མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བར་རྒྱ་གཞུང་གིས་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲོ་ལི་ཅན་(Zhao lijian ) ཟེར་བ་དེས་ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དེ་གཏན་ནས་ངོས་ལེན་མེད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

ཁ་སང་རྒྱ་ནག་གཞུང་གི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་མགྲིན་པ་ཚབ་པ་ཀྲོ་ལི་ཅན་གྱིས།  རྒྱ་ནག་གཞུང་གིས་ཨ་རིའི་བོད་དོན་དམིགས་བསལ་མཐུད་པ་ཟེར་བ་ཞིག་བསྐོ་བཞག་བྱས་ཡོད་པ་དེར་ངོས་ལེན་གཏན་ནས་མེད།  ཨ་རིའི་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་ལེན་བྱས་ཡོད་པ་ལྟར། བོད་ཀྱི་གནད་དོན་ལ་ཁ་གཡར་ནས་རྒྱ་གཞུང་གི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ཀྱི་མཐའ་མཚམས་སོགས་ལ་ལྟ་སྐྱོང་དང་། བོད་དུ་ཡར་རྒྱས་གཏོང་གི་ཡོད་སྐོར་བརྗོད་དེ་སྐྱོན་བརྗོད་བྱས་འདུག་ལ། ད་བར་ཨ་རིའི་གཞུང་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བདུན་བསྐོ་བཞག་བྱུང་བ་རྣམས་ལའང་སྐྱོན་བརྗོད་མང་པོ་བྱས་ཡོད་འདུག

ཨ་རིའི་གཞུང་ནས་ཕྱི་ལོ་ ༡༩༩༧ ནས་བཟུང་བོད་དོན་ཆེད་བསྐོ་བཞག་གནང་བའི་དམིགས་བསལ་འབྲེལ་མཐུད་པ་རིམ་བྱུང་།

ཨ་རིའི་སྲིད་འཛིན་ཞེ་གཉིས་པ་བྷེལ་ཁི་ལིན་ཊོན་མཆོག་གི་སྐབས་སྟེ། ཕྱི་ལོ་ ༡༩༩༧ ཟླ་ ༡༠ ཚེས་ ༣༡ ཉིན་ཨ་རིའི་གཞུང་གི་སྲིད་ཇུས་འཆར་འགོད་ལྷན་ཁང་གི་འགན་འཛིན་སྐུ་ཞབས་གྷེ་རི་གྷོ་རི་ཁི་རེག་ (Gregory Craig) ལགས་ཆེས་ཐོག་མར་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་སྟེ་ཕྱི་ལོ་ ༡༩༩༧ ནས་ ༡༩༩༩བར་ཕྱག་ལས་གནང་།

ཡང་བྷེལ་ཁི་ལིན་ཊོན་མཆོག་གི་སྲིད་འཛིན་ལས་ཡུན་གཉིས་པའི་སྐབས། ཨ་རིའི་མི་འབོར་དང་སྐྱབས་བཅོལ་གནས་སྤོར་ལས་ཁུངས་ཀྱི་དྲུང་གཞོན་ལྕམ་སྐུ་དམ་པ་ཇུ་ལི་ཡ་ཊ་ཧྥིཌ་(Julia Taft)ལགས་ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོས།

ཨ་རིའི་སྲིད་འཛིན་ཞེ་གསུམ་པ་རྗོར་ཇི་ཌ་བྷི་ལུ་བྷུ་ཞི་(George W Bush)སྐབས་སུ་ཨ་རིའི་ཕྱི་འབྲེལ་ལྷན་ཁང་གི་འཛམ་གླིང་ཕྱི་འབྲེལ་ཚན་པའི་དྲུང་ཆེ་གཞོན་པ་ལྕམ་ཕོ་ལཱ་དྷོ་བྷི་རི་ཡན་སི་ཀའེ་(Paula Dobriansky)ལགས་ལོ་ ༢༠༠༡ ནས་ ༢༠༠༩ བར་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་།

ཨ་རིའི་སྲིད་འཛིན་ཞེ་བཞི་པ་ཨོ་བྷ་མ་མཆོག་གི་སྲིད་འཛིན་ལས་ཡུན་དང་པོར། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ལས་ལྕམ་མཱ་རི་ཡ་ཨོ་ཊི་རོ་( Maria Otero) ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཏེ། ཕྱི་ལོ ༢༠༠༩ ནས་༢༠༡༣ བར་ཕྱག་ལས་གནང་།

དེ་བཞིན་ཨོ་བྷ་མ་མཆོག་གི་སྲིད་འཛིན་ལས་ཡུན་གཉིས་པའི་སྐབས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ལས་ལྕམ་(Sara Sewall )ལགས་ཕྱི་ལོ་ ༢༠༡༤ ནས་ ༢༠༡༧ བར་དམིགས་བསལ་འབྲེལ་མཐུད་པར་བསྐོས།

ཨ་རིའི་སྲིད་འཛིན་ཞེ་ལྔ་པ་ཊོམ་ཕུ་མཆོག་གི་སྲིད་འཛིན་ལས་ཡུན་ལོ་བཞིའི་ནང་ལོ་གསུམ་ལྷག་རིང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱུང་མེད་ཀྱང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་དོན་ཚན་པའི་དྲུང་ཆེའི་ལས་རོགས་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ (Robert A.Destro)ལགས་བསྐོ་བཞག་གནང་།

ཨ་རིའི་སྲིད་འཛིན་ཞེ་དྲུག་པ་རྗོ་བྷའེ་ཌིན་མཆོག་ནས་སྲིད་འཛིན་གྱི་ལས་འཁུར་ཞུས་ཏེ་ལོ་གཅིག་མ་ཟིན་ཙམ་གྱི་མཚམས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་ཨུ་ཛི་ར་ཛེ་ཡ་(Uzra Zeya) ལགས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་ལ། ཁོང་མོ་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བདུན་པ་དེ་ཆགས་ཡོད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༠ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese