མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥི་ལི་པིན་གྱི་དམག་སྤྱོད་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཧྥི་ལི་པིན་གྱི་དམག་སྤྱོད་གནམ་གྲུ་ཞིག་ལ་གློ་བུར་བརྡབ་སྐྱོན་བྱུང་སྟེ་དམག་མི་གཙོ་བོར་གྱུར་བའི་འགྲུལ་བ་ ༥༠ རྐྱེན་འདས་དང་མི་ ༥༣ ལ་རྨས་སྐྱོན་ཕོག་ཡོད་འདུག

Philippine military C-130 plane crashed in the southern Philippines on Sunday. (Joint Task Force-Sulu/The Associated Press)

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཧྥི་ལི་པིན་(Philippines)གྱི་གྲོང་ཁྱེར་མན་ཌ་ནའོ(Mindanao)ནས་གནམ་སྤྱོད་གནམ་གྲུ་(Lockheed C-130)ཨང་རྟགས་ཅན་ཞིག་མངའ་སྡེ་སུ་ལུ་(Sulu)རུ་འཕུར་སྐྱོད་བྱེད་སྐབས། ཇོ་ལོ་(Jolo)གླིང་ཕྲན་དུ་འབྱོར་ལ་ཉེ་སྐབས་གློ་བུར་དུ་བརྡབ་སྐྱོན་བྱུང་སྟེ། གནམ་གྲུ་དེའི་ནང་ཁྱོན་འགྲུལ་བ་ ༩༦ ཡོད་པའི་ཁྲོད་ནས་མི་གྲངས་ ༥༠ རྐྱེན་འདས་དང་། མི་ ༥༣ ལ་རྨས་སྐྱོན་ཕོག དམག་མི་ ༥ བོར་བརླག་ཏུ་ཕྱིན་ཡོད་འདུག་ལ། འགྲུལ་བ་ཕལ་ཆེར་བ་རྨང་གཞིའི་དམག་སྦྱོང་ཐོན་པའི་དམག་མི་རྐྱང་རྐྱང་ཡིན་པ་དང་། གནམ་གྲུ་སར་མ་ལྷུང་གོང་དུ་དམག་མི་འགའ་ཤས་ཤིག་གནམ་གྲུ་ནས་མཆོངས་ཡོད་འདུག

ཧྥི་ལི་པིན་གྱི་སྲིད་འཛིན་རོ་ཌིར་གྷོ་ཌུ་ཊིར་ཊི (Rodrigo Duterte)ཡིས། གནམ་གྲུ་བརྡབ་སྐྱོན་ཤོར་བར་བློ་ཕམ་ཆེན་པོ་ཡོད་པ་དང་མི་མང་ཚོའི་བདེ་འཇགས་ཀྱི་ཆེད་དུ་སྨོན་ལམ་འདེབས་ཀྱི་ཡིན། ཞེས་གསུངས་འདུག ཇོ་ལོ་གླིང་ཕྲན་གྱི་དམག་སྤྱི་ཨེ་ཌི་གྷུར་ཌི་ཨི་རི་ཝཱ་ལོ་(Major Gen Edgard Arevalo)ཞེས་པ་ཞིག་གིས། གནམ་གྲུ་བརྡབ་སྐྱོན་གང་འདྲ་ཕྱིན་ཡོད་མེད་ཀྱི་གནས་ཚུལ་ཞིབ་དཔྱོད་བྱེད་ཀྱི་ཡོད་པ་དང་གནམ་གྲུ་ལ་རྒོལ་རྡུང་ཕོག་པའི་རྟགས་མཚན་མེད་སྐོར་བརྗོད་ཡོད་འདུག

གཞན་ཡང་། སི་ཨན་ཨན་སོགས་ཀྱི་ནང་གནས་ཚུལ་ཐོན་པ་ལྟར་ན།  གནམ་གྲུ་བརྡབ་སྐྱོན་ཤོར་རྗེས་མྱུར་སྐྱོབ་སྡེ་ཚན་འཕྲལ་དུ་ས་གནས་སུ་ཕྱིན་ཏེ། མེ་བསད་པ་དང་གསོན་པོར་ལུས་པའི་འགྲུལ་བ་རྣམས་ཉེ་འཁོར་སྨན་ཁང་དུ་བསྐྱལ་ཡོད་འདུག དམག་མི་ ༤༩ དང་མི་དཀྱུས་མ་ ༤ ལ་རྨས་སྐྱོན་ཕོག་འདུག དེ་བཞིན་རྐྱེན་འདས་ཕྱིན་པའི་ཁྲོད་དམག་མི་ ༤༧ དང་། མི་དཀྱུས་མ་ ༣ ཡོད་འདུག

དམག་སྤྱོད་གནམ་གྲུ་ཨང་རྟགས་(C-130) ཅན་དེར་དོན་རྐྱེན་བྱུང་བ་ད་ལན་ཐེངས་དང་པོ་རེད་མི་འདུག ཕྱི་ལོ་ ༡༩༩༣ ལོར་ཡང་གནམ་སྤྱོད་གནམ་གྲུ་དེ་ཡུལ་དེའི་མངའ་སྡེ་མཱ་ནི་ལཱ་(Manila)རུ་གློ་བུར་བརྡབ་སྐྱོན་བྱུང་སྟེ་དམག་མི་ ༣༠ རྐྱེན་འདས་སུ་ཕྱིན་ཡོད་འདུག གཞན་ཡང་།  ཕྱི་ལོ་ ༢༠༠༠ ལོར་མང་སྤྱོད་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་མི་ ༡༣༡ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཡང་ཡུལ་དེའི་དམག་སྤྱོད་གནམ་གྲུ་གཞན་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་དམག་མི་ ༡༡ རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese