མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སྤྱི་འཐུས་མང་པོས་བགྲོ་གླེང་གི་ཆ་ཤས་བླངས་ཏེ་ལས་ཉིན་དང་པོར་གྲོས་ཆོད་གྲོས་འཆར་སྐོར་གྱི་བགྲོ་གླེང་ཚར་མ་སོང་།

གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།

དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དང་པོའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྟེང་སྤྱི་འཐུས་ཁྱོན་ ༢༥ ཡིས་ཆ་ཤས་བླངས་སོང་བ་དང་། སྤྱི་འཐུས་དགེ་བཤེས་གངས་རི་ལགས་ཀྱིས། ང་ཚོའི་འགན་ཆེ་ཤོས་ཤིག་ནི་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ཆགས་མི་འཇུག་རྒྱུ་དེ་རེད། ཐོག་མར་ཕར་དགྲ་ལ་ཁ་གཏད་གཅོག་པར་ནང་འཆམ་པོ་དང་ནང་གི་བློ་ཁོག་དང་སེམས་ཤུགས་མི་ཉམས་པ་དང་ཉམས་པ་སླར་གསོ་གནང་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད་འདུག་བསམ་གྱི་ཡོད། ཟླ་གཅིག་གཉིས་ཀྱི་ནང་དུ་གཞིས་ལུས་རྒྱ་ཆེ་མི་མང་ནང་མཉམ་ཞུགས་བྱས་པ་ཡིན། གཞིས་ལུས་རྒྱ་ཆེ་མི་མང་གི་རེ་བ་ཡོད་ན་མེད་ན་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་རེད། ༧རྒྱལ་བ་རིན་པོ་ཆེས་དུས་དང་རྣམ་པ་ཀུན་ཏུ་ ངས་རེ་བ་དང་ཡིད་ཆེས་བྱེད་ས་ལམ་དབུ་མ་ཡིན་པ་དང་དབུ་མའི་ལམ་གྱི་ཐོག་ནས་རེ་བ་འགྲུབ་ཀྱི་རེད་ཅེས་བཀའ་སློབ་གནང་གི་ཡོད། འོན་ཀྱང་། བློ་ཕམ་པ་ཞིག་ལ་ཉེ་ལམ་རྒྱལ་ས་ལྡི་ལི་རུ་རང་བཙན་ལྷན་ཚོགས་ཟེར་བ་ཞིག་གི་སྟེང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐུ་ཚབ་བཏང་སོང་། དཔེ་མི་སྲིད་པའི་བློ་ཕམ་བྱུང་། ངས་དེ་ག་ཙམ་ཞུ་ཡི་མེད། ལྷན་ཚོགས་དེ་འདྲ་ཞིག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་ངོས་ལེན་བྱེད་ཀྱི་མེད། གཞུང་འབྲེལ་གྱི་སྲིད་ཇུས་དང་འགལ་བ་ཞིག་ལ་ང་ཚོའི་སྐུ་ཚབ་གཏོང་དོན་ག་རེ་ཡིན་ནམ། དེ་ཚོགས་གཙོ་གཞོན་གཉིས་ཀྱིས་འགན་མ་འཁུར་བ་རེད་བསམ་གྱི་ཡོད། དེ་འདྲའི་རིགས་ཚོགས་གཙོ་གཞོན་གཉིས་ཀྱིས་ལྟ་དགོས་པ་དང་། མགྲོན་ཤོག་ཡོང་ཡོང་དང་ཁ་ལག་སྤྲད་སྤྲད་ཚང་མར་འགྲོ་རྒྱུ་མེད། འགྲོ་ས་གང་ཡིན་པ་དང་མིན་པ་དེ་ཤེས་དགོས་ཀྱི་ཡོད། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདིའམ་གྲོས་ཚོགས་རྭ་བ་འདིའི་ནང་གཏན་ལ་འབེབས་པའི་སྲིད་ཇུས་ལམ་དབུ་མའི་དགོངས་དོན་དང་མ་མཐུན་པ་ཞིག་ཡིན་ན་གཞུང་འབྲེལ་ཐོག་ནས་འགྲོ་རྒྱུ་ཡོད་དམ། ཞེས་དོགས་འདྲི་དང་བཅས་བརྗོད་སོང་།

སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་རྣམས་གཏན་འཇགས་སློབ་གྲྭ་བཏང་ནས་རྒྱ་སྒྱུར་སློབ་གསོ་སྤེལ་མུས་ཡོད་པར་བརྟེན། རྒྱལ་སྤྱིའི་ཐོག་དེའི་སྐོར་ལ་དོ་སྣང་བྱེད་བཞིན་ཡོད་པའི་རྐྱེན་གྱིས། རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭའི་སྐོར་ལ་འགྲེལ་བརྗོད་ལོགས་པར་རྒྱག་པའི་ཐབས་ཤེས་བྱེད་བཞིན་པའི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་མཐུན་ཕྱོགས་རྒྱལ་ཁབ་ཀྱི་སྐུ་ཚབ་དང་། རྒྱལ་སྤྱིའི་གསར་འགོད་པ། ཉམས་ཞིབ་པ་ཁག་ཅིག་བོད་ནང་དུ་ལྟ་སྐོར་དུ་ཁྲིད་ཡོད་འདུག དེ་བཞིན་ཉེ་ཆར་རྒྱ་གཞུང་གི་གོ་སྒྲིག་བྱས་པའི་པེ་ཅིན་གྱི་བོད་རིག་པའི་ཚོགས་འདུ་སྟེང་དུ། རྒྱལ་སྤྱིའི་མི་སྣ་བེད་སྤྱོད་བྱས་ཏེ་བོད་ནང་གི་གཏན་འཇགས་སློབ་གྲྭ་འགྲེལ་བརྗོད་ལོགས་པ་བྱས་ཡོད་པ་མ་ཟད། བོད་ཀྱི་མིང་གི་ཚབ་དུ་ཞིས་ཙང་བེད་སྤྱོད་བྱེད་བཞིན་ཡོད་པ་གསར་བ་གང་ཡང་མིན་ཡང་། རྒྱལ་སྤྱིའི་སྙན་ཐོ་ཁག་ཏུའང་ཉམས་ཞིབ་པ་ཚང་མས་ཤར་ཏུར་ཀི་སི་ཐན་གྱི་ཚབ་ཏུ་ཤིན་ཅང་བེད་སྤྱོད་བྱེད་བཞིན་ཡོད་པས། དེང་སང་བོད་ཀྱི་མིང་ཚབ་ཏུའང་ཞིས་ཙང་བེད་སྤྱོད་བྱས་ཏེ་བོད་ཀྱི་ས་ཁུལ་ཡོངས་རྫོགས་མི་ཚུད་བའི་ཉེན་ཁ་ཡོད་པ་དང་། དེ་ལ་འགྲེལ་བརྗོད་ལོགས་པ་ཞིག་རྒྱག་བཞིན་ཡོད་དུས། ང་ཚོའི་ངོས་ནས་བརྡ་ལན་ཡག་པོ་སྤྲད་དགོས་ཀྱི་འདུག ཞེས་བརྗོད་སོང་།

སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ཀྱིས། རྒྱ་གཞུང་གིས་ཆོས་ལུགས་བྱེད་སྒོ་སྤེལ་བའི་དོ་དམ་ཁྲིམས་སྒྲིག་སྔ་ཕྱི་ཐེངས་གསུམ་ལ་བཏོན་ཡོད་ཅིང་། ཕྱི་ལོ་ ༡༩༩༤ ལོར་ཐེངས་དང་པོ་བཏོན་ཡོད་པ་དང་། དེ་ལ་དོན་ཚན་ ༡༥ འདུག ཕྱི་ལོ་ ༢༠༠༥ ལོར་ཐེངས་གཉིས་པ་བཏོན། དེར་དོན་ཚན་ ༡༥ འདུག ཕྱི་ལོ་ ༢༠༢༣ ལོར་ལེའུ་ ༡༠ དང་དོན་ཚན་ ༧༦ འདུག བོད་ནང་དགོན་པའི་ལྷ་སྐུ་ལ་སོགས་པའང་རྒྱ་ནག་གི་ཁྱད་ཆོས་དགོས་པ་ཞིག་བཏོན་ཡོད་འདུག སྔོན་མའི་རྒྱ་གཞུང་གི་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་ཁག་ཏུ་དགོན་པ་གྲྭ་ཚང་གི་གཡས་གཡོན་ཏུ་ཡུལ་སྐོར་སྤྲོ་འཆམ་བྱེད་ཡུལ་འཛུགས་སྐྲུན་བྱེད་དགོས་ཚེ། ངེས་པར་ཏུ་དགོན་པ་གྲྭ་ཚང་གི་ཁྱད་ཆོས་དང་མཐུན་དགོས་བྲིས་ཡོད་པ་རེད། ཐེངས་འདིའི་སྲོལ་ཡིག་ཏུ་དགོན་པའི་ལྷ་སྐུ་ཐང་ག་དང་བཅས་པའི་འཛུགས་སྐྲུན་ཐམས་ཅད་ཀྱང་རྒྱ་ནག་ཅན་ཏུ་སྒྱུར་དགོས་པ་དང་། རྒྱ་གཞུང་གིས་བོད་ནང་གི་དགོན་པ་ཁག་ཅིག་ཏུ་འདུ་ཤེས་གསུམ་གྱི་སློབ་གསོ་ཞེས་པ་ཞིག་སྤེལ་ཏེ། དགོན་སྡེ་ཁག་ཏུ་ཆོས་ལུགས་དད་མོས་རང་དབང་རྩ་གཏོར་གཏོང་བཞིན་ཡོད་པ་དེར། རྒྱལ་སྤྱིའི་སྟེང་དུ་ཞུ་གཏུགས་བྱེད་པར་གལ་ཆེན་པོ་རེད་ཞེས་བརྗོད་སོང་།

དེ་བཞིན་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་དང་། སྤྱི་འཐུས་པདྨ་མཚོ་ལགས། རྒྱལ་ལྡོང་ཕུར་བ་རྡོ་རྗེ་ལགས། ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། དོན་གྲུབ་བཀྲ་ཤིས་ལགས་བཅས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་དང་། རྒྱ་གཞུང་གིས་བོད་ནང་གི་བྱིས་པ་རྣམས་གཏན་འཇགས་སློབ་གྲྭར་བཏང་ནས་རྒྱ་སྒྱུར་སློབ་གསོ་སྤེལ་བཞིན་ཡོད་པའི་ཐོག་ལ་གདུང་སེམས་མཉམ་བསྐྱེད་དགོས་སྐོར་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་དང་སྐལ་བཟང་སྦྱིན་པ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese