མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གིས་སྲིད་བློན་གསར་པ་ཞིག་བདམས་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པའི་མགོ་ཁྲིད་དུ་བདམས་ཐོན་བྱུང་བའི་ཡུལ་དེའི་བློན་ཆེན་ཟུར་པ་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ (Fumio Kishida) ཉི་ཧོང་གི་སྲིད་བློན་གསར་པར་བསྐོ་གཞག་གནང་རྒྱུ་ཡིན་མིན་ཐད། དེ་རིང་ཉི་ཧོང་གི་གྲོས་ཚོགས་གོང་འོག་ནང་འོས་བསྡུ་བྱས་པ་བརྒྱུད་མང་མོས་རྒྱབ་སྐྱོར་ཐོབ་པར་བརྟེན། དེ་རིང་ནས་ཁོང་གིས་དངོས་སུ་ལས་ཁུར་མགོ་བརྩམས་ཡོད་འདུག

གྲོས་ཚོགས་ཀྱི་འོས་བསྡུ་མ་འཚོག་གོང་སྐུ་ཞབས་ཀི་ཤི་ཌ་མཆོག་གིས་གསར་འགོད་པར། ད་ལན་དོན་དམ་པའི་མགོ་འཛུགས་གསར་བ་ཞིག་ཆགས་རྒྱུ་རེད། ངས་མ་འོངས་པའི་ཆེད་དུ་ཆོད་སེམས་བརྟན་པོའི་ཐོག་ནས་དཀའ་ངལ་དག་ལ་གདོང་ལེན་བྱ་འདུན་ཡོད། ཅེས་བརྗོད་འདུག་ལ། ཉི་ཧོང་དུས་བབ་གསར་ཁང་གི་དེ་འབྲེལ་གནས་ཚུལ་ལྟར་ན། དེ་རིང་སྲིད་བློན་དུ་དངོས་སུ་བསྐོ་གཞག་བྱུང་བ་དང་འབྲེལ། སྐུ་ཞབས་ཀི་ཤི་ཌ་མཆོག་གིས་འཛིན་སྐྱོང་གསར་པའི་བློན་ཆེན་ཁག་གི་མིང་ཐོ་གསལ་བསྒྲགས་གནང་ཡོད་ཅིང་། དེ་སྔ་དང་མི་འདྲ་བར་འཛིན་སྐྱོང་གསར་པའི་བློན་ཆེན་ ༢༠ ཁྲོད་དུ་གཞོན་སྐྱེས་ ༡༣ ལྷག་ཡོད་པ་དང་། བུད་མེད་བློན་ཆེན་ ༣ ཡོད་སྐོར་བཀོད་འདུག་ལ། དེ་བཞིན་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པའི་ནང་ཁུལ་གྱི་ཁ་གཏད་ཤོག་ཁག་ལའང་གོ་གནས་མཐོན་པོ་སྤྲད་ཡོད་འདུག

ཉེ་ལམ་ནས་ཉི་ཧོང་དང་རྒྱ་ནག་གི་འབྲེལ་བ་དེ་སྔར་ལས་ཅུང་ཛ་དྲག་ལྟ་བུར་གྱུར་ཡོད་ཅིང་། དབྱེ་ཞིབ་པ་རྣམས་ཀྱིས་སྲིད་བློན་གསར་པ་ཀི་ཤི་ཌ་མཆོག་གི་རྒྱ་ནག་ལ་ལྟ་ཕྱོགས་ཇི་ཡིན་སོགས་དང་འབྲེལ་ནས།  ཉེ་ཆར་སྐུ་ཞབས་ཀི་ཤི་ཌ་ཡིས་འོས་བསྡུའི་སྔོན་དུ། སྲིད་འཛིན་མ་གཏོགས་སྲིད་དོན་ཚོགས་པའི་ཚོགས་མི་སུ་རུང་ཞིག་གིས་བསྟུད་མར་ལོ་གསུམ་ལས་མང་བ་མགོ་ཁྲིད་དང་འགན་འཛིན་གྱི་ལས་འཁུར་ཞུ་ཆོག་གི་མེད་སྐོར་བརྗོད་དེ། དོན་དུ་རྒྱ་ནག་གཞུང་དང་འབྲེལ་ལམ་ཡག་པོ་ཡོད་ཅིང་། དུས་རྒྱུན་ཉི་ཧོང་གི་ཆབ་སྲིད་ར་བའི་ནང་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་གཞུང་འཛིན་གུ་ཡངས་དམངས་གཙོའི་ཚོགས་པའི་ (Liberal Democratic Party, LDP) སྤྱི་ཁྱབ་དྲུང་ཆེ་ཊོ་ཤི་ཧི་རོ་ནི་ཀའེ་ (Toshihiro Nikai) ཟེར་བ་དེས་འདས་པའི་ལོ་ལྔའི་རིང་བསྟུད་མར་དྲུང་ཆེའི་ལས་གནས་བཟུང་བ་དེར་དགག་བྱ་བཏོན་ཡོད་འདུག་ལ།  སྲིད་བློན་དུ་བདམས་ཐོན་བྱུང་རྗེས་སྤྱི་ཁྱབ་དྲུང་ཆེ་གསར་པ་ཞིག་བསྐོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག དེ་བཞིན་སྐུ་ཞབས་ཀི་ཤི་ཌ་མཆོག་གིས་དེ་སྔོན་སྲིད་བློན་ལས་ཁུངས་ཀྱི་ཁོངས་སུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་ཁུངས་གསར་བ་ཞིག་འཛུགས་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། དེ་ནི་གཙོ་བོ་རྒྱ་ནག་ལ་དམིགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱེད་མཁན་འདུག

སྲིད་བློན་ཧྥུ་མིའོ་ཀི་ཤི་ཌ་མཆོག་གི་སྣེ་ཁྲིད་པའི་ཉི་ཧོང་གི་གཞུང་གསར་པའི་གདོང་ལེན་བྱ་དགོས་པའི་གནད་དོན་གཙོ་བོ་གཅིག་ནི། ཟླ་འདིའི་ཕྱི་ཚེས་ ༣༡ ཉིན་བསྡུ་འཆར་ཡོད་པའི་ཉི་ཧོང་གི་རྒྱལ་ཡོངས་འོས་བསྡུ་སྟེ། གྲོས་ཚོགས་འོག་མའི་འོས་བསྡུ་དེ་ཉིད་ཡིན་ཞིང་། འབྱུང་འགྱུར་ཟླ་བ་གཅིག་ལྷག་གི་སྲིད་བློན་གྱི་ལས་ཡུན་རིང་སྐུ་ཞབས་ཀི་ཤི་ཌ་མཆོག་ནས་གུ་ཡངས་དམངས་གཙོ་ཚོགས་པའི་སྣེ་ཁྲིད་དེ་རྒྱལ་ཡོངས་འོས་བསྡུར་རྒྱལ་ཁ་མ་བླངས་ཚེ། ཉི་ཧོང་ལ་བསྐྱར་དུ་དུས་ཡུན་ཐུང་ཐུང་ནང་སྲིད་བློན་གསར་བ་ཞིག་སླེབས་ངེས་པའི་གནས་སྟངས་ལ་ལྷུང་ཡོད་པ་རེད། ད་ལྟའི་ཆར་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པར་ཕོག་བཞིན་པའི་སྐྱོན་བརྗོད་ཆེ་ཤོས་དེ་ཏོག་དབྱིབས་གཉན་རིམས་སྟངས་འཛིན་ཐད་ཡིན་སྟབས། སྲིད་བློན་གསར་པ་མཆོག་ནས་འཕྲོད་བསྟེན་བློན་ཆེན་དང་། ཏོག་དབྱིབས་གཉན་རིམས་འགོག་རྒོལ་དང་སྔོན་འགོག་སྨན་ཁབ་བློན་ཆེན་གཉིས་ཀ་གསར་པ་བསྐོ་རྒྱུ་ཡིན་འདུག་པ་མ་ཟད། གཉན་རིམས་འགོག་རྒོལ་གྱི་ཆེད་དུ་རྒྱལ་ཡོངས་ནང་གཞི་རྒྱ་ཆེ་བའི་སྐབས་འཕྲལ་སྨན་ཁང་འཛུགས་རྒྱུ་ཡིན་འདུག

འདས་ལོར་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱ་སའི་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ (Shinzo Abe)མཆོག་ནས་སྙུང་གཞིའི་རྐྱེན་པས་རྩ་དགོངས་ཞུས་རྗེས། ཁོང་གི་ཕྱག་གཡས་པ་ལྟར་གྱུར་བའི་སྐུ་ཞབས་ཡོ་ཤི་ཧེ་དྷི་སུ་གྷ་ (Yoshihide Suga) མཆོག་སྲིད་བློན་དུ་བསྐོས་ཡོད་ནའང་། འདས་པའི་ལོ་གཅིག་ནང་ཉི་ཧོང་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་འགོག་རྒོལ་ཐབས་ཇུས་དང་། ལྷག་པར་དུ་མང་ཚོགས་ཀྱི་བློ་འཚབ་དང་སྐྱོན་བརྗོད་སོགས་ལ་ལྟོས་མེད་ཀྱིས་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་པ་སོགས་ལ་བརྟེན་ནས། རྒྱལ་ཡོངས་ནང་སྲིད་བློན་ཟུར་པ་སུ་གྷར་དགའ་མོས་བྱེད་མཁན་ཇེ་ཉུང་དུ་སོང་བ་དང་བསྟུན། འདི་ལོའི་ཉི་ཧོང་གི་རྒྱལ་ཡོངས་འོས་བསྡུའི་ཆེད་དུ་འདེམས་སྒྲུག་བྱེད་ཀྱི་ཡོད་པའི་གཞུང་འཛིན་གུ་ཡངས་དམངས་གཙོ་ཚོགས་པའི་མགོ་ཁྲིད་ཀྱི་འོས་མིའི་ཁོངས་སུ་ཞུགས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པར་བརྟེན། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་སྲིད་དོན་ཚོགས་པའི་མགོ་འཁྲིད་ཀྱི་འོས་བསྡུ་བསྡུས་ཏེ་སྐུ་ཞབས་ཀི་ཤི་ཌ་མཆོག་འོས་འདེམས་བྱུང་བ་ཞིག་ཡིན་པ་རེད།

Former Foreign Minister Fumio Kishida gestures as he is elected as new head of the ruling party in the Liberal Democratic Party’s leadership vote in Tokyo on 29/09/2021. Photo: KYODO

ཉི་ཧོང་དེ་འཛམ་གླིང་ནང་གི་ཡར་ཐོན་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ནའང་། བར་སྐབས་ཤིག་ལ་མ་གཏོགས་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གི་གཞུང་དེ་གུ་ཡངས་དམངས་གཙོ་ཚོགས་པས་བཟུང་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༡༩༩༣ ནས་ ༡༩༩༤ བར་ལོ་གཅིག་རིང་ཁ་གཏད་སྲིད་དོན་ཚོགས་པའི་གཞུང་འཛིན་བཙུགས་པ་ཙམ་ལས། དེ་མིན་ཕྱི་ལོ་ ༡༩༥༥ ལོ་ནས་བཟུང་ཕྱི་ལོ་ ༢༠༠༩ བར་ཉི་ཧོང་གི་གཞུང་དེ་གུ་ཡངས་དམངས་གཙོ་ཚོགས་པས་བཟུང་ཞིང་། ཕྱི་ལོ་ ༢༠༠༩ ལོར་ཁ་གཏད་ཚོགས་པར་གཞུང་འཛིན་གྱི་གོ་སྐབས་བྱུང་ཡོད་ནའང་། ཕྱི་ལ་ ༢༠༡༡ ལོར་ཉི་ཧོང་དུ་ས་འགུལ་དང་ཆུ་ལོག་གི་གོད་ཆག་ཆེན་པོ་བྱུང་རྐྱེན་འོག་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་མ་ཐོབ་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཤིན་ཛོ་ཨ་བྷེ་མཆོག་གིས་སྣེ་ཁྲིད་པའི་གུ་ཡངས་དམངས་གཙོ་ཚོགས་པ་གཞུང་འཛིན་དུ་བསྐྱར་ལོག་བྱུང་སྟེ། སྐུ་ཞབས་ཤིན་ཛོ་ཨ་བྷེ་མཆོག་ཉི་ཧོང་གི་ལས་ཡུན་རིང་ཤོས་ཀྱི་སྲིད་བློན་དུ་གྱུར་ཡོད་པ་རེད།

སྤྱིར་དམངས་གཙོའི་རྒྱལ་ཁབ་གཞན་དང་མི་འདྲ་བར་ཉི་ཧོང་གི་ཆབ་སྲིད་ནང་སྲིད་བློན་བརྗེ་བསྒྱུར་གྱི་དོན་རྐྱེན་བསྟུན་མར་བྱུང་ཡོད་པ་རེད། དེ་ཡང་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཉི་ཧོང་གི་སྲིད་བློན་གྱི་ལོ་ཡུན་ལོ་ལྔ་ཟིན་མཁན་གྱི་སྲིད་བློན་ལྔ་མ་གཏོགས་བྱུང་མེད་པ་རེད། དེ་ཡང་ཕྱི་ལོ་ ༡༩༨༧ ལོ་ནས་ ༢༠༠༡ བར་ལོ་ ༡༤ རིང་ཉི་ཧོང་ལ་སྲིད་བློན་ ༡༠ བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༠༡ ལོར་མི་མང་གི་རྒྱབ་སྐྱོར་ཚད་མཐོན་པོ་ཐོན་པའི་སྲིད་བློན་ཇུ་ནི་ཆི་རོ་ཀོའི་ཛུ་མི་ (Junichiro Koizumi) མཆོག་གིས་ལས་ཡུན་ཆ་ཚང་རིང་སྲིད་བློན་གྱི་འགན་འཁུར་ཞུས་ཏེ་ཕྱི་ལོ་ ༢༠༠༦ ལོར་རྒྱལ་ཡོངས་འོས་བསྡུ་བྱས་རྗེས། ཕྱི་ལོ་ ༢༠༡༦ བར་ལོ་དྲུག་རིང་ཡང་བསྐྱར་སྲིད་བློན་བརྗེ་བསྒྱུར་གྱི་དོན་རྐྱེན་བསྟུད་མར་བྱུང་སྟེ། ལོ་ ༦ དེའི་རིང་ཤིན་ཛོ་ཨ་བྷེ་ཚུད་པའི་སྲིད་བློན་ ༦ བྱུང་བ་རེད། ཕྱི་ལོ་ ༢༠༡༢ ལོར་ཤིན་ཛོ་ཨ་བྷེ་ཡང་བསྐྱར་སྲིད་བློན་དུ་འོས་འདེམས་བྱུང་རྗེས་འདས་ལོ་བར་ལས་འཁུར་རྒྱུན་མཐུད་ནས་ཞུས་པར་བརྟེན། ཉི་ཧོང་གི་སྲིད་བློན་བརྗེ་བསྒྱུར་གྱི་ལམ་ལུགས་དེ་མཇུག་བསྒྲིལ་ཡོད་པར་ཡིད་ཆེས་བྱས་ཡོད་ནའང། ཁོང་གི་རྗེས་འཛིན་སྲིད་བློན་སུ་གྷ་ཡིས་ཀྱང་ལོ་གཅིག་རྗེས་རྩ་དགོངས་ཞུས་པའི་དོན་རྐྱེན་དེས་ཉི་ཧོང་གི་ཆབ་སྲིད་དེ་སྔར་བཞིན་སྲིད་བློན་བརྗེ་བསྒྱུར་གྱི་ལམ་ལུགས་དང་བྲལ་མེད་པ་དྲན་གསོ་བྱས་ཡོད་པ་རེད།

ད་ལྟ་རང་ལོ་ ༦༤ ཡིན་པའི་ཉི་ཧོང་གི་སྲིད་བློན་ཐེངས་ ༡༠༠ པ་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ནི་ཆབ་སྲིད་མི་སྣའི་ཁྱིམ་ཚང་ནས་འཁྲུངས་པ་ཞིག་ཡིན་སྟེ། ཁོང་གི་པཱ་ལགས་དང་སྤོ་ལགས་གཉིས་ཀ་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཡིན་པ་རེད། ཕྱི་ལོ་ ༡༩༩༣ ལོར་ཉི་ཧོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ནང་རྒྱལ་ཁ་ཐོབ་སྟེ། ཉི་ཧོང་གི་སྲིད་དོན་ཚོགས་པ་ཆེ་ཤོས་གུ་ཡངས་དམངས་གཙོ་ཚོགས་པའི་གནད་ཡོད་མི་སྣར་གྱུར་བ་མ་ཟད། ཉི་ཧོང་གི་དེང་རབས་ལོ་རྒྱུས་ཁྲོད་ཀྱི་ཕྱི་འབྲེལ་བློན་ཆེན་ལས་ཡུན་རིང་ཤོས་དེར་གྱུར་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རྡུལ་ཕྲན་མཚོན་ཆ་གཡུག་སའི་ས་ཁུལ་ཧི་རོ་ཤི་མ་ (Hiroshima) ནས་ཡིན་པའི་རྐྱེན་གྱིས། སྐུ་ཞབས་ཀི་ཤི་ཌ་ནི་ཉི་ཧོང་གི་ཆབ་སྲིད་མི་སྣའི་ཁྲོད་དུ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ལ་དགག་པ་ཤུགས་ཆེ་ཤོས་རྒྱག་མཁན་ཞིག་ཡིན་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese