མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཁེ་ན་ཌའི་སྲིད་བློན་མཆོག་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ལགས་ལ་རྒྱལ་ཡོངས་འོས་བསྡུའི་ཁྲོད་སྲིད་བློན་དུ་བསྐྱར་འདེམས་བྱུང་བར་འཚམས་འདྲི་དང་ཁེ་ན་ཌའི་མི་སེར་ཞིག་ཡིན་པའི་ཆ་ནས་ཕན་བདེའི་བྱ་བ་དེར་དགའ་སྤོབས་ཡོད་སྐོར་གསུངས་འདུག

དེ་ཡང་མགོན་པོ་མཆོག་གི་འཚམས་འཕྲིན་ནང་། སྲིད་བློན་ངོས་ནས་ཏོག་དབྱིབས་གཉན་རིམས་ལྟ་བུའི་གཉན་འཕྲང་གི་དུས་སྐབས་སུ་མི་མང་གི་སྣེ་ཁྲིད་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་དང་། ངོས་རང་འདས་པའི་ལོ་ཤས་ནང་ཁེ་ན་ཌར་བསྐྱོད་རྒྱུ་བྱུང་བ་ནི་བསྐལ་བ་བཟང་པོ་ཡིན་ལ། ཁེ་ན་ཌའི་གཅེན་གཅུང་རྣམས་ཀྱིས་གུས་པར་གྲོགས་འདྲིས་དང་བརྩེ་འདང་བྱིན་པ་དེས་ངོས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་གོ་སྐབས་འདི་དང་བསྟུན་ནས། ཁྱེད་ཀྱི་ཕ་དམ་པ་སྲིད་བློན་ཡིན་པའི་དུས་ནས་ཁེ་ན་ཌ་གཞུང་གིས་སྤྲོ་སེམས་འཁོལ་བོའི་ཐོག་ནས་བཙན་བྱོལ་བོད་མི་རྣམས་ཁེ་ན་ཌར་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ། ངོས་ལ་བོད་མི་རྣམས་ཀྱིས་ཁེ་ན་ཌའི་རིག་གཞུང་སྣ་མང་གི་སྤྱི་ཚོགས་ལ་ཞབས་འདེགས་རྒྱ་གང་ཆེ་ཞུ་ཡི་ཡོད་པ་ཤེས་རྟོགས་ཡོད། ཅེས་གསུངས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར། ཁེ་ཎ་ཌའི་གྲོས་ཚོགས་ཀྱི་འོས་བསྡུ་ལ་སླར་ཡར་ལས་ཐོག་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) ལགས་ཀྱིས་སྣེ་ཁྲིད་པའི་ད་ལྟའི་གཞུང་འཛིན་ཚོགས་པ་ལི་བི་རལ་ (Liberal) ལ་རྒྱལ་ཁ་ཐོབ་ཡོད་འདུག ཐེངས་འདིར་ལི་བི་རལ་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། དེ་སྔོན་ཕྱི་ལོ་ ༢༠༡༥ འོས་བསྡུའི་སྐབས་ཀྱི་གྲུབ་འབྲས་བཞིན་འདི་ལོར་སྤྱི་མོས་ཀྱི་འོས་གྲངས་ཐོབ་མེད་སྟབས། ཐེངས་འདིར་ཆབ་སྲིད་ཚོགས་པ་གཞན་དང་ཟུང་འབྲེལ་ཐོག་གཞུང་འཛིན་བྱེད་ཀྱི་དགོས་ཡོད་འདུག

ཁེ་ཎ་ཌའི་གྲོས་ཚོགས་ནང་ཁྱོན་བསྡོམས་རྐུབ་སྟེགས་ ༣༣༨ ཡོད་པ་ལས། ཐེངས་འདིའི་འོས་བསྡུའི་ཁྲོད་ད་ལྟའི་གཞུང་འཛིན་ཚོགས་པ་ལི་བི་རལ་ལ་རྐུབ་སྟེགས་ ༡༥༨ ཐོབ་པ་དང་། (Conservative) ཀན་སར་བི་ཏི་ཚོགས་པར་རྐུབ་སྟེགས་ ༡༡༩། (New Democrat) ནེའུ་ཌེ་མོ་ཀ་རེཏ་ཚོགས་པར་ ༢༥། རྐུབ་སྟེགས་ལྷག་མ་རྣམས་ཆབ་སྲིད་ཚོགས་པ་གཞན་ལ་ཁ་ཐོར་ནས་ཐོབ་ཡོད་པ་རེད།

འོས་བསྡུའི་གྲུབ་འབྲས་རྗེས་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ལགས་ཀྱིས་རང་གི་སྤྱི་ཚོགས་དྲ་ལམ་བརྒྱུད་ཁེ་ན་ཌ་མི་མང་རྣམས་ལ། ཁེ་ན་ཌ་མི་མང་གིས་སོ་སོའི་འོས་ཤོག་གི་ཐོབ་ཐང་བླངས་ཏེ། འོད་སྟོང་འཕྲོ་བའི་མ་འོངས་ཀྱི་ཆེད་དུ་ལི་བི་རལ་ཚོགས་པར་ཡིད་ཆེས་གནང་བར་ཐུགས་རྗེ་ཞུ། ང་ཚོས་མི་མང་ཚང་མའི་བདེ་དོན་ཆེད་ཏོག་དབྱིབས་ནད་ཡམས་ལ་གདོང་ལེན་གནང་གིན་ཁེ་ན་ཌ་རྒྱལ་ཁབ་འདི་ཉིད་མདུན་དུ་འཁྲིད་དགོས། ཞེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཁེ་ན་ཌའི་འོས་བསྡུ་དངོས་གཞི་མགོ་འཛུགས་ཞུས་ཡོད་པ་དང་། ལས་ཐོག་སྲིད་བློན་གྱིས་ཁེ་ཎ་ཌའི་ནང་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཕྱིན་པར་སྟངས་འཛིན་གང་ལེགས་བྱས་པར་བརྟེན། ཐེངས་འདིའི་འོས་བསྡུའི་སྐབས་མང་ཚོགས་ནས་ཁོང་གི་སྣེ་ཁྲིད་ཚོགས་པར་ལེགས་སྐྱེས་ཀྱི་ཚུལ་དུ་འོས་ཤོག་གི་རྒྱབ་སྐྱོར་ཆེས་ཆེར་འཐོབ་རྒྱུའི་རེ་བ་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༡༥ ལོའི་འོས་བསྡུ་བཞིན་སྤྱི་མོས་མ་ཡིན་པར་མང་མོས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་རེད།

སྤྱིར་ཁེ་ན་ཌའི་གྲོས་ཚོགས་ཀྱི་འོས་བསྡུ་ནི་ལོ་གཉིས་གོང་དུ་བྱེད་དགོས་ཀྱང་ཏོག་དབྱིབས་ནད་ཡམས་ལ་བརྟེན་དེ་ལྟར་འཕར་རྒྱང་བྱས་དགོས་བྱུང་ཡོད་ན་ཡང་། ཁ་གཏད་ཕྱོགས་པས་ངོས་ནས་ལས་ཐོག་སྲིད་བློན་གྱིས་དུས་ཐོག་འོས་བསྡུ་མ་བྱེད་པ་ནི་མི་མང་གི་མདུན་དུ་ཐོན་ནས་འོས་ཤོག་ཐོབ་ཕྱིར་གཏམ་བརྗོད་སྣ་ཚོགས་ཁྲབ་ཏེ་སོ་སོའི་འདོད་འདུན་ཁོ་ན་བསྒྲུབ་ཕྱིར་ཡིན་ལུགས་ཀྱི་སྐྱོན་བརྗོད་ཆེན་པོ་བྱས་ཡོད་འདུག

ལྡི་ལི་གསར་འགོད་པ་ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༦ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༧ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese