མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ལྷན་ས་གནས་ཁག་བདུན་དབུས་ཀྱི་ཁྱབ་ཁོངས་སུ་ཕྱིར་ལོག་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཀོ་ལི་གྷལ་གྱི་གཞོན་ལྷན་ཕུད་གཞན་ཕྱི་ལོ་ ༢༠༡༣ ལོར་དབུས་གཞོན་ལྷན་གྱི་ཁྱབ་ཁོངས་ནས་ལོགས་སུ་ཐོན་སོང་བའི་ས་གནས་ཁག་ ༧ གྱི་གཞོན་ལྷན་འགྲིག་འཇགས་བྱུང་སྟེ་ཕྱིར་དབུས་ཁོངས་སུ་འཛུལ་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཀོ་ལི་གྷལ་གྱི་གཞོན་ལྷན་ཕུད་གཞན་ཕྱི་ལོ་ ༢༠༡༣ ལོར་དབུས་གཞོན་ལྷན་གྱི་ཁྱབ་ཁོངས་ནས་ལོགས་སུ་ཐོན་སོང་བའི་ས་གནས་ཁག་ ༧ གྱི་གཞོན་ལྷན་འགྲིག་འཇགས་བྱུང་སྟེ་ཕྱིར་དབུས་ཁོངས་སུ་འཛུལ་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ། དུས་བབ་ཀྱི་པར།

དེ་རིང་སྔ་དྲོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དེ་སྔོན་ཚོགས་ཁོངས་ནས་ཐོན་པའི་ས་གནས་ཁག་གི་དཀའ་ངལ་འགྲིག་འཇགས་བྱུང་ཡོད་སྐོར་གྱི་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། དབུས་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་གཞོན་ལྷན་ས་གནས་ཁག་བརྒྱད་ཚོགས་ཁོངས་ནས་ཕྱིར་ཐོན་གྱིས་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པར་བརྟེན། ཚོགས་ཐོག་ཏུ་གཞོན་ལྷན་དབུས་རྒྱུན་ཟུར་པ་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་ཁག་ལ་བླང་དོར་བཀའ་སློབ་ལམ་སྟོན་ཕེབས་དོན་བཞིན། དེ་སྔ་ཕན་ཆད་གཞོན་ལྷན་གྱིས་ཐལ་ཆ་ཕྱིན་པའི་གནད་དོན་ཡོངས་རྫོགས་ཕྱིར་འཐེན་དང་ནུས་མེད་ཀྱི་གྲོས་ཆོད་བཞག་པ་མ་ཟད། སྐབས་ ༡༥ པའི་གཞོན་ལྷན་དབུས་རྒྱུན་གྱིས་གཞོན་ལྷན་སྒྲིག་འཛུགས་ནས་༧མགོན་པོ་མཆོག་ལ་ཐུགས་ཕམ་ཡོང་གཞིའི་མ་ཤེས་རྨོངས་པའི་དབང་གིས་ལས་ངན་བསགས་ཡོད་པར་འགྱོད་གདུང་དྲག་པོའི་ངང་འགྱོད་བཤགས་བཟོད་གསོལ་དང་། སླད་མར་ཡང་འདི་རིགས་མི་འབྱུང་བའི་ཁས་ལེན་དམ་བཅའ་གཙང་མ་ཞུས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷ་དགོངས་གསལ་དྭངས་ཡོང་བའི་མཚན་འཁོད་ཞུ་སྙན་ཕུལ་ཡོད་པ་དང་། གཞོན་ལྷན་གྱི་དབང་ཚད་མཐོ་ཤོས་ཡིན་པའི་སྐབས་ ༡༥ པའི་གཞོན་ལྷན་ཚོགས་ཆེན་སྐབས། དེ་འབྲེལ་གྱི་གསར་འགོད་གསལ་བསྒྲགས་གཙོས་པའི་གྲོས་ཆོད་ཁག་ཕྱིར་འཐེན་གནང་ཡོད་ནའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་ ༨ དེ་སྦེལ་ཀོབ་དང་ཧོན་སུར། ཀོ་ལི་གྷལ། སྦེང་ལོར། མོན་གྷོ། སྤོན་ཊ། ཌལ་ཧོར། ལ་དྭགས་བཅས་ནས་གཞོན་ལྷན་གྱི་སྒྲིག་གཞིའི་དམིགས་ཡུལ་ལ་རང་དགར་བཟོ་བཅོས་བྱས་པ་མ་ཟད། ས་གནས་གཞོན་ལྷན་གྱི་ལས་ཐམ་དང་ལས་ཤོག་ཡིག་སྣོད་སོགས་ཀྱི་མཚོན་པའི་ས་གནས་ཀྱི་མིང་བྱང་བརྗེ་བསྒྱུར་དང་། ས་གནས་ཀྱི་ཚོགས་མིའི་ངོས་འཛིན་ལག་འཁྱེར་སོགས་ཀྱང་བརྗེ་བསྒྱུར་བྱས་ཏེ་ཧ་ཅང་ཐལ་ཆེའི་ཐག་གཅོད་གང་མང་ཞིག་བྱས་ཡོད་ཀྱང་། གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཡིག་འབྲེལ་ཐེངས་མང་ཞུས་ཡོད་པ་མ་ཟད། ས་གནས་ས་ཐོག་ཏུ་དབུས་རྒྱུན་རིམ་པ་ཆེད་བཅར་གྱིས་དཀའ་ངལ་སེལ་ཐབས་དང་འགྲིག་འཇགས་ཡོང་ཐབས་བྱས་ཏེ། མཐར་ཕྱི་ལོ་ ༢༠༡༦ ལོར་སྦེང་ལོར་དང་མོན་གྷོ་ས་གནས་གཞོན་ལྷན་གཉིས་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་སུ་ཆིག་སྒྲིལ་གྱིས་ཕྱིར་ཕེབས་ཐུབ་པ་བྱུང་ཡོད། ཅེས་བརྗོད་སོང་།

ད་དུང་ཁོང་གིས། ཕྱི་ལོ་ ༢༠༡༩ ཟླ་ ༩ པའི་ནང་གཞུང་ཞབས་ཟུར་པ་རྣམས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་ཆེད་བཅར་གཞུང་ཞབས་གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམས་ནས་མ་སྐུལ་དྭང་བླངས་ཐོག་ཐུགས་དགོངས་ཆེ་བཞེས་ཀྱིས་གཞོན་ལྷན་ས་གནས་ཁག་དྲུག་ལ་མཚན་འཁོད་སྙན་ཞུ་ཕུལ་ཏེ་སྒྲིག་འཛུགས་ཆེ་ཆུང་གང་དང་གང་ཡིན་ཡང་རང་ཁོངས་རྣམས་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་ལྟར་མཉམ་དུ་བསྡད་དེ་དུས་བསྟུན་ལེགས་བཅོས་དགོས་རིགས་ཐབས་ཤེས་སྒོ་གང་ས་ནས་གོ་བསྡུར་སྦྱང་བཤད་བྱས་མཐར། མང་མོས་ཀྱི་ལམ་ནས་གཏན་འབེབ་གནང་ཕྱོགས་ཐད་ཆུང་གྲས་སོར་བཞག་གིས། གུ་ཡངས་ཀྱི་བསམ་གཞིག་གནང་མོས་ཐོག་ས་གནས་དྲུག་ཁག་གི་གཞོན་ལྷན་གྱི་ཁྱབ་ཁོངས་སུ་འཛུལ་གནང་ཡོང་བའི་རེ་སྐུལ་གྱི་ཕྱག་བྲིས་ཕུལ་ཡོད་ཀྱང་། ས་གནས་རྣམས་ནས་བཟང་ཕྱོགས་ཀྱི་རྣམ་འགྱུར་གང་ཡང་བསྟན་མེད་པར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༩ པའི་ནང་སྐབས་ ༡༧ པའི་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྤྱི་ཁྱབ་ཚོགས་གཙོ་དང་དྲུང་ཆེ་གཉིས་ལ་དྭགས་ས་གནས་སུ་ཆེད་བཅར་གྱིས་ལ་དྭགས་ས་གནས་དེ་བཞིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཁྱབ་ཁོངས་སུ་འཛུལ་ཏེ་གཞོན་ལྷན་གྱི་འགན་ལྷན་ཐེངས་ ༥༠ པར་མཉམ་ཞུགས་ཐུབ་པ་བྱུང་ཡོད། དེ་བཞིན། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་སྦེལ་ཀོབ་དང་ཧོན་སུར། ཀོ་ལི་གྷལ་བཅས་ས་གནས་ཆེ་ཁག་གསུམ་གཙོས་པའི་བྱང་ཕྱོགས་ཀྱི་ས་གནས་སྤོན་ཊ་དང་ཌལ་ཧོར་བཅས་ཀྱི་དེ་སྔའི་དཀའ་ངལ་སེལ་སླད་གཞོན་ལྷན་དབུས་རྒྱུན་གོང་མ་རིམ་པས་ཐབས་ཤེས་གང་དྲག་གིས་ཐེངས་མང་བཅར་ཡོད་ཀྱང་། ས་གནས་གཞོན་ལྷན་གྱི་རྒྱུན་ལས་མིང་འཛིན་པ་རྣམས་ནས་གཞོན་ལྷན་ཚོགས་མི་དང་མང་ཚོགས་བསྡུ་སྐོང་བྱ་རྒྱུའི་རྒྱབ་སྐྱོར་གྱི་མཐུན་འགྱུར་རོགས་རམ་གནང་མེད་པར་བརྟེན། ད་བར་འགྲིག་འཇགས་ཀྱི་ལས་དོན་ལ་དོན་འབྲས་སོན་མེད། དེར་བརྟེན་ཉེ་ཆར་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༣ ནས་བཟུང་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ། རིག་གཞུང་འགན་འཛིན་བཅས་ས་གནས་ས་ཐོག་ཏུ་ཆེད་བཅར་ཞུས་ཏེ་གཞུང་འབྲེལ་མཛད་གཙོ་རྣམ་པར་ལས་དོན་སྙན་གསེང་ཞུས་ཡོད་པ་དང་། ད་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་རྒྱུན་ལས་མིང་འཛིན་པ་རྣམ་པར་ཐུག་འཕྲད་ཀྱིས་ཕན་ཚུན་གོ་བསྡུར་སྦྱང་བཤད་གང་ལེགས་ཞུས་ཡོད་པ་མ་ཟད། གཞོན་ལྷན་ཚོགས་མི་རྣམས་བསྡུ་སྐོང་གིས་གནས་ཚུལ་གསལ་བཤད་བྱ་རྒྱུར་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཀྱང་། ཐོག་མར་སྦེལ་ཀོབ་ས་གནས་གཞོན་ལྷན་ནས་ཚོགས་མི་རྣམས་ཐུག་འཕྲད་ཀྱི་གོ་སྐབས་མ་གནང་བར་བརྟེན། ས་གནས་མགོ་འཛིན་རྣམ་གཉིས་ཀྱི་དྲུང་ནས་ཚོགས་མི་མང་ཚོགས་བསྡུ་སྐོང་ཆོག་པའི་ཆོག་མཆན་ཞུས་པའི་ཐོག་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་དང་རིག་གཞུང་འགན་འཛིན་གཉིས་ནས་ས་གནས་ཀྱི་གཞིས་གྲོང་རེ་རེའི་ནང་རྒྱང་བསྒྲགས་བརྒྱུད་ས་གནས་མང་ཚོགས་ལ་གསལ་བསྒྲགས་ཞུས་པ་དང་། གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་གཞིས་གྲོང་རེའི་བརྒྱ་དཔོན་དང་སྤྱི་མི་སོགས་མཇལ་འཕྲད་ཀྱིས་ཚོགས་མི་མང་ཚོགས་བསྡུ་སྐོང་ཡོང་རྒྱུར་མཐུན་འགྱུར་རོགས་རམ་གང་ལེགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཏེ། མཐར་མང་ཚོགས་བསྡུ་སྐོང་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། གཞོན་ལྷན་སྒྲིག་འཛུགས་ཀྱི་གནས་བབ་སོགས་ཀྱི་ཐད་གཏམ་བཤད་གནང་སྐབས་ཚོགས་མི་ཁག་ཅིག་ནས་གཞོན་ལྷན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་གཞོན་ལྷན་དགོས་གལ་ཆེ་ཚུལ་གྱི་དགོངས་འཆར་བཏོན་སོང་། དེ་འབྲེལ་གནད་དོན་ལ་གོ་བསྡུར་སྦྱང་བཤད་བྱས་མཚམས་སུ་ཚོགས་མི་མང་ཚོགས་ལ་གཞོན་ལྷན་གྱི་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་གཞོན་ལྷན་དགོས་མིན་བཀའ་འདྲི་གནང་སྐབས། ཚོགས་བཅར་བ་ཚོགས་མི་གཅིག་གིས་མ་གཏོགས་གཞན་མང་མོས་ཚད་མཐོའི་ཐོག་ནས་མི་གྲངས་ ༡༡ ལས་གྲུབ་པའི་རྒྱུན་ལས་གསར་འདེམས་ཀྱིས་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་སྦེལ་ཀོབ་ས་གནས་གཞོན་ལྷན་སླར་གསོ་ཞུ་ཐུབ་པ་བྱུང་སོང་། ཞེས་བརྗོད་སོང་།

དེའི་རྗེས་ཧོན་སུར་ས་གནས་སུ་ཆེད་བཅར་གྱིས་ས་གནས་མང་ཚོགས་དང་མཇལ་འཕྲད་ཀྱིས་སྤྱི་མོས་ཀྱི་ཐོག་ནས་རྒྱུན་ལས་མི་གྲངས་ ༦ གསར་འདེམས་ཀྱིས་ཧོན་སུར་ས་གནས་གཞོན་ལྷན་སླར་གསོ་ཞུ་ཐུབ་པ་བྱུང་། དེ་ནས་ཀོ་ལི་གྷལ་ས་གནས་སུ་ཆེད་བཅར་སྐབས་ས་གནས་གཞན་གཉིས་དང་མི་འདྲ་བར་ས་གནས་ཀྱི་ལས་འཛིན་པ་བརྒྱུད་རྒྱུན་ལས་ཚོས་ཚོགས་མི་བསྡུ་སྐོང་གིས་གྲོས་བསྡུར་སྦྱང་བཤད་གང་ལེགས་བྱུང་ཡང་ཚོགས་མི་མང་དག་ཅིག་གིས་ད་ལྟའི་གནས་སྐབས་སུ་ཁོང་རྣམ་པ་ཚོའི་མངོན་འདོད་ལ་འགྱུར་བ་གང་ཡང་མེད། ཅེས་གསུངས་པར་བརྟེན། དབུས་སྤྱི་ཁྱབ་གཞོན་ལྷན་ནས་ཚོགས་མི་མང་ཚོགས་ཀྱི་མངོན་འདོད་དྭང་ལེན་ཞུས་པའི་ཐོག་ནས་ས་གནས་གསར་འཛུགས་ཞུས་མེད། འོན་ཀྱང་གཞོན་ལྷན་དབུས་ཀྱི་ཁྱབ་ཁོངས་སུ་མེད་པར་ཟུར་དུ་མུ་མཐུད་དུ་བཞུགས་ཚེ་འབྲེལ་ཡོད་ཚོས་དགོངས་པ་ཆེ་བཞེས་ཀྱིས་ད་ནས་བཟུང་གཞོན་ལྷན་སྒྲིག་འཛུགས་ཀྱི་མཚན་བྱང་བེད་སྤྱོད་མི་གནང་རྒྱུར་སྐུལ་མ་ཞུས་ཡོད། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ། སྒྲིག་འཛུགས་འགན་འཛིན་བཅས་རྒྱ་གར་བྱང་ཕྱོགས་སྤོན་ཊ་ས་གནས་གཞོན་ལྷན་གྱི་དེ་སྔའི་དཀའ་ངལ་འགྲིག་འཇགས་ཡོང་ཐབས་ལ་དམིགས་ཏེ་ས་གནས་སུ་ཆེད་བཅར་ཞུས་ཏེ། སྤོན་ཊ་ས་གནས་གཞོན་ལྷན་དེ་བཞིན་ལོ་ངོ་ཧྲིལ་པོ་ ༩ ཡི་རྗེས་སུ་སླར་ཡང་གཞོན་ནུའི་ཁྱབ་ཁོངས་སུ་འཛུལ་ཞུགས་གནང་ཐུབ་པ་བྱུང་ཡོད། ད་དུང་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཌལ་ཧོར་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ཆེད་དུ་གདན་ཞུས་དང་། མི་དམངས་འདུ་འཛོམས་ཐོག་ས་གནས་ཀྱི་ད་ལྟའི་གནས་བབ་དང་། དེ་སྔའི་དཀའ་ངལ་སོགས་ཀྱི་ཐད་གོ་བསྡུར་སྦྱང་བཤད་གང་ལེགས་ཐོག་ཚོགས་བཅར་གནང་བའི་ཚོགས་མི་ཁག་ནས་ཚད་མཐོའི་རྒྱབ་སྐྱོར་ལ་ལས་ཐོག་རྒྱུན་ལས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་སྟེ། ཌལ་ཧོར་ས་གནས་གཞོན་ལྷན་དེ་བཞིན་གཞོན་ནུའི་ཁྱབ་ཁོངས་སུ་སླར་ཡང་འཛུལ་ཞུགས་གནང་ཐུབ་པ་བྱུང་ཡོད་སྐོར་བརྗོད་སོང་།

གསར་འགོད་གསལ་བསྒྲགས་སྟེང་ས་གནས་གསར་འགོད་པས་ལོ་ངོ་མང་པོའི་རིང་ས་གནས་ཁག་གི་དཀའ་ངལ་འགྲིག་འཇགས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར། ཁོང་གིས། ༢༠༡༣ ལོར་སྐབས་ ༡༥ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ ༢༠༡༦ ལོར་སྐབས་ ༡༦ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་སོགས་རིམ་པས་ས་གནས་ས་ཐོག་ལ་ཆེད་བཅར་ཞུས་ཡོད་ཀྱང་། དེའི་སྐབས་སུ་དཀའ་ངལ་སེལ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ལས་ཐོག་རྒྱུན་ལས་རྣམ་པ་ཚོས་མང་ཚོགས་སྐོང་ཚོགས་གནང་ཐུབ་ཀྱི་མ་རེད། མང་ཚོགས་ཀྱི་མངོན་འདོད་ཀྱི་མགྲིན་ཚབ་པ་ཡིན། མང་ཚོགས་ཀྱི་རུ་དཔོན་བརྒྱུད་ནས་མང་ཚོགས་ཀྱི་མངོན་འདོད་ནི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གཏན་ནས་འབྲེལ་བ་བྱེད་ཀྱི་མེད་ཟེར་ནས་གསུངས་ཀྱི་འདུག་ཟེར་ནས་མང་ཚོགས་དང་ཐུག་མ་ཐུབ་པའི་གནས་སྟངས་འདིའི་ཐོག་ནས་སྐབས་གཉིས་དབུས་རྒྱུན་གྱི་ཐོག་ནས་འབད་བརྩོན་ཞུས་པ་རེད། ང་ཚོ་ ༢༠༡༧ ལོར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བཀོད་པ་ནས་བཟུང་ལས་འཆར་བསྒྲིགས་པ་ཡིན། འོན་ཀྱང་ཕྱི་ལོ་ ༢༠༢༠ ལོ་ནས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཁྱིམ་སྡོད་བཀའ་རྒྱ་སོགས་ཀྱིས་ས་གནས་སུ་དངོས་སུ་བཅར་ཐུབ་མ་སོང་། དེར་བརྟེན་ཕྱི་ལོ་ ༢༠༢༢ ལོར་ས་གནས་ཁག་ལ་དངོས་སུ་བཅར་ཏེ་དཀའ་ངལ་སེལ་བ་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 3 སྔོན།

    ད་ང་ཚོར་དགོས་པ་དེ་བོད་ཡུལ་བོད་མིའི་བདག་ཉར་བྱ་རྒྱུ་དེ་རེད་།
    དེ་ལས་གཞན་པའི་ང་ཚོར་ལས་འགན་གང་ཡང་མེད་ལ་ང་ཚོའི་འཇོན་གྱི་
    ཡང་མ་རེད་ལ་ཐུབ་ཀྱི་ཡང་མ་རེད་། རང་བཙན་བཤད་ཀྱང་རུང་དབུ་ལམ་བཤད་ཀྱང་
    རུང་དོན་ངོ་མ་བཅའ་ཁྲིམས་ནང་གསལ་བའི་བོད་དོན་བདེན་
    མཐའ་སེལ་རྒྱུ་དེ་རེད་།

    Reply
  2. Tseten Gyurmae says:
    ལོ་ 3 སྔོན།

    འདི་ནི་རང་རེའི་བདེན་པའི་འཐབ་རྩོད་ལ་དགོས་ངེས་ཆེ་བའི་རྡོག་རྩ་ཅིག་སྒྲིལ་གྱི་ལམ་ཕྱོགས་སུ་ཉམ་པ་སླར་གསོ་བྱུང་བའི་ཚང་མར་དགའ་བསུའི་བཀྲིས་བདེ་ལེགས་དང་བཀྲིན་ཆེ་ཞུ་རྒྱུ་ཡིན། བོད་མི་ཚང་མ་བོད་རང་བཙན་ལ་མི་དགའ་མཁན་ནི་སུ་གང་མེད་ཀྱང་རང་བཙན་གཙང་མ་ཐོབ་དགོས་ན་མི་རབས་ནས་མི་རབས་བར་འགོར་སྲིད། དེ་འདྲའི་དུས་འགོར་ནང་རྒྱ་དམར་པོའི་བོད་མིའི་ཆོས་དང་རིགས་གཞུང་རྩ་མེད་གཏོང་ངེས་པའི་གནད་ལས་བསལ་ཐབས་སུ་ལམ་དབུ་མ་དེ་དགོང་བཞེས་གནང་བ་རེད། གང་ལྟར་ཡང་ཐབས་ལམ་གཉིས་དེར་ལག་དོན་དུ་འཁེལ་དགོས་ཀྱང་དེ་ནི་ཆེར་དཀོན་པའི་བོད་མིའི་ཐོན་ཁུངས་ཤིག་རེད་འདུག་སྙམ། ང་ཚོར་ཡོད་པའི་རྒྱ་དམར་པོར་གདོང་ལེན་བྱ་རྒྱུའི་ལག་ཆ་ནི་སྐད་འབོད་དང་བཟས་བཅད་ངོ་རྒོལ་གཉིས་དེ་རེད། དེ་རང་བཙན་དགོས་མཁན་དང་ལམ་དབུ་མ་དགོས་མཁན་གཉིས་ནས་མཉམ་རུབ་བྱས་ན་མ་འཐུས་པ་ཅི་ཡོད། དགོས་རྒྱུ་སྤག་དེ་གཅིག་མཚུངས་རེད་ཀྱང་སྤག་ཁུ་ག་རེ་བྱུང་ནའང་འགྲིག་གོ། གཏོང་རྒྱུ་ཡོད་ན་བོད་ལ་ལོག་རྒྱུའི་དོན་བསྒྲུབ་པའི་བྱ་བར་བརྩོན་དང་ལམ་རང་བཞིན་གྱི་གསལ་ཡོང་མདའ། འབད་ཤོག་འབད་ཤོག་བྱ་ལས་ལ་འབད་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese