལྟར་འགྲོ་བ་མིའི་དྲང་བདེན་ལ་འཐབ་རྩོད་བྱེད་མཁན་གྱི་མགོ་ཁྲིད་ལ་སྤྲོད་ཀྱི་ཡོད་འདུག་ལ། གླེངས་སྟེགས་དེའི་མ་དངུལ་ཕྱེད་ཀ་ཙམ་ཁེ་ན་ཌའི་བདེ་སྲུང་ལྷན་ཁང་གིས་ནར་གཏོང་བྱེད་ཀྱི་ཡོད་འདུག ཕྱི་ལོ་ ༢༠༡༩ ལོའི་མགོ་ཁྲིད་གཟེངས་རྟགས་དེ་བཞིན་ཧོང་ཀོང་མི་མང་གིས་རང་དབང་ཆེད་འཐབ་རྩོད་བྱས་པར་ཧོང་ཀོང་མི་མང་ལ་སྤྲད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese