མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌས་རྒྱ་ནག་གི་གཞུང་ཚབ་མི་སྣ་ཕྱིར་ཕུད་གཏོང་འཆར་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་ནང་མི་རྣམས་ལ་གནོན་ཤུགས་སྤྲད་པ་བརྒྱུད། ཁེ་ན་ཌའི་གནད་ཡོད་མི་སྣའི་ཁྲོད་རྒྱ་ནག་ཐོག་ལྟ་སྟངས་ངན་པ་འཛིན་མཁན་མེད་པར་བཟོ་ཐབས་བྱེད་བཞིན་པའི་ཐད། ཁེ་ན་ཌས་སྐྱོན་བརྗོད་དང་སྦྲགས་རྒྱ་ནག་གཞུང་ཚབ་མི་སྣ་ཕྱིར་ཕུད་གཏང་རྒྱུ་ཡིན་སྐོར་བརྗོད་འདུག

Canada’s foreign minister Melanie Joly said China’s alleged attempts to target a Canadian MP are “completely unacceptable”

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པར་མི་དགའ་བའི་རྣམ་འགྱུར་སྟོན་མཁན་བཀག་འགོག་བྱེད་ཐབས་སུ། རྒྱ་ནག་གཞུང་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ནང་མི་རྣམས་ཀྱི་རྒྱབ་ལྗོངས་གནས་ཚུལ་མཁོ་སྒྲུབ་བྱས་ཏེ། ཁོ་ཚོར་གནོན་ཤུགས་དང་འཇིགས་སྐུལ་བྱེད་བཞིན་ཡོད་པར་བརྟེན། ཁེ་ན་ཌའི་གཞུང་གིས་རྒྱལ་ཁབ་དེའི་ནང་རྒྱ་ནག་གི་གཞུང་ཚབ་པ་སོགས་གཞུང་འབྲེལ་མི་སྣ་ཁག་ཕྱིར་ཕུད་གཏོང་འཆར་ཡོད་སྐོར་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་ཇོ་ལི་ (Melanie Joly) ལགས་ཀྱིས། རྒྱ་ནག་གིས་ཁེ་ན་ཌའི་ནང་སྲིད་ལ་ཐེ་ཇུས་བྱེད་བཞིན་པར་རྩ་བ་ཉིད་ནས་ངོས་ལེན་མེད་པ་དང་སྣང་མེད་དུ་འཇོག་གི་མིན། ད་ལྟ་ཁེ་ན་ཌས་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་ཕུད་གཏང་རྒྱུ་གཙོས་རྒྱ་ནག་གི་བྱ་བ་བསྒྲུབ་སྟངས་དེ་དག་གི་ཐད་ཐག་གཅོད་ག་འདྲ་ལེན་དགོས་པའི་བསམ་བློ་གཏོང་གི་ཡོད། ཅེས་བརྗོད་ཡོད་འདུག

དེ་འབྲེལ་ཐད་ཁེ་ན་ཌར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས། རྒྱ་ནག་གཞུང་ཚབ་པས་ (Cong Peiwu) ཁེ་ན་ཌའི་གཞུང་འབྲེལ་མི་སྣ་ཁག་ཐུག་འཕྲད་སྐབས། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཕྱིར་ཕུད་གཏང་རྒྱུའི་འཇིགས་སྐུལ་བྱས་པར་ངོ་རྒོལ་ཤུགས་ཆེན་བྱས་ཡོད། དེ་ནི་མི་སྒེར་གྱིས་བཟོས་པའི་ཆབ་སྲིད་ཀྱི་བསྙོན་འཛུགས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དུས་རྟག་ཏུ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱ་རྒྱུའི་དམ་བཅའ་ལག་བསྟར་བྱེད་ཀྱི་ཡོད། ཅེས་ལན་འདེབས་བྱས་འདུག

ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་མེ་ཁལ་ (Michael Chong) དང་ཧོང་ཀོང་དུ་ཡོད་པའི་ཁོང་གི་ནང་མིའི་རྒྱབ་ལྗོངས་གནས་ཚུལ་སོགས་མཁོ་སྒྲུབ་བྱས་ཏེ། གྲོས་ཚོགས་འཐུས་མི་ཁོང་ནས་མགོ་བརྩམས་ཏེ་འབྱུང་འགྱུར་ཁེ་ན་ཌའི་ནང་རྒྱ་ནག་ཐོག་དགག་པ་རྒྱག་མཁན་གྱི་གནད་ཡོད་མི་སྣའི་རིགས་བཀག་འགོག་བྱེད་ཐབས་བྱས་ཡོད་སྐོར་བརྗོད་འདུག་པ་མ་ཟད། ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ཇ་སི་ཊིན་ཊུ་རུ་ཌོ་ (Justin Trudeau) ལགས་དང་ཁོའི་གཞུང་གིས་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་ཕུད་མི་གཏོང་བར་སྐྱོན་བརྗོད་བྱས་ཡོད་འདུག

དེ་འབྲེལ་གྲོས་ཚོགས་འཐུས་མི་མེ་ཁལ་ (Michael Chong) ལགས་ཀྱིས། ཁེ་ན་ཌའི་མི་མང་པོའི་ནང་མི་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པ་ལྟར། ང་རང་གི་ནང་མིའང་ཕྱིའི་རྒྱལ་ཁབ་ཏུ་ཡོད། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་ནང་མི་རྣམས་ལ་འཇིགས་སྐུལ་བྱས་ཏེ། རང་ཁྱིམ་དུ་ཡོད་པའི་ཁེ་ན་ཌའི་མི་མང་གཅུན་ཐབས་བྱེད་བཞིན་པ་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་སྲིད་བདེ་འཇགས་ལ་འཇིགས་སྐུལ་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། གྲོས་ཚོགས་འཐུས་མི་མེ་ཁལ་དང་ (Michael Chong) ལགས་ཀྱིས། ཕྱི་ལོ་ ༢༠༢༡ ལོར་ཁེ་ན་ཌའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་སྤེལ་བཞིན་པར་ངོས་འཛིན་དགོས་པའི་གྲོས་ཆོད་ཅིག་བཏོན་ཡོད་འདུག

འོན་ཀྱང་། བྷི་བྷི་སིའི་གནས་ཚུལ་ནང་། ཁེ་ན་ཌའི་སྲིད་བློན་ཇ་སི་ཊིན་ཊུ་རུ་ཌོ་ (Justin Trudeau) ལགས་ཀྱིས། གོ་ལ་དང་འཕྲིན་ཡིག་ (Globe and Mail) གསར་ཁང་གིས་གནད་དོན་དེའི་ཐོག་གནས་ཚུལ་བཏོན་པ་བརྒྱུད་མ་གཏོགས་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་དང་། གསང་བའི་ལས་ཁུངས་ཀྱིས་གནད་དོན་དེའི་ཐོག་སེམས་འཚབ་བྱས་ཏེ་གླེང་སློང་ཤུགས་ཆེན་བྱེད་རིན་མེད་པའི་ཁར། གནད་དོན་དེ་ནི་ཚབས་ཆེན་ཞིག་མིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

སྤྱིར་རྒྱལ་ཁབ་ཅིག་གིས་རང་གི་མང་ཚོགས་ཁྲོད་རྒྱལ་ཁབ་གཞན་ཞིག་ལ་མི་དགའ་རྣམ་འགྱུར་ཤུགས་ཆེན་བསྐྲུན་ཐབས་སུ་རྒྱལ་ཁབ་གཞན་དེའི་གཞུང་ཚབ་མི་སྣ་ཕྱིར་ཕུད་གཏང་རྒྱུ་ནི་ལག་ཆ་ཡག་ཤོས་ཤིག་ཡིན་པ་དབྱེ་ཞིབ་པས་བརྗོད་འདུག་ལ། ཐེངས་འདིའི་རྒྱ་ནག་གཞུང་ཚབ་པ་ཕྱིར་ཕུད་གཏོང་བའི་སྐྱོན་འཛུགས་དེ་ཡང་། ཁེ་ན་ཌའི་གསང་བའི་ལས་ཁུངས་གཞན་གྱི་གནས་ཚུལ་ཁག་ཅིག་གིས། རྒྱ་ནག་གིས་ཁེ་ན་ཌའི་འོས་བསྡུའི་ནང་ཐེ་གཏོགས་བྱེད་ཀྱིན་ཡོད་པའི་སྐྱོན་འཛུགས་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་བྷི་བྷི་སིས་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. Karma says:
    ལོ་ 3 སྔོན།

    བདེ་མོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese