མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་རྨ་བྱ་ཁ་འབབ་ཀྱི་བཞུར་རྒྱུན་དུ་ཆུ་མཛོད་གསར་རྒྱག་བྱེད་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྨ་བྱ་ཁ་འབབ་ཀྱི་ཁུལ་དུ་ཆུ་མཛོད་གསར་རྒྱག་བྱས་པ་དེས་རྒྱ་གར་དང་བལ་ཡུལ་ལ་ཆུའི་དཀའ་ངལ་འཕྲད་སྲིད་པ་རེད་འདུག

Satellite images of China new dam which is being build in Tibet on a tributary of the river Ganga. Twitter/@detresfa_

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ས་ཁམས་ཚན་རིག་གི་ཉམས་ཞིབ་པ་སྐུ་ཞབས་ཌ་མན་སའེ་མོན་(Damien Symon) ལགས་ཀྱིས་མཁའ་ལམ་འཁོར་སྐར་  (satellite)  གྱི་པར་རིས་བརྒྱུད་རྒྱ་ནག་གཞུང་གིས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་མཐའ་མཚམས་སུ་ཁེལ་བའི་བོད་ཀྱི་ཆུ་བོ་ཆེན་པོ་རྨ་བྱ་ཁ་འབབ་ཁུལ་དུ་གསང་སྟབས་ཀྱིས་ཆུ་མཛོད་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

དེའི་ཐད་ཚན་རིག་པ་ཌ་མན་སའེ་མོན་ལགས་ཀྱིས། ཕྱི་ལོ་ ༢༠༢༡ ནས་བཟུང་རྒྱ་ནག་གཞུང་གིས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་ཡོད་པའི་བོད་ནང་གི་རྨ་བྱ་ཁ་འབབ་གྱི་བཞུར་རྒྱུན་དུ་ཆུ་མཛོད་གསར་འཛུགས་ཀྱི་ལས་གཞི་ལག་བསྟར་བྱེད་མུས་ཡིན་ཡང་། ད་ལྟ་ལས་གཞི་དེ་ཡོངས་སུ་འགྲུབ་མེད་པ་དང་། རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་བྱས་ཏེ། མ་འོངས་པར་ཆུ་ལ་སྟངས་འཛིན་བྱེད་ཕྱོགས་ཀྱི་ཐོག་ནས། རྨ་བྱ་ཁ་འབབ་བཞུར་རྒྱུན་གྱི་ས་ཁུལ་མང་པོར་དཀའ་ངལ་འཕྲད་ཉེན་ཡོད་སྐོར་སོགས་བརྗོད་འདུག

ད་ལྟ་མཁའ་ལམ་འཁོར་སྐར་གྱི་པར་རིས་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བྱང་ཕྱོགས་ས་མཚམས་ནས་སྤྱི་ལེ་ཁ་ཤས་ལས་མེད་པའི་བོད་སྟོད་མངའ་རིས་སྤུ་ཧྲེང་རྫོང་ཁོངས་སུ་ཆུ་མཛོད་གསར་རྒྱག་བྱེད་མུས་ཡིན་ཞིང་། ཆུ་མཛོད་གསར་པ་དེའི་རིང་ཚད་ལ་མེ་ཊར་ ༣༥༠ ནས་ ༤༠༠ ཙམ་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག་ལ། བོད་མཐོ་སྒང་ནས་བཞུར་བའི་རྨ་བྱ་ཁ་འབབ་ནི་བོད་བརྒྱུད་བལ་ཡུལ་དང་། རྒྱ་གར། རྒྱ་གར་ནས་བྷང་ལ་དྷེ་ཤིར་བཞུར་ཏེ་མཐར་ཧིན་རྡུ་རྒྱ་མཚོ་ཆེན་པོར་འདྲེས་ཡོད་པ་རེད།

དེ་སྔོན་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་མཛོད་གསར་འཛུགས་ཀྱི་ལས་གཞི་མང་པོ་ཞིག་སྤེལ་ཏེ། ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆགས་པའི་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་ཕྲད་ཡོད་པ་ལྟར། ད་ལྟ་རྒྱ་ནག་གིས་རྨ་བྱ་ཁ་འབབ་ཀྱི་ཁུལ་དུ་ཆུ་མཛོད་གསར་རྒྱག་བྱས་པ་དེས། རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་ཕྱོགས་སུ་ཆགས་པའི་རྒྱལ་ཁབ་ཁག་ཏུ་བོད་ནས་བཞུར་བའི་རྒྱུག་ཆུ་དག་བཀག་འགོག་བྱེད་ཉེན་ཡོད་པ་དང་།  ལྷག་པར་རྒྱ་གར་གྱི་ཧིན་རྡུའི་ཆོས་ལུགས་ཀྱི་གནས་ཆེན་དུ་རྩི་བའི་ཆུ་མོ་གངྒ་ལའང་གནོད་སྐྱོན་ཐེབས་སྲིད་པ་མ་ཟད། རྨ་བྱ་ཁ་འབབ་ཁུལ་དུ་ཆུ་རགས་བརྒྱབ་ནས་རྒྱུག་ཆུ་བཀག་འགོག་བྱས་པ་དེས།  རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཨ་རུ་ན་ཅལ་དང་ཨ་སམ་གཉིས་ལ་དཀའ་ངལ་འཕྲད་སྲིད་པ་དང་། གློ་བུར་དུ་ཆུ་ལོག་རྒྱུག་ཉེན་ཡང་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

དེ་བཞིན་རྒྱ་གར་གྱི་ཉམས་ཞིབ་པ་ས་མིར་པའེ་ཊེལ་ (Sameer Patil) ལགས་ཀྱིས། རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་ཀྱི་གཙང་པོ་དང་རྒྱུག་ཆུའི་ཁུལ་དུ་ཆུ་མཛོད་བརྒྱབ་ནས། བོད་ཀྱི་སྣོད་བཅུད་ལ་གནོད་འཚེ་བཏང་བ་དེས།  རྒྱ་གར་གྱི་ཆུའི་ཐོན་ཁུངས་ཐད་ལ་དཀའ་ངལ་ཤུགས་ཆེན་ཞིག་འཕྲད་སྲིད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་གྱི་འབྲེལ་ལམ་ལའང་གནོད་འཚེ་ཤུགས་ཆེན་ཐེབས་སྲིད་སྐོར་སོགས་བརྗོད་འདུག་ལ། དེ་བཞིན་གནས་ཚུལ་དབྱེ་ཞིབ་པ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་བོད་མཐོ་སྒང་ནས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཏུ་བཞུར་གྱིན་པའི་གཙང་པོའི་ཁུལ་དུ་ཆུ་མཛོད་སོགས་བརྒྱབ་པ་དེས། བོད་ཀྱི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་ལ་ཆུའི་དཀའ་ངལ་འཕྲད་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

འདས་པའི་ལོ་ཤས་ནང་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཤུགས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད།  ཕྱོགས་གཉིས་ཀས་ས་མཚམས་སུ་གཞུང་ལམ་དང་ཟམ་པ་སོགས་འཛུགས་སྐྲུན་བྱས་ཏེ་ས་མཚམས་ཀྱི་བདག་དབང་རྩོད་བཞིན་ཡོད་པ་དང་། འདས་ལོའི་ཟླ་ ༧ ནང་བོད་ཧིན་མཐའ་མཚམས་སུ་རྟོག་ཞིབ་དང་དམག་ཆས་དབོར་འདྲེན་སྟབས་བདེ་སོགས་ལ་དམིགས་ཏེ་རྒྱ་ནག་གཞུང་གིས་བོད་ལྷུན་རྩེ་རྫོང་ནས་ཤིན་ཅང་གི་མཱ་ཛ་བར་གྱི་སྤྱི་ལེ་འབུམ་བཞི་ལྷག་གི་མྱུར་སྐྱོད་གཞུང་ལམ་གསར་རྒྱག་གི་ལས་གཞི་ལག་བསྟར་བྱས་ཡོད་པ་དང་། འདས་ལོའི་ཟླ ༥ ནང་རྒྱ་ནག་གཞུང་གིས་བོད་ཧིན་ས་མཚམས་སུ་ཁེལ་བའི་སྤང་གོང་མཚོའི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དམག་ཆས་དབོར་འདྲེན་སོགས་ཀྱི་ཆེད་དུ་ཟམ་པ་བརྒྱབ་ཟིན་པ་མ་ཟད་དེ་ཁུལ་དུ་གཞུང་ལམ་གསར་རྒྱག་བྱེད་མགོ་བཙུགས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༢ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧

མཆན། 1

  1. ཇ་མ། says:
    ལོ་ 3 སྔོན།

    བལ་བོད་ས་མཚམས་སྤུ་ཧྲང་གི་ས་ཁུལ་དུ་རྨ་བྱ་གཙང་པོ་ཆུ་ཕྲན་ཆེན་པོ་རང་ཡོད་པ་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese