མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་མི་འགྱང་བར་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་ཐད་ཡིག་ཆ་ཞིག་སྤྲོད་གནང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་གྱི་གསར་ཁང་རི་པཱབ་ལིག་བརྙན་འཕྲིན་ཁང་(Republic TV)གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བརྙན་ལམ་བརྒྱུད་བཅར་འདྲི་བྱེད་སྐབས། སྲིད་སྐྱོང་མཆོག་ནས་འབྱུང་འགྱུར་ཟླ་བ་གཅིག་གཉིས་ནང་གཞུང་འབྲེལ་བརྒྱུད་ལམ་ཐོག་ནས་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་གསོའི་ཐད་ཡིག་ཆ་ཞིག་སྤྲོད་རྒྱུ་ཡིན་ལ། ཡིག་ཆ་དེར་བརྡ་ལན་སྤྲོད་མིན་ནི་རྒྱ་ནག་གཞུང་ལ་རག་ལས་ཡོད་སྐོར་གསུངས་འདུག

དེ་ཡང་གསར་ཁང་དེའི་གསར་འགོད་པས་ཉེ་ཆར་རྒྱ་ནག་གཞུང་ངོས་ནས་༧གོང་ས་མཆོག་ལ་མགོན་པོ་གང་ཉིད་སྐུ་རྐྱང་གི་སྐོར་ལ་གླེང་མོལ་ཞུ་རྒྱུའི་འདོད་པ་ཡོད་ཀྱང་། བོད་སྐོར་ལ་གྲོས་མོལ་བྱ་རྒྱུ་མིན་ཞེས་པའི་སྐད་ཆ་ཞིག་བཤད་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་ཞུས་པར་སྲིད་སྐྱོང་མཆོག་གིས། ༧གོང་ས་མཆོག་ནས་དུས་དང་དུས་སུ་འདི་ནི་ཁོང་རང་ཉིད་ཀྱི་གནད་དོན་ཙམ་ཞིག་མིན་པར་བོད་ནང་ཡོད་པའི་བོད་མི་ས་ཡ་ ༦ གི་གནད་དོན་ཞིག་ཡིན་སྐོར་ཡང་ཡང་གསུངས་ཡོད་ལ། དུས་རྒྱུན་དུ་རྒྱ་ནག་གི་བཤད་སྟངས་དེ་རང་ཡིན་པ་རེད། འདི་ནི་རྒྱ་ནག་གཞུང་གིས་འཛམ་གླིང་མི་མང་ལ་ཁོ་ཚོས་༧གོང་ས་མཆོག་མ་གཏོགས་བོད་མིའི་སྐོར་གླེང་སློང་བྱ་འདོད་མེད་པའི་ཕྱིའི་རྣམ་པ་ཙམ་ཞིག་བསྟན་པ་རེད། ང་ཚོ་གནད་དོན་དེར་ཧང་སངས་དགོས་པ་དེ་འདྲ་བྱུང་མ་སོང་ཡང་། ང་ཚོས་མུ་མཐུད་ནས་རྒྱ་ནག་གཞུང་ལ་མཐུད་ཐབས་བྱ་རྒྱུ་ཡིན། ཞེས་གསུངས་འདུག

ཡང་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་མིན་ཐད་ལ་སྲིད་སྐྱོང་མཆོག་གིས། ང་ཚོས་འབྱུང་འགྱུར་ཟླ་བ་གཅིག་གཉིས་ནང་རྒྱ་ནག་གཞུང་ལ་ཡིག་ཆ་ཞིག་སྤྲོད་རྒྱུ་ཡིན་ལ། དེའི་མཉམ་དུ་བོད་ནང་གི་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ་བང་རིམ་ལྡན་པའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དང་ལས་འཆར་དག་གིས་བོད་མིའི་ངོ་བོ་རྒྱུན་གནས་ལ་གནོད་པ་ཙམ་དུ་མ་ཟད། རྒྱ་ནག་རྒྱལ་ཁབ་རང་ལའང་གནོད་གཞིར་འགྱུར་ཚུལ་གྱི་ཡིག་ཆ་ཞིག་སྤྲད་རྒྱུ་ཡིན་པ་དེར་རྒྱ་ནག་གཞུང་ངོས་ནས་བརྡ་ལན་ཅི་འདྲ་སྤྲད་མིན་ལ་རག་ལས་པ་ཞིག་རེད། ཡིག་ཆ་དེ་ཉིད་གཞུང་འབྲེལ་གྱི་བརྒྱུད་ལམ་རང་ཐོག་ནས་རྒྱ་ནག་གཞུང་ལ་སྤྲོད་རྒྱུ་ཡིན་ནའང་། རྒྱ་ནག་གཞུང་ངོས་ནས་དེར་བརྡ་ལན་སྤྲོད་མིན་ནི་རྒྱ་ནག་ལ་རག་ལས་པ་ལས་ང་ཚོའི་ལག་ཏུ་མེད་པ་རེད། ཅེས་གསུངས་འདུག

ཡང་གསར་འགོད་པས་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་ངོས་ནས་བོད་མིའི་འཐབ་རྩོད་ལ་ཤུགས་སྣོན་བརྒྱབ་དགོས་པའི་དགོངས་ཚུལ་ཡོང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་གར་གཞུང་ངོས་ནས་ག་རེ་གནང་དགོས་མིན་གསལ་པོ་ཤེས་ཀྱི་ཡོད་པས། སྲིད་སྐྱོང་ངོས་ནས་དེར་ལམ་སྟོན་ལྟ་བུ་གནང་དགོས་པ་མེད་སྐོར་དང་། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་དབར་དུས་རྒྱུན་དུ་འབྲེལ་བ་ཡོད་མུས་ཡིན་ནའང་། འདི་ལོའི་ཕྱི་ཟླ་ ༧ པའི་རྗེས་སུ་རྒྱ་ནག་ཕྱོགས་ནས་གཞུང་འབྲེལ་གྱི་བརྡ་ལན་དམིགས་བསལ་མེད་པའི་རྒྱུ་མཚན་གྱིས་རྒྱ་གར་གཞུང་ལ་སྙན་གསེང་ཞུ་རྒྱུའི་གནས་ཚུལ་གསར་པ་བྱུང་མེད་སྐོར་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་མི་དང་རྒྱ་གར་གྱི་ཁེ་ཕན་དང་འབྲེལ་བའི་གནས་ཚུལ་རིགས་རྒྱ་གར་གཞུང་དང་ཕྱི་གསལ་ནང་གསལ་བྱ་རྒྱུའི་སྲིད་ཇུས་བརྟན་པོ་འཛིན་བཞིན་ཡོད་སྐོར་གསུངས་ཡོད་འདུག

ཨ་རི་དང་རྒྱ་གར་སོགས་ཀྱིས་བོད་དོན་ཐད་གྲུབ་འབྲས་ལྡན་པའི་རྒྱབ་སྐྱོར་གནང་ཐུབ་མིན་སྐོར་བཀའ་འདྲི་ཞུས་པར་སྲིང་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ངའི་བསམ་ཚུལ་ལ་འཛམ་གླིང་མི་མང་གིས་རྒྱ་ནག་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནང་མཉམ་ཞུགས་བྱས་ཏེ་འགན་འཁྲི་ལེན་སྲིད་པའི་རེ་བ་བྱས་ཡོད་ལ། ང་ཚོས་ཀྱང་དེ་ལྟར་རེ་བ་བཅངས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་རྩེད་འགྲན་གོ་སྒྲིག་བྱ་རྒྱུ་དང་། འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་(WTO) སུ་མཉམ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་གནང་ཡོད་པ་རེད། འོན་ཀྱང་ད་ལྟའི་གནས་སྟངས་ལ་བལྟས་ན། རྒྱ་ནག་གཞུང་ལ་ངོ་དགའ་ཅི་འདྲ་བྱས་ནའང་ཁོ་ཚོས་སྟོབས་ཆེན་ལ་མ་གཏོགས་ཉམ་ཆུང་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་ངེས་ཤེས་ཚང་མར་རྙེད་ཟིན་པ་རེད། ཅེས་དང་། ཉེ་ལམ་ས་མཚམས་ཁུལ་དུ་བྱུང་བའི་དོན་རྐྱེན་ལ་བརྟེན་ནས། རྒྱ་གར་གཞུང་ངོས་ནས་ཀྱང་སྲིད་ཇུས་མཁྲེགས་པོ་འཛིན་མགོ་བརྩམས་ཡོད་པ་རེད། ད་ལྟ་ཡུ་རོབ་དང་འཛམ་གླིང་ཁྱོན་ཡོངས་ཀྱིས་རིམ་པས་རྒྱ་ནག་གཞུང་གི་ཁ་ཞེ་མི་མཐུན་པའི་བྱ་སྤྱོད་རྣམས་མཐོང་ཡོང་གི་ཡོད་པ་རེད། ཅེས་གསུངས་འདུག

དེ་བཞིན་བཅར་འདྲིའི་སྐབས་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱལ་སྤྱིའི་སྟེང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ་དང་། སྲིད་སྐྱོང་མཆོག་སང་ལོའི་ལོ་འགོར་ཨ་རིར་ཆེད་ཕེབས་ཀྱིས་མགོ་འཁྲིད་རྣམས་དང་ཐུག་འཕྲད་གནང་འཆར་ཡོད་སྐོར་སོགས་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 1

  1. ལ་རྒྱའི་གནམ་ལྕགས་མདུང་། says:
    ལོ་ 5 སྔོན།

    དཔེ་ཡག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese