མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་གཉན་ནད་ཧམ་སྤུ་ནག་པོ་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་མངའ་སྡེ་མི་ཉུང་བ་ཞིག་གི་ནང་གཉན་ནད་ཧམ་སྤུ་ནག་པོ་(Black fungus) ཞེས་པའི་ཉེན་ཚབས་ཆེ་བའི་གཉན་ནད་ཅིག་འགོས་ཁྱབ་ཏུ་འགྲོ་བཞིན་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པ་དེ་ཁྱབ་གདལ་འགྲོ་བཞིན་པ་དང་བསྟུན། རྒྱ་གར་གྱི་མངའ་སྡེ་མི་ཉུང་བའི་ནང་གི་ཏོག་དབྱིབས་ནད་པའི་ཁྲོད་གཉན་ནད་ཧམ་སྤུ་ནག་པོ་(black fungus)ཞེས་པ་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན། རྒྱ་གར་དབུས་འཕྲོད་ལས་ཁུངས་ངོས་མངའ་སྡེ་ཡོངས་རྫོགས་ལ་ནད་གཞི་དེ་ཉིད་ནད་ཡམས་ལ་ངོས་འཛིན་བྱ་དགོས་པའི་བཀའ་ཁྱབ་ཅིག་བཏང་ཡོད་འདུག

རྒྱ་གར་དབུས་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གིས་མངའ་སྡེ་ཁག་ལ་བཏང་བའི་བཀའ་ཁྱབ་ནང་། ཉེ་བའི་ཆར་མངའ་སྡེ་མང་པོའི་ནང་གི་ཏོག་དབྱིབས་ནད་པ་སྤྱི་དང་། ལྷག་པར་དུ་གཅིན་སྙིའི་ན་ཚ་ཡོད་མཁན་དང་གཉན་ཚད་འཇོམས་བྱེད་ཀྱི་སྨན་རིགས་ (steriod) སྟེན་མཁན་གྱི་ནད་པའི་ཁྲོད་དུ་གཉན་ནད་ཧམ་སྤུ་ནག་པོ་ཕོག་མཁན་ཐོན་གྱི་ཡོད་པ་དེ་བློ་འཚབ་སྐྱེ་གཞི་ཞིག་ཆགས་ཡོད་པ་དང་། ནད་གཞི་དེས་ཏོག་དབྱིབས་ནད་པ་རྣམས་ནད་མནར་དང་རྐྱེན་འདས་སུ་འགྲོ་རྒྱུའི་ཉེན་ཁ་ཆེ་བ་སྐྲུན་གྱི་ཡོད་སྟབས། གཞུང་སྒེར་གྱི་སྨན་ཁང་ཚང་མས་གཉན་ནད་ཧམ་སྤུ་ནག་པོར་དོ་ནན་གྱིས་བརྟག་དཔྱད་དང་སྨན་བཅོས་ཚོད་འཛིན་བྱེད་དགོས་པ་མ་ཟད། རང་ཁོངས་ཀྱི་སྨན་ཁང་ལ་ནད་དེ་ཕོག་མཁན་དང་དོགས་ཡོད་ནད་པའི་གནས་ཚུལ་རྣམས་ངེས་པར་དུ་དབུས་གཞུང་ལ་སྙན་སེང་ཞུ་དགོས་སྐོར་བརྗོད་འདུག

མུ་ཁོར་མི་ཁོ་སིས་ (Mucormycosis) སམ་ཡོངས་གྲགས་སུ་ black Fungus ཞེས་པའི་ནད་གཞི་དཀོན་པོ་དེ་ནི་ས་ལུད་དང་རྩི་ཤིང་། ཤིང་ཏོག་དང་སྔོ་ཚལ་རུལ་པའི་སྟེང་ཆགས་པའི་ཧམ་སྤུའི་རིགས་སྣ་ཁུངས་སོགས་བརྒྱུད་མིའི་ལུས་པོའི་ནང་ཞུགས་ཏེ། མིའི་གློ་བ་དང་། སྣ་དང་དབྲལ་བའི་རྒྱབ་ཀྱི་སྦུ་གུ་(Sinuses)། ཀླད་པ་བཅས་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་ཅིང་། གཅིན་སྙིའི་ནད་གཞི་ཡོད་མཁན་དང་། འབྲས་ནད་དང་གཉན་ནད་རེག་དུག་གི་རྐྱེན་པས་ལས་ཟུངས་རྒུད་པའི་ནད་པ་ཚོར་གཉན་ནད་ཧམ་སྤུ་ནག་པོ་ཕོག་ཚེ། སྲོག་སྐྱོན་བྱུང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད་འདུག་ལ། གཉན་ནད་དེ་དང་འདྲ་བའི་གཉན་ནད་ཧམ་སྤུ་དཀར་པོ་(White fungus) ཞེས་པ་ཕོག་ཡོད་པའི་ནད་པའང་ཐོན་བཞིན་ཡོད་འདུག

རྒྱ་གར་གྱི་སྨན་པ་དང་འཕྲོད་བསྟེན་ཆེད་མཁས་པ་རྣམས་ཀྱིས། ད་ཐེངས་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་གཉན་ནད་ཧམ་སྤུ་ནག་པོ་ཕོག་མཁན་མང་པོ་ཐོན་བཞིན་པའི་རྒྱུ་རྐྱེན་གཙོ་བོ་གཉིས་ནི། གཅིན་སྙིིའི་ནད་གཞི་ཡོད་པའི་ཏོག་དབྱིབས་ནད་པ་རྣམས་ལ་གཉན་ནད་ཧམ་སྤུ་ནག་པོ་ཕོག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ཏོག་དབྱིབས་ནད་པ་རྣམས་ལ་ཚོད་འཛིན་མེད་པའི་ཐོག་ནས་གཉན་ཚད་འཇོམས་བྱེད་ཀྱི་སྨན་བསྟེན་དྲགས་པས་ཡིན་འདུག དེར་བརྟེན། ཉེ་ཆར་རྒྱ་གར་གྱི་གཞུང་གཉེར་སྨན་ཁང་ཆེ་གྲས་ཨེམ་སི་ (AIIMS) ཡི་ཆེས་མཐོའི་སྨན་པ་རན་དྷིབ་གྷུ་ལེ་རི་ཡ་ (Dr. Randeep Guleria) ཡིས། སྨན་པ་རྣམས་ཀྱིས་གཉན་ཚད་འཇོམས་བྱེད་ཀྱི་སྨན་ steroid ཞེས་པ་ལོག་སྤྱོད་བྱ་རྒྱུ་མེད་པ་དང་། ལྷག་པར་དུ་གནས་སྟངས་ཛ་དྲག་མིན་པའི་ཏོག་དབྱིབས་ནད་པ་རྣམས་ལ་སྨན་དེ་སྦྱིན་རྒྱུ་མེད་སྐོར་བརྗོད་ཡོད་འདུག

སྤྱིར་ད་ལྟའི་ཆར་རྒྱ་གར་དབུས་གཞུང་ངོས་ནས་རྒྱ་གར་རྒྱལ་ཡོངས་ནང་ཧམ་སྤུའི་ནད་གཞི་ཕོག་པའི་ནད་པའི་གྲངས་འབོར་སོགས་ཁྱབ་བསྒྲགས་བྱས་མེད་ནའང་། རྒྱ་གར་གྱི་ཧིན་དྷུ་སི་ཐན་དུས་བབ་ (Hindustan Times) གསར་ཁང་ལ་རྒྱ་གར་གྱི་མངའ་སྡེ་ ༡༣ གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་བར་རྒྱ་གར་རྒྱལ་ཡོངས་ནང་གཉན་ནད་ཧམ་སྤུ་ནག་པོ་ཕོག་མཁན་ཉུང་མཐར་མི་གྲངས་ ༧༢༥༠ བྱུང་ཡོད་པ་དང་། མངའ་སྡེའི་ཁྲོད་ནས་ཀྱང་མཱ་ཧཱ་ར་ཤི་ཏྲ་ནང་ད་བར་ནད་པ་ ༡༥༠༠ བྱུང་བའི་ཁྲོད་ནས་ ༩༠ རྐྱེན་འདས་སུ་ཕྱིན་འདུག་ཅིང་། གཞན་ཡང་གྷུ་ཇ་ར་ཏིའི་ནང་ནད་པ་ ༡༡༦༣ ཐོན་པའི་ཁྲོད་ནས་ ༦༡ རྐྱེན་འདས། དེར་མཚུངས་མ་དྷི་ཡ་པར་དྷེ་ཤི་ནང་ནད་པ་ ༥༧༥ ཁྲོད་ནས་ ༣༡ འདས་གྲོངས་སུ་ཕྱིན་ཡོད་འདུག གཞན་ཡང་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ན་དང་། ལྡི་ལི། ཨུ་ཊར་པར་དྷེ་ཤི། བྷི་ཧར། ཆ་ཏི་སི་གྷར། ཀར་ན་ཏ་ཀ ཏེ་ལང་གྷ་ན་བཅས་ཀྱི་ནང་དུའང་ནད་གཞི་དེ་ཐོན་ཡོད་འདུག ཡང་མངའ་སྡེ་རེ་འགས་གཉན་ནད་ཧམ་སྤུ་ནག་པོ་དེ་ནད་ཡམས་སུ་ངོས་འཛིན་བྱས་ཚར་ཡོད་འདུག

ཉེ་ལམ་རྒྱལ་སྤྱི་དང་རྒྱལ་ནང་གི་གསར་འགྱུར་ཁག་ནང་། སྨན་པ་རྣམས་ཀྱིས་གཉན་ནད་ཧམ་སྤུ་ནག་པོ་དེ་ཀླད་པའི་ནང་མི་ཤོར་བའི་ཆེད་དུ་ནད་པའི་མིག་འབྲས་འདོན་པ་དང་། འགྲམ་རུས་གཤག་དགོས་བྱུང་བའི་གནས་ཚུལ་ཐོན་ཡོད་ཅིང་། ད་ལྟ་གནས་སྟངས་ཛ་དྲག་ཡིན་པའི་མཱ་ཧཱ་ར་ཤི་ཏྲའི་རྒྱལ་ས་མཱམ་བྷའེ་ཡི་སྨན་ཁང་གཅིག་གིས་ ༢༠༢༠ ལོར་གཉན་ནད་ཧམ་སྤུ་ནག་པོའི་ནད་པ་ ༦ ལ་མ་གཏོགས་སྨན་བཅོས་བྱས་མེད་ནའང་། འདས་པའི་ཟླ་བ་གཉིས་ནང་ཁྱོན་ནད་པ་ ༢༤ ལྷག་ལ་སྨན་བཅོས་བྱས་ཡོད་འདུག དུས་རྒྱུན་དཀོན་པོ་ཡིན་པའི་གཉན་ནད་ཧམ་སྤུ་ནག་པོ་དེ་ཏོག་དབྱིབས་ནད་པ་ཙམ་དུ་མ་ཟད། ཏོག་དབྱིབས་གཉན་རིམས་ལས་དྲག་སྐྱེད་སོང་ནས་ཉིན་གྲངས་ ༡༥ འགོར་བའི་མི་རྣམས་ལའང་ཐོན་གྱི་ཡོད་འདུག

རྒྱ་གར་ནང་གཉན་ནད་ཧམ་སྤུ་ནག་པོ་དེ་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པ་དང་བསྟུན། ནད་གཞི་དེ་ཉིད་བཅོས་རྒྱུའི་སྨན་ Amphotericin B ཞེས་པའང་ཉིན་རེར་ཇེ་དཀོན་དུ་གྱུར་ཏེ། ད་ལྟ་སྨན་ཁང་ཁག་ཏུའང་སྨན་དེ་ཉིད་འཐོབ་རྒྱུ་མེད་པའི་ཚོད་དུ་སླེབས་ཡོད་སྟབས། རྒྱ་གར་གཞུང་ངོས་ནས་སྨན་རྫས་བཟོ་སྐྲུན་ཁང་གསར་པ་རྣམས་ལ་སྨན་དེ་ཉིད་བཟོ་སྐྲུན་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུས་མཚོན་པའི་ལས་གཞི་སྤེལ་མགོ་བརྩམས་ཡོད་ལ། ལྡི་ལིའི་གཞུང་ངོས་ནས་ལོགས་སུ་ནད་གཞི་དེ་ཉིད་བཅོས་སའི་སྨན་ཁང་གསུམ་བཀོད་སྒྲིག་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༦ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༩ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 2

  1. འདམ་སྐྱེས། says:
    ལོ་ 5 སྔོན།

    དུས་བབ་ནས་ནས་ཆེས་ཤིན་གལ་ཆེའི་གསར་འགྱུར་འདོན་སྤེལ་གནང་འདུག་པར་ལེགས་བརྗོད་དང་བཀྲིན་ཆེ་ཞུ།།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ཧཧཧ་མིང་ག་འདྲ་ཞིག་རྟགས་རུང་དོན་དངོས་ཡ་མའི་ནད་རེད་། ཡ་སྲིན་ལ་དཀར་ནག་ཕྲ་གསུམ་ཡོད་།
    འདྲེ་ཡ་སྲིན་གྱི་གནོད་པ་ཞི་བའི་ཆེད་རྟ་ཕྱག་ཁྱུང་གསུམ་གྱི་གཟུངས་སྔགས་གང་མང་བསོག་དགོས་པ་གལ་ཆེའོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese