མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཚོགས་གཙོ་སྦྲེལ་པོས་བཅར་འདྲི་དང་ལེན་མ་གནང་སྟབས་གྲོས་ཚོགས་ག་དུས་འཚོགས་ཐུབ་མིན་གསལ་ཁ་གང་ཡང་མི་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣། ༠༩། ༢༢

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ལས་ཉིན་བཞི་པའི་ཚོགས་དུས་དང་པོའི་སྟེང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་རྒྱ་ནག་གཞུང་གི་ལས་བྱེད་ཅིག་དང་ཐུག་ཡོད་མེད་ཀྱི་གནད་དོན་དེ་བདེ་སྲུང་ལས་ཁུངས་ནས་གཙང་བཟོ་མ་བྱས་པར་དུ་ཆོས་བརྒྱུད་དང་མདོ་སྟོད་སྤྱི་འཐུས་རྣམས་གྲོས་ཚོགས་ཀྱི་ལས་རིམ་ནང་མཉམ་ཞུགས་བྱེད་ཀྱི་མེད་པར་བརྟེན།  བཅའ་ཁྲིམས་དོན་ཚན་ཞེ་དགུ་བའི་ནང་གསེས་དང་པོའི་དགོངས་དོན་ལྟར། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ལོན་པས་གྲོས་ཚོགས་འཚོགས་ཐུབ་མ་སོང་།

དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁ་སང་བཀའ་ཤག་གི་ངོས་ནས་མཐའ་མའི་འབབ་ས་ཨོ་ཙམ་བབ་ཚར་སོང་བསམ་བསམ་ཞིག་དང་། དེ་རིང་ལས་རིམ་ཡོད་ཤག་བྱས་ནས་བཀའ་བློན་ཚང་མ་འདིར་ཚུར་བཅར་བ་རེད། འདི་ཡང་རྒྱ་ཆེ་མི་མང་དང་འབྲེལ་བ་ཆེ་བའི་གནད་དོན་ཆགས་ཀྱི་ཡོད་པ་དང་། ཁྱེད་རང་ཚོས་བཅར་འདྲི་ཞུས་སྟབས་མ་ཞུ་རང་ཞུ་ཅིག་ཆགས་འགྲོ་ཡི་འདུག དེ་མིན་ཞུ་རྒྱུའི་འདོད་པ་ཞིག་མེད། དེ་རིང་ཞོགས་པར་བཀུར་འོས་སྤྱི་འཐུས་བཞི་དཔལ་ལྡན་ཚོགས་གཙོ་ཚོགས་གཞོན་སར་བཅར་འདུག ད་གི་དཔལ་ལྡན་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ནང་གསལ་བསྒྲགས་གནང་བ་དང་གཅིག་པ་རེད། གང་ལྟར་བདེ་སྲུང་ལས་ཁུངས་ཀྱི་གནས་ཚུལ་དེ་གསལ་པོ་མ་བཟོས་པར་དུ། གྲོས་ཚོགས་ནང་བཅར་ཐུབ་ས་མེད་ཅེས་ནས་གསུངས་ཡ་དེ་རེད། ང་ཚོས་ཀྱང་ཁ་སང་གྲོས་ཚོགས་ནང་ལ་ཁས་ལེན་བྱས་པ་དེ་དེ་ག་རང་རེད། བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་གནས་ཚུལ་གཙང་མ་བཟོ་ཆེད་གནས་ཚུལ་ཚང་མ་རྩད་ཞིབ་བྱེད་ཀྱི་ཡིན། ཡིན་ན་ཡང་། དེའི་ཁུངས་དེ་གཞན་པ་ཞིག་ནས་ཡོང་གི་ཡོད་ཙང་གཞན་དབང་སྟབས་བསྟུན་གྱི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། ཁུངས་དེ་ག་རང་ནས་དཔང་རྟགས་ཡོད་ན་ཡོད་དང་མེད་ན་མེད་པའི་གནས་སྟངས་གསལ་པོ་མ་ཆགས་ཀྱི་བར་དུ་དུས་ཚོད་འགོར་སྲིད་པ་རེད་དེ། གྲོས་ཚོགས་དེ་མུ་མཐུད་ནས་འགྲོ་ཐུབ་ན་ཟེར་ནས་ཞུ་རྒྱུའི་གནས་སྟངས་ཤིག་ཆགས་པ་རེད། དེ་རིང་ཞོགས་པ་གྲོས་ཚོགས་ནང་འཛོམས་སྐབས་གྲུབ་ཆ་མ་ཚང་བ་སོང་ཙང་གྲོས་ཚོགས་འཚོགས་མ་ཐུབ་པ་རེད། དེ་ནས་ང་ཚོ་བཀའ་ཤག་གིས་གྲོས་བསྡུར་བྱས་པ་ཡིན། དེ་ནས་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་བདེ་སྲུང་བཀའ་བློན་དང་དྲུང་ཆེ་བཀའ་འགུག་བྱས་ཏེ་མར་བཅར་བ་རེད། ང་ཚོས་འགྲོ་ལུགས་འགྲོ་སྟངས་ཀྱི་ཐོག་ནས་འཛིན་སྐྱོང་གི་འགན་ཞིག་འཁུར་དགོས་ཀྱི་ཡོད། གྲོས་ཚོགས་ཀྱི་བཀའ་དང་ཚོགས་གཙོ་ཚོགས་གཞོན་གྱི་ལམ་སྟོན་ག་རེ་ཡིན་པ་ང་ཚོས་གསལ་བོ་བཟོས་ཏེ། ཚོགས་གཙོ་ཚོགས་གཞོན་གྱི་ལམ་སྟོན་གྱི་ངོ་བོའི་ཐོག་ནས་འཛིན་སྐྱོང་བཀའ་ཤག་གིས་གནས་ཚུལ་དེ་ག་ཚོད་ཐུབ་ཐུབ་ཅིག་དང་གང་མགྱོགས་མགྱོགས་གཙང་མ་བཟོ་དགོས་པའི་ལམ་སྟོན་ཕེབས་ཀྱི་འདུག དེར་བརྟེན། ང་ཚོའི་ངོས་ནས་ཚོགས་གཙོ་ཚོགས་གཞོན་གྱི་བཀའ་ལ་རྩིས་ཏེ་གང་མགྱོགས་མགྱོགས་བྱེད་ཀྱི་ཡོད། ཅེས་དང་། གྲོས་ཚོགས་ཚོགས་མ་ཐུབ་པའི་འགན་དེ་བཀའ་ཤག་ལ་མེད་སྐོར་བཅས་གསུངས་སོང་།

ཡང་འདི་གའི་གསར་འགོད་པས་གྲོས་ཚོགས་འཚོགས་མ་ཐུབ་པ་བརྟེན་ནས་ལྷན་ཁང་ཁག་གི་ལས་བསྡོམས་འགྲོ་མ་ཐུབ་པ་དེས། འཛིན་སྐྱོང་གི་ལས་དོན་ལ་དོ་ཕོག་འགྲོ་ཡི་ཡོད་མེད་ཀྱི་ཐད་དྲིས་པར་སྲིད་སྐྱོང་མཆོག་གིས། སྤྱིར་ད་ལན་གྱི་གྲོས་ཚོགས་དེ་ལས་བསྡོམས་ཀྱི་སྐོར་རེད། ཕྱི་ལོ་ ༢༠༢༢ དང་ ༢༣ གྱི་ལས་བསྡོམས་སྐོར་རེད། འདས་པའི་ལས་ཀ་བྱས་ཟིན་པའི་སྐོར་མང་ཚོགས་ཀྱིས་མཁྱེན་དགོས་པ་དང་། བཀུར་འོས་སྤྱི་འཐུས་རྣམས་ཀྱིས་མཁྱེན་པའི་ཐོག་ནས་སྤྱི་ཚོགས་བདེ་དོན་དང་ཆབ་སྲིད་ཀྱི་ལས་དོན་གང་འདྲ་སྒྲུབ་ཀྱི་ཡོད་མེད་གྲོས་ཚོགས་ལ་འགན་ཁུར་བའི་ཐོག་ནས། མང་ཚོགས་ལ་འགན་ཁུར་བའི་གནས་སྟངས་ཤིག་ཆགས་པ་དེ་ད་མེད་པ་ཆགས་འགྲོ་ཡི་ཡོད་རེད། ཉིན་མ་གཉིས་གསུམ་རིང་འཚོགས་མ་ཐུབ་པའི་དབང་དུ་བཏང་བ་ཞིག་ཡིན་ན། དེའི་སྒང་ལ་ཚེས ༢༧ ཉིན་མོ་དེ་ས་གནས་གཞན་པ་ཞིག་ཏུ་བཅར་དགོས་དུས། གྲོས་ཚོགས་འཚོག་རྒྱུའི་ཉིན་མ་ཐུང་དུ་འགྲོ་ཡི་འདུག་ག སྤྱིར་བཏང་འཛིན་སྐྱོང་གི་ལས་ཀ་བྱེད་སྟངས་ཀྱི་ཐོག་ལ་འཐུས་ཤོར་འགྲོ་ཡ་ཡོད་མ་རེད། ཡིན་ནའང་། འདི་ངས་ཕྱོགས་གཅིག་གཉིས་ཀྱི་སྐད་ཆ་མ་ཡིན་པར་སྤྱི་ཡོངས་ཀྱི་སྐད་ཆ་བཤད་ཀྱི་ཡོད། གྲོས་ཚོགས་ཀྱི་འཐུས་མི་མང་པོ་ཞིག་ལ་ང་ཚོའི་སྤྱི་པས་འགྲོ་སོང་བཏང་ནས་དྷ་སར་ཕེབས། སྤྱི་པའི་དོན་དུ་སྐད་ཆ་བཤད་པའི་ཚབ་ཏུ་ང་ཚོའི་གནས་སྟངས་འདི་འདྲ་ཞིག་ཆགས་ཡོང་བའི་སྐབས་ལ། བོད་ནང་གི་བོད་མི་རྣམས་ལ་ང་ཚོས་སེམས་ཤུགས་སྤར་དགོས་ཡོད་རེད་དེ། སེམས་ཤུགས་སྤར་བའི་ཚབ་ཏུ་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་ན། དེ་བཀུར་འོས་སྤྱི་འཐུས་རེ་རེས་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་འདུག ཅེས་གསུངས་སོང་།

སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣། ༠༩། ༢༢

དེ་རིང་སྔ་དྲོ་མདོ་སྨད་སྤྱི་འཐུས་གྲངས་དགུ་དང་དབུས་གཙང་སྤྱི་འཐུས་དགུ། དེ་བཞིན་ཡུ་རོབ་སྤྱི་འཐུས་གཉིས། ཨོ་གླིང་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་གྲངས་ ༢༡ ཙམ་གངས་སྐྱིད་སིལ་སྤོལ་ཐང་དུ་ལས་འགུལ་སྤེལ་མུས་ཡིན་པའི་གཞི་རིམ་མི་མང་རྣམས་ལ་གཟིགས་སྐོར་དུ་ཕེབས་ནས་ལས་འགུལ་བ་རྣམས་ཀྱི་གནས་སྟངས་ལ་ལྟ་ཞིབ་དང་། ལྷག་པར་རྒན་འཁོགས་རྣམས་ཀྱི་སྐུ་གཟུགས་དང་སེམས་ཁམས་འཕྲོད་བསྟེན་ཡག་པོ་གནང་དགོས་པ་སོགས་ཀྱི་རེ་སྐུལ་ཞུས་སོང་།

དེ་བཞིན་དེ་རིང་འདི་གའི་གསར་འགོད་པས་དུས་ཚོད་རིང་པོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོར་ངང་སྒུག་བྱས་ཀྱང་། ཚོགས་གཙོ་སྦྲེལ་པོས་བཅར་འདྲི་དང་ལེན་མ་གནང་བའི་དབང་གིས་གྲོས་ཚོགས་ག་དུས་འཚོགས་ཐུབ་མིན་ཐད་གསལ་ཁ་གང་ཡང་མེད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 1

  1. བོད་མི་རྫོང་དགའ་ཚེ་རིང་དངོས་གྲུབ། says:
    ལོ་ 2 སྔོན།

    ཚོགས་འདུའི་གྲོས་གཞི་ལ་བརྩིས་མེད་ཀྱིས་ནང་ཁུལ་གཅིག་གིས་གཅིག་ལ་འདོགས་གཞི་བསླངས་པར་ཉིན་མང་པོ་ཕན་ཚུན་རྙོན་རྩོད་གནང་གིན་བཞུགས་པར་བློ་ཕམ་ཡོད། སྤྱི་འཐུས་རྣམ་པ་ཚོགས་སྐབས་དེང་སང་ཐབས་ལམ་མང་དག་ནས་མི་མང་པོས་གཟིགས་ཐུབ་ཀྱི་ཡོད་པ་དང་ཕྱི་ནང་མི་མང་པོས་རེ་འདུན་ཆེན་པོས་གཟིགས་ཀྱི་ཡོད་ན་དེ་ལ་སྟངས་འཛིན་གནང་ཐུབ་ན་སེམས་ཀྱི་འདུག ། དེ་ཡང་སྤྱི་འཐུས་ཚོགས་ཞུགས་སྐབས་སུ་བཏོན་པའི་བཀའ་མོལ་ཡིན་ཙ་ན་སྤྱི་འཐུས་རང་ནས་ནང་ཁུལ་བཀའ་མོལ་གནང་ནས་ཕན་ཚུན་ར་སྤྲོད་གསལ་པོ་གནང་དགོས་པ་དོ་དག་སོ་སོ་ནས་ཁ་གསལ་ར་སྤྲོད་ཀྱིས་དུས་ཡུན་ཉུང་ཐུང་ཙམ་ནང་ཐག་གཅོད་གནང་ནས་ལས་དོན་ཐོག་མའི་གྲོས་གཞི་གནང་བ་མ་གཏོགས་སྤྱི་འཐུས་རྣམ་པ་ཚང་མས་གསུང་བཤད་གནང་བ་དང་བརྗོད་གཞི་དང་བརྗོད་ཚིག་ཚང་མ་གོང་མ་དེས་གསུངས་ཟིན་པ་ལ་གཞན་ཚང་མས་དེ་ག་རང་སྐྱར་ཟློས་རྗེས་ཟློས་གནང་དགོས་དོན་གང་ཡིན་ནམ། དེ་ནི་ཉི་མ་ཁྱོལ་མི་ཐུབ་པའི་བཀའ་མོལ་ཡིན་པ་ལས་དོན་ཕན་ཡོད་པའི་བཀའ་མོལ་མིན་འདུག ། འདོགས་གཞི་སློང་སའི་ག་ལ་པ་དང་འདོགས་གཞི་སློང་མཁན་ཁོང་རང་གཉིས་ཀ་ད་ལྟའི་ཚོགས་འདུར་ཡོད་་ཙ་ན་གང་ཡིན་ཕན་ཚུན་ཁུངས་སྐྱེལ་གནང་ནས་གཙང་མ་བཟོ་རྒྱུ་སྤྱི་འཐུས་ཚོགས་ཞུགས་དེ་ག་རང་ནས་གཙང་མ་བཟོས་ན་མི་འགྲིག་པ་མེད་ཅིང་ད་ག་རང་གནང་ན་ཡག་ཤོས་རེད།

    གཞི་ནས་སྤྱི་འཐུས་རྣམ་པ་ང་ཚོ་མི་མང་ཚོའི་མིག་དཔེ་ལྟ་ས་དང་རེ་མོས་ཞུ་ས་ཡིན་པས་དེ་དང་མཐུན་པའི་བཀའ་མོལ་གནང་སྟངས་དང་ནང་ཁུལ་ཡ་རབས་སྤྱོད་བཟང་གི་ཐོག་ནས་ཞི་དུལ་ཞི་མོལ་དང་རྡོག་རྩ་གཅིག་དྲིལ་གྱིས་ལས་དོན་ཚགས་ཚུད་གནང་བ་ལས་སྒེར་ངོས་ཕན་ཚུན་དགའ་མིན་ཐོག་ལ་མགོ་བོ་འཁོར་བའི་བཀའ་མོལ་ཤ་སྟགས་གནང་ན་བོད་ནང་གི་བོད་མི་ཚོ་ཡི་ཐང་ཆད་ནས་ཐུགས་ཕམ་ཡོང་བ་དང་། དེ་བཞིན་ང་ཚོ་ཚང་མ་ལ་སེམས་ཕམ་ཆེན་པོ་ཡོང་གཞི་ཡིན་འདུག་པས་ཐོག་མཐའ་བར་གསུམ་མམ་མཐོ་དམན་བར་གསུམ་ཡོངས་ལ་ཐུགས བསམ ཡང དག པ བཞེས་རོགས་གནང་ཞེས་རེ་བསྐུལ་ཞུ་རྒྱུ་ཡིན། སྤྱི་འཐུས་རྣམ་པས་གནང་སྟངས་ལ་བརྟེན་ནས་ད་བར་ཁྲིམས་ཞིབ་རྣམ་པ་ལྷན་རྒྱས་དང་བཀའ་བློན་རྣམ་པ་བཞི་བསྐོ་བཞག་གནང་མ་ཐུབ་པ་མ་རེད་དམ།

    བོད་ཆོལ་ཁ་གསུམ་ཀ་དང་ཆོས་ལུགས་ཡོངས་ནས་སྤྱི་འཐུས་ཕེབས་པའི་དགོངས་དོན་དེ་བཞིན་ཚང་མ་མཉམ་རུབ་ཀྱིས་སྤྱི་དོན་ཕྱར་བ་གྲུ་འདེགས་ཡོང་བའི་ཆེད་དུ་ཡིན་པ་ལས་ང་དང་ཁྱོད་ཟེར་ནས་ཕན་ཚུན་དབྱེ་འབྱེད་གནང་བ་སོགས་ཡོང་བའི་དོན་དུ་རྩ་བ་ཉིད་ནས་མིན་པ་དེ་དོན་དགོངས་པ་བཞེས་ནས་སོ་སོ་ས་སོར་སྟངས་འཛིན་དགོས་ཀྱི་འདུག ། ད་ལྟའི་སྤྱི་འཐུས་རྣམ་པའི་གནང་སྟངས་ལ་ང་ཚོ་མི་མང་ལ་སེམས་ཕམ་དང་མ་སྐྱིད་པ་ཡོང་གི་འདུག ། གནང་སྟངས་དེ་ལ་དགའ་མཁན་ནི་རྒྱ་དམར་ཡིན་པ་ཐག་ཆོད་རེད། དོན་དག་ག་ལ་པ་ཞིག་ལ་ཁག་བཀལ་ནས་ཚོགས་འདུ་མུ་མཐུད་ནས་གནང་གི་མིན་ཟེར་བ་ང་ཚོའི་ད་ལྟའི་སྤྱི་འཐུས་ཀྱི་སྐབས་ལ་མ་གཏོགས་གོ་མ་མྱོང་། ང་ཚོའི་གནས་སྟངས་རང་བཙན་ཡིན་རྒྱལ་ཁབ་་ལུང་པའི་སྲིད་དོན་ཚོགས་པ་ཁག་ཚོ་དང་རྩ་བ་ཉིད་ནས་གཅིག་པ་མ་རེད། ང་ཚོའི་དགྲ་བོའམ་
    ལྡོག་ཕྱོགས་དེ་རྒྱ་དམར་གཅིག་པོ་རེད་མ་གཏོགས་ང་ཚོ་ནང་ཁུལ་རྩ་བ་ཉིད་ནས་མརེད་དོ་ཞུ།། །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese