མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱལ་ཚོགས་ནང་བོད་དོན་གཏམ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༣༠ ཉིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༡ པའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་ལ་གཏམ་བཤད་གནང་ཡོད་འདུག

Former Tibetan political prisoner Golog Jigme and Uyghur camp survivors (Gulbakhar Jalilova and Gulbahar Haitiwaji) with team at the 51UNHRC Session.

ཕྱི་ཟླ་ ༩ ཚེས་ ༧ ནས་ཟླ་ ༡༠ པའི་ཚེས་ ༡༢ བར་འཚོག་བཞིན་པའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༥༡ པའི་ཐོག་འཛམ་གླིང་རྒྱལ་ཁབ་ ༢༧ ཙམ་གྱི་སྐུ་ཚབ་རྣམ་པས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གསུང་བཤད་དང་བགྲོ་གླེང་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་སུད་སིར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མི་རྣམས་ལ་ཚད་ལས་འདས་པའི་གཉའ་གནོན་བྱེད་མུས་ཡིན་པས། རྒྱལ་ཚོགས་ཀྱིས་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་དང་། རྒྱ་ནག་གཞུང་གིས་རིམས་ནད་ལ་ཁ་གཡར་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཐེམ་སྤང་བཀག་རྒྱ་བསྡམས་ཏེ། དྲག་གནོན་བྱེད་མུས་ཡིན་པར་ཉུལ་ཞིབ་དང་ལྟ་རྟོག་ནན་མོ་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

བོད་དོན་གཏམ་བཤད་སྐབས་མགོ་ལོག་འཇིགས་མེད་ལགས་ཁོང་རང་ནས་རྒྱ་ནག་གཞུང་གི་བཙོན་འོག་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་བའི་ལོ་རྒྱུས་ངོ་སྤྲོད་དང་སྦྲགས། ཉེ་ལམ་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་བོད་ནང་གི་རྫོང་སྡེ་ཁག་མང་པོ་ཞིག་ཏུ་དམག་མི་འགྲེམས་འཇོག་བྱས་ཏེ། བོད་ཀྱི་སྐད་ཡིག་དང་ངོ་བོ་སོགས་རྩ་མེད་གཏོང་ཐབས་བྱེད་མུས་ཡིན་པ་མ་ཟད། བོད་ཀྱི་ཆོས་རིག་གི་ལྟེ་གནས་ཁག་ལ་སྡང་ཟུག་ཆེན་པོས་དྲག་གནོན་བྱེད་མུས་ཡིན་པ། དེ་བཞིན་མི་སྒེར་གྱི་ཁ་པར་དང་སྡོད་ཁང་སོགས་ལ་གློ་བུར་དུ་ཞིབ་བཤེར་བྱས་ཏེ། བོད་ནང་གི་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ལ་སུན་གཙེར་ཡང་ཡང་བཟོ་ཡི་ཡོད་པས། རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་བོད་མི་ཚོས་སོ་སོའི་སྐད་ཡིག་སྦྱང་སྤྱོད་དང་། ཆོས་ཕྱོགས་ཀྱི་ལས་རིམ་རྣམས་སྤེལ་དུ་འཇུག་དགོས་པའི་འབོད་སྐུལ་གནང་དགོས་པ་མ་ཟད། བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་འབོད་སྐུལ་གནང་དགོས་སྐོར་ཞུས་ཡོད་འདུག

ཁོང་གིས། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་མང་པོ་ཞིག་ཏུ་རྒྱ་སྐད་གཙོ་བོ་སློབ་ཁྲིད་བྱེད་དུ་འཇུག་གི་ཡོད་པ་མ་ཟད། ཐ་ན་བྱིས་གཉོར་ཁང་ནས་བྱིས་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་ཁོ་ན་སློབ་ཀྱིན་ཡོད་པ་དང་། ཕ་མ་ཚོས་རང་གི་བྱིས་པ་རྣམས་ལའང་བོད་སྐད་བཤད་མི་ཆོག་པ་དང་། བོད་ཡིག་སློབ་ཁྲིད་བྱ་མི་ཆོག་པའི་བཙན་བཀའ་བཏང་དང་གཏོང་བཞིན་ཡོད་སྐོར་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་པའི་སྡེ་རྣམས་རྨེག་མེད་དུ་བཟོ་སླད།  བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། དྷི་ལྷ་ལྡན་ལགས་གཉིས་ལ་ཉེས་མེད་ཁྲིམས་ཐག་བཅད་པ་དང་། ད་ལྟའང་གར་སོང་ཆ་མེད་དུ་གྱུར་བའི་གངས་སྐྱེས་སྒྲུབ་པ་སྐྱབས་སོགས་འཛིན་བཟུང་བཙོན་འཇུག་བྱས་ཏེ། འཆར་གཞི་ལྡན་པའི་ངང་ནས་བོད་ནང་གི་ཤེས་ཡོན་པ་དང་བོད་ཀྱི་རིག་གཞུང་འབུར་འཇོམས་གཏོང་མུས་ཡིན་སྐོར་གཏམ་བཤད་གནང་ཡོད་འདུག

ཡང་མགོ་ལོག་འཇིགས་མེད་ལགས་ཀྱིས། རྒྱ་ནག་གཞུང་གིས་ནད་ཡམས་ལ་ཁ་གཡར་ནས་བོད་མི་རྣམས་ལ་དྲག་གནོན་དང་ཆབ་སྲིད་ཀྱི་གོ་གནས་སྤྱད་ནས་མི་མང་ཚོད་འཛིན་བྱེད་བཞིན་ཡོད་པ་དང་། ལྷ་་ས་ཁུལ་དུ་རིམས་ནད་འགོས་མཁན་རྣམས་ལ་གཞི་རྩའི་སྨན་བཅོས་ལྟ་སྐྱོང་མེད་པའི་ཁར། རིམས་ནད་འགོས་མེད་པའི་བོད་མི་རྣམས་ཀྱང་རིམས་ནད་འགོས་མཁན་དང་མཉམ་དུ་ཟུར་བཀག་ཏུ་བཞག་སྟེ།  བོད་མི་རྣམས་ལ་ཟས་གོས་སོགས་ཡག་པོ་མ་སྟེར་བར་དཀའ་སྡུག་ཆེན་པོ་འཕྲད་བཞིན་ཡོད་སྟབས། བོད་ནང་གི་བོད་མི་མང་པོ་ཞིག་ལ་ལུས་སེམས་གཉིས་ཀྱི་ཐད་ནས་དཀའ་ངལ་ཤུགས་ཆེན་འཕྲད་ནས་རང་ཤི་བརྒྱབ་ཡོད་སྟབས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚན་པ་དང་རང་དབང་གི་ཆེད་མཁས་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་ནང་དུ་བསྐྱོད་དེ། བོད་ནང་གི་དངོས་ཡོད་ཀྱི་གནས་བབ་ལ་རྒྱུས་ལོན་གསལ་པོ་དང་། རྒྱ་ནག་གཞུང་གིས་རིམས་ནད་ལ་ཁ་གཡར་ནས་བོད་མི་རྣམས་ལ་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་ཡོང་བའི་འབོད་སྐུལ་གནང་ཡོད་སྐོར་རེ་སྐུལ་ཞུས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese