མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་སྲིད་བློན་མཆོག་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཨོ་སི་ཊོ་ལི་ཡའི་སྲིད་བློན་གསར་པར་འཚམས་འདྲི་གནང་ཡོད་པ་དང་དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཨོ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་འཚམས་འདྲི་གནང་འདུག

དེ་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཨེན་ཐོ་ནི་ཨལ་བྷེ་ནི་སི་མཆོག་ཨོ་གླིང་གི་སྲིད་བློན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་གནང་བའི་ནང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ཨོ་སི་ཊོ་ལི་ཡའི་སྲིད་བློན་དུ་མང་མོས་འོས་འདེམས་བྱུང་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཨོ་སི་ཊོ་ལི་ཡའི་མི་མང་གིས་འོས་ཤོག་གི་ལམ་ནས་སྐུ་ཉིད་ཀྱི་དབུ་ཁྲིད་ལམ་སྟོན་ལ་ཡིད་ཆེས་བློ་འགེལ་དང་རེ་བ་བཅོལ་ཡོད་པ་རེད། ངས་གོ་སྐབས་འདི་བརྒྱུད་ནས་ཨོ་སི་ཊོ་ལི་ཡའི་གཞུང་མང་གཉིས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་དང་ཁོང་ཅག་གི་ནང་མི་གཙོ་བོར་གྱུར་པའི་བོད་མི་རྣམས་ལ་ཨོ་སི་ཊོ་ལི་ཡར་འགྲོ་བ་མིའི་བདེ་རྩ་དང་གཞིས་ཆགས་པའི་རོགས་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ཤུགས་ཆེན་གླེང་སློང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་དབང་བསྒྱུར་འོག་བོད་ནང་གི་བོད་མི་རྣམས་ཀྱིས་མུ་མཐུད་བཙན་གནོན་སྡུག་སྦྱོང་མྱོང་བཞིན་ཡོད་པ་དང་། དེའི་རྐྱེན་གྱིས་རིམ་པས་རིག་གཞུང་རྩ་གཏོར་འགྲོ་ཉེན་ཆེ་ནའང་། དེང་སྐབས་ཨོ་སི་ཊོ་ལི་ཡ་ཐེ་བའི་དམངས་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་དགའ་བའི་རྒྱལ་ཁབ་མང་པོས་རྒྱ་ནག་གི་སྲིད་དབང་སྒེར་འཛིན་གྱི་སྲིད་གཞུང་ལ་གདོང་ལེན་བྱེད་ཀྱི་ཡོད། ཅེས་དང་། སྲིད་བློན་མཆོག་གི་དབུ་ཁྲིད་འོག་འབྱུང་འགྱུར་གྱི་དཀའ་སྡུག་ཁག་ལ་གདོང་ལེན་བྱེད་ཐུབ་པ་དང་། ཁོང་གི་ཕྱི་འབྲེལ་གྱི་སྲིད་ཇུས་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆེ་མཐོང་གཙོ་བོར་འཛིན་པའི་ཡིད་ཆེས་ཡོད། ཅེས་གསུངས་འདུག

དེ་བཞིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝེ་རན་ (Warren Entsch)  ལགས་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སོ་སན་ (Susan Templeman) ལགས་རྣམ་གཉིས་བསྐྱར་དུ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་གནང་བའི་ནང་། ཁྱེད་རྣམ་པ་གཉིས་སླར་ཡང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བར་བོད་མི་ཚང་མ་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་། ཁྱེད་རྣམ་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ད་རེས་ཁྱེད་རྣམ་པར་འོས་བསྡུའི་རྒྱལ་ཁ་ཐོབ་པ་དེས་ཨོ་སི་ཊོ་ལི་ཡའི་མི་མང་གིས་ཁྱེད་རྣམ་པའི་འགོ་ཁྲིད་གནང་ཕྱོགས་ལ་ཡིད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོན་ཐུབ། ཁྱེད་རྣམ་པའི་གྲོས་ཚོགས་འཐུས་མིའི་ལས་ཡུན་རིང་། ཨོ་སི་ཊོ་ལི་ཡའི་མི་མང་གི་མངོན་འདོད་བསྒྲུབ་རྒྱུའི་ལས་དོན་མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

ད་ལྟ་རང་ལོ་ ༧༡ ཡིན་པའི་ཚོགས་གཙོ་སྐུ་ཞབས་ཝེ་རན་ལགས་ནི་ཕྱི་ལོ་ ༡༩༩༦ ནས་ ༢༠༠༧ བར་དང་ཕྱི་ལོ་ ༢༠༡༠ ནས་ད་བར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་ཞིང་། ཕྱི་ལོ་ ༢༠༡༣ ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཡིན་པ་དང་། ད་ལྟའི་ཆར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའང་ཡིན་འདུག ད་ལྟའི་ཆར་ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཕྱག་ལས་གནང་གི་ཡོད་འདུག ཁོང་ནས་གནམ་གཤིས་འགྱུར་ལྡོག་གིས་འཛམ་གླིང་ནང་ཆེས་རྒྱ་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་ཨོ་གླིང་གི་བྱུ་རུའི་གླིང་ཚོམ་ (Great Barrier Reef) ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་བརྗོད་དེ་ཁོར་ཡུག་སྲུང་སྐྱོབ་ཐོག་ཤུགས་རྒྱག་གི་ཡོད་འདུག དེ་བཞིན་ཁོང་གིས་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། ཡུན་རིང་རྩོད་ལེན་བྱས་པ་བརྒྱུད་ཕྱི་ལོ་ ༢༠༡༧ ལོར་ཨོ་གླིང་ནང་མཚན་མཐུན་གྱི་གཉེན་སྒྲིག་ཁྲིམས་མཐུན་ཆགས་ཡོད་པ་རེད།

 ད་ལྟ་རང་ལོ་ ༥༨ ཡིན་པའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་སོ་སན་(Susan Templeman)ལགས་ཕྱི་ལོ་ ༢༠༡༠ ནས་ངལ་རྩོལ་ཚོགས་པའི་ (Labor Party)ཁོངས་ནས་འཐུས་མིར་བདམས་ཐོན་བྱུང་ཞིང་། ཁོང་མོས་ཀྱང་མཚན་མཐུན་གཉེན་སྡེབ་ (LGBT) དང་གཉེན་སྒྲིག་གི་རང་དབང་། བུད་མེད་ལ་ཐོབ་ཐང་འདྲ་མཉམ་དང་ཕོ་མོ་གཉིས་ཀྱི་གླ་ཕོགས་གཅིག་མཚུངས་སོགས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད། ཨོ་གླིང་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ (Australian Republican Movement) ཡིས་ཨོ་གླིང་གི་རྒྱལ་ཁབ་དེ་མི་སེར་གྱི་རྒྱལ་ཁབ་ཅིག་བསྒྱུར་བར་འཐབ་རྩོད་བྱེད་བཞིན་ཡོད་པ་ལྟར་དེ་ལ་རྒྱབ་སྐྱོར་གནང་གི་ཡོད་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༦ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༢༠ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese