མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་གྲོས་ཚོགས་མུ་མཐུད་འཚོགས་ཐུབ་ཀྱི་མེད་སྟབས་ལས་འགུལ་སྤེལ་མཚམས་བཞག་སྟེ་ཕྱི་ཟླ་གསུམ་པར་གང་འདྲ་བྱེད་དགོས་མིན་ཐད་མི་མང་ལས་འགུལ་གྱི་རྒྱུན་ལས་རྣམས་ཀྱིས་ཐག་གཅོད་དང་གོ་བསྡུར་བྱ་རྒྱུ་ཡིན་འདུག 

གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་དབུས་གཙང་སྤྱི་འཐུས་དགུ་དང་མདོ་སྨད་སྤྱི་འཐུས་དགུ། དེ་བཞིན་ཡུ་རོབ་སྤྱི་འཐུས་གཉིས་བཅས་ཁྱོན་སྤྱི་འཐུས་གྲངས་ཉི་ཤུས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉེ་འདབས་སུ་ལས་འགུལ་སྤེལ་མུས་ཡིན་པའི་གཞི་རིམ་མི་མང་གི་ལས་འགུལ་བ་རྣམས་ལ་མཇལ་འཕྲད་བྱས་ཏེ། མི་མང་གིས་ལས་འགུལ་མཚམས་འཇོག་བྱ་དགོས་པ་སོགས་ཀྱི་རེ་སྐུལ་ཞུས་པ་བཞིན། ཟླ་འདིའི་ཕྱི་ཚེས ༢༨ ཀྱི་རྗེས་ནས་གྲོས་ཚོགས་འཚོགས་ཀྱི་མེད་སྟབས། གཞི་རིམ་མི་མང་གི་ལས་འགུལ་དེའང་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

གཞི་རིམ་མི་མང་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས། རྣམ་པ་ཚང་མས་མཁྱེན་གྱི་རེད། དེ་རིང་ང་ཚོས་ལས་འགུལ་སྤེལ་ནས་ཉིན་བདུན་པ་ཆགས་བསྡད་ཡོད། གཟའ་སྤེན་པ་ནས་གྲོས་ཚོགས་འཚོགས་མ་ཐུབ་པར་ཉིན་གསུམ་འགྲོ་བཞིན་འདུག གནས་སྟངས་འདི་འདྲ་བྱས་ཏེ་ཕྱིན་པ་ཡིན་ཚེ་གྲོས་ཚོགས་ཀྱི་ཉིན་གཉིས་མ་གཏོགས་ལྷག་མི་འདུག  མི་མང་གིས་ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག་པས། ང་ཚོ་ལས་འགུལ་ཚོགས་ཆུང་གི་རྒྱུན་ལས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༢ བའི་ཐོག་ལས་འགུལ་མཇུག་སྡོམ་བྱེད་པའི་ཐག་གཅོད་བྱུང་བ་ཡིན། ང་ཚོས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྣམ་པར་ཞུ་དགོས་ཚང་མར་ཞུས་ཟིན། བློ་ཕམ་པ་ཞིག་ལ་མི་མང་གིས་ལས་འགུལ་སྤེལ་ཡོད་ཀྱང་། གྲོས་ཚོགས་མུ་མཐུད་དུ་འཚོགས་མ་ཐུབ་པར་བློ་ཕམ་བྱུང་གི་འདུག ཟླ་འདིའི་ཕྱི་ཚེས་ ༢༨ བར་གྲོས་ཚོགས་ཀྱི་ཉིན་མཐའ་མར་ཆགས་ཀྱི་ཡོད་པས་མི་མང་གིས་ལས་འགུལ་མུ་མཐུད་སྤེལ་རྒྱུ་རེད། དེའི་བར་དུ་ང་ཚོས་ལས་འགུལ་ག་འདྲ་སྤེལ་དགོས་མིན་རྒྱུས་ལོན་བྱས་ཏེ་སྤེལ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་། 

ོ ཡང་ཁོང་གིས། ཐེངས་འདིའི་ལས་འགུལ་ནང་ལོ་རྒན་པའི་ལས་འགུལ་བ་མང་པོ་ཞིག་ཡོད་པས། དཀའ་ངལ་མང་པོ་ཞིག་འཕྲད་ཡོང་གི་འདུག ཁ་སང་བདེ་ལེགས་སྨན་ཁང་དུ་དགུང་ལོ་བགྲེས་པོ་གསུམ་ལ་སྨན་བཅོས་བྱེད་དགོས་པའི་གནས་སྟངས་ཆགས་སོང་། ལས་འགུལ་བ་གཅིག་ཛ་དྲག་ཆགས་ཏེ་ཀང་རའི་ཌན་ཌ་སྨན་ཁང་དུ་བསྐྱལ་དགོས་ཁེལ་ཡོད་པ་དང་། དེ་ནས་ཧྥོར་ཌི་སི་སྨན་ཁང་དུ་ཛ་དྲག་ངང་བརྗེ་བོ་རྒྱག་དགོས་ཁེལ་བ་རེད། འདིར་ལས་འགུལ་ནང་དུ་ལོ་རྒན་པ་མང་པོ་ཡོད་དུས་འཕྲོད་བསྟེན་གྱི་ཐོག་ནས་དཀའ་ངལ་འཕྲད་བཞིན་འདུག སྤྱི་འཐུས་གྲོས་ཚོགས་ཀྱང་མུ་མཐུད་འཚོགས་ཐུབ་ཀྱི་མི་འདུག་པས། ད་ཐེངས་འདིར་ལས་འགུལ་སྤེལ་མཚམས་བཞག་སྟེ། ཕྱི་ཟླ་གསུམ་པར་གང་འདྲ་བྱེད་དགོས་མིན་ཐད་མི་མང་ལས་འགུལ་གྱི་རྒྱུན་ལས་རྣམས་ཀྱིས་ཐག་གཅོད་བཀའ་བསྡུར་བྱ་རྒྱུ་ཡིན། ཐེངས་འདིའི་ལས་འགུལ་ནང་ཕྱོགས་མཐའ་ནས་ཡོང་བའི་ལས་འགུལ་བ་བཞི་བརྒྱ་ཙམ་དང་། དྷ་སའི་ཉེ་ཁུལ་གྱི་མི་མང་མང་པོ་མཉམ་ཞུགས་གནང་སོང་པས། དེ་ནི་ཞེ་དྲགས་དགའ་འོས་པ་ཞིག་དང་། གཟི་བརྗིད་ལྡན་པ་ཞིག་རེད་བསམ་གྱི་འདུག ཧི་མ་ཅལ་གྱི་ས་གནས་མང་པོ་ཞིག་ནས་ཐད་གཏོང་ལ་གཟིགས་མཁན་མང་པོ་ཡོང་གི་འདུག དེའི་གྲངས་ཀ་ཉིན་རེར་བདུན་བརྒྱ་ནས་ཆིག་སྟོང་བར་དུ་ཆགས་སོང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ཕྱོགས་མཐའ་ཁག དྲ་ལམ་ཁག་ནས་ཞལ་འདེབས་གནང་མཁན་མང་པོ་བྱུང་སོང་། སྤྱིར་ཐེངས་འདིའི་ལས་འགུལ་ལ་མི་མང་གི་རྒྱབ་སྐྱོར་ཚད་མཐོ་བོ་རེད། ལོ་རྒྱུས་ནང་དུ་མིག་དཔེ་སྟོན་ཡག་ཞིག་ཆགས་སོང་། ཞེས་འགྲེལ་བརྗོད་གནང་སོང་།

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། གྲོས་ཚོགས་འཚོགས་དང་མ་འཚོགས་དེ་སྤྱི་འཐུས་རྣམ་པའི་ཐུགས་འགན་རེད་མ་གཏོགས། བདེ་སྲུང་ལས་ཁུངས་ཀྱི་འགན་མ་རེད་བསམ་གྱི་འདུག དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་བཀའ་མོལ་གནང་བ་དེ། རྣམ་པ་ཚོ་ཚང་མས་གསན་ཡོད་རེད། གནད་དོན་དེའི་སྒང་ནས་བདེ་སྲུང་ལས་ཁུངས་དྲུད་རྒྱུ་དེ། སྟབས་མ་བདེ་བ་ཟེར་ན་མི་འདུག སྟབས་མ་ལེགས་པ་ཟེར་ན་མི་འདུག གང་ལྟར་བཀུར་འོས་སྤྱི་འཐུས་ཚོའི་བཀའ་བསྡུར་ནང་ལ་བདེ་སྲུང་ལས་ཁུངས་དྲུད་སླེབས་པ་རེད་མ་གཏོགས། འདི་བདེ་སྲུང་ལས་ཀྱིས་ཡར་བསླངས་བཞག་པའི་གནད་དོན་ཞིག་མ་རེད། དེའི་ཐོག་ལ་གྲོས་ཚོགས་འཚོགས་དང་མ་འཚོགས་འདི། བཀུར་འོས་སྤྱི་འཐུས་རྣམས་ལ་རག་ལས་པ་རེད་མ་གཏོགས། བདེ་སྲུང་ལས་ཁུངས་དང་འཛིན་སྐྱོང་གི་འགན་ཁུར་ཐུབ་ཡ་ཞིག་མ་རེད། དཔལ་ལྡན་སྲིད་སྐྱོང་གིས་གྲོས་ཚོགས་ནང་ལ་བཀའ་གནང་བ་ནང་བཞིན་རེད། ང་ཚོས་དུས་རྒྱུན་དུ་འབྲེལ་བ་ཡོད་སའི་གནས་ཚུལ་ཡོང་ཁུངས་དེ་དག་ལ་འབྲེལ་བ་བྱ་དགོས་ཀྱི་ཡོད་པ་དང་། ང་ཚོས་ཐོག་ནས་འབད་བརྩོན་ཞུ་ཡི་ཡིན་ཟེར་ནས། ཕྱི་ཚེས་ ༢༡ ལ་གྲོས་ཚོགས་སུ་ཞུས་པ་རེད། དེ་དེ་ག་རང་བྱས་ནས་འགྲོ་བསྡད་ཀྱི་ཡོད། ཚོགས་གཙོ་རྣམ་པ་གཉིས་ཀྱིས་ཀྱང་ལམ་སྟོན་ཕེབས་སོང་། ང་རང་གིས་བསམ་ན་སྤྱི་འཐུས་རྣམ་པ་ཚོས་གྲོས་ཚོགས་འཚོགས་ཐུབ་ཐབས་གནང་རྒྱུའི་ཐོག་ལ་དགོངས་པ་བཞེས་ཐུབ་ན་ཡག་པོ་རེད་བསམ་གྱི་འདུག ང་ཚོས་གཞན་ལ་བསྟུན་དགོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་དུས། ཉིན་མ་གཅིག་འགོར་གྱི་རེད། ཉིན་མ་གཉིས་འགོར་གྱི་རེད། ཉིན་མ་གསུམ་འགོར་གྱི་རེད་ཟེར་ནས། བརྒྱ་ཆ་བརྒྱ་དུས་ཚོད་དེ་འདྲ་ཞིག་གི་ནང་ལ་ཚར་ས་རེད་ཅེས་ནས་ཞུ་ཐུབ་ཡ་དེ་དཔེ་ཁག་པོ་རེད་འདུག སྙིང་དོན་དེ་ག་རེ་རེད་ལབ་ན། གྲོས་ཚོགས་ཀྱི་བརྒྱུད་རིམ་འགྲོ་རྒྱུ་འདི་བཀུར་འོས་སྤྱི་འཐུས་རྣམ་པ་ཚོས་རང་གིས་ཐུགས་འགན་བཞེས་དགོས་ཡ། ལྷག་པར་དུ་ཁ་སང་སྲིད་སྐྱོང་གིས་བཀའ་གནང་བ་ནང་བཞིན་རེད། གང་ལྟར་གྲོས་ཚོགས་འཚོགས་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་དེ་ང་ཚོའི་སྒང་ལ་རྩ་བ་ཉིད་ནས་བབ་མེད། གང་ཡིན་ཟེར་ན། གྲོས་ཚོགས་འཚོགས་གནང་ཐུབ་པའི་གནས་སྟངས་མེད་པ་ཞིག་མ་རེད་བསམ་གྱི་འདུག ཅེས་གསུངས་སོང་།  

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།

ཡང་བདེ་སྲུང་བཀའ་བློན་མཆོག་གིས། བདེ་སྲུང་ལས་ཁུངས་ཀྱི་ཐོག་ནས་གྲོས་ཚོགས་ཀྱི་ནང་ལ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་སོ་བ་རེད་ལབ་རྒྱུ་མ་བྱུང་། བཀུར་འོས་སྤྱི་འཐུས་ཁོ་རང་རང་གིས་ཐོག་ནས་ད་འཆར་གཞི་ངན་པ་ཞིག་བཏིང་གི་ཡོད་ས་རེད་ཟེར་ནས་མར་བྲུས་ནས་གསུངས་པ་རེད། ང་ཚོའི་ཐོག་ནས་འཆར་གཞི་ངན་པ་གང་ཡང་མེད། མཇལ་འཕྲད་གནང་འདུག་ཟེར་ནས་གནས་ཚུལ་ཞིག་ང་ཚོ་ལ་ཐོན་པ་རེད། གནས་ཚུལ་དེ་རེད་དང་མ་རེད་ཟེར་བ་དེ་རྒྱུན་དུ་ནས་འགྲོ་སྟངས་ཤིག་རེད། འདི་དོ་བདག་ལ་བཀའ་འདྲི་ཞུ་རྒྱུའི་བང་ནང་བཞག་པ་རེད། དེ་བང་ནང་བཞག་ཡོད་ནའང་ཐུག་པ་ཙམ་གྱིས་སོ་བ་རེད་ཟེར་ནས་ང་ཚོས་ལབ་ཀྱི་ཡོད་མ་རེད། ཡིན་ཡང་། དེ་བཟོས་ཡ་དེ་གྲོས་ཚོགས་རང་གི་གྲོས་གླེང་ནང་ནས་ཆེད་དུ་མངགས་ནས་ཆེན་པོ་ཞེ་དྲགས་ཆགས་འགྲོ་ཡི་འདུག་མ་གཏོགས། ང་ཚོས་ཐོག་ནས་ཐོག་མ་བསམ་པ་དེ་འདྲ་ཞིག་གང་ཡང་མིན། བཀའ་འདྲི་ཞུ་སྐབས་ཐུག་མེད་གསུངས་ན་ནི། ཐུག་མེད་གསུངས་ཀྱི་འདུག་ལབ་ནས་འབྲེལ་ཡོད་སུ་ལ་ཞུ་དགོས་ཀྱི་འདུག་ནའང་། འདི་གསུངས་ཀྱི་འདུག་ལབ་ནས་ཞུ་ཡ་ང་ཚོའི་ལས་འགན་རེད་མ་གཏོགས། འདི་ལས་འཕར་མ་ཞིག་ང་ཚོས་མཐོང་མ་བྱུང་། ཡིན་ན་ཡང་། ད་འདི་འདྲའི་གནས་སྟངས་ཤིག་ཆགས་འགྲོ་ཡི་འདུག འདིས་ང་རང་ཚོ་ལ་བརྡབ་གསིག་དང་ག་ཚོད་ཀྱིས་ཕན་གྱི་ཡོད་དང་མེད་རིམ་པ་བྱས་ནས་ཚང་མས་འགན་ཁུར་བའི་ཐོག་ནས་ཕེབས་དགོས་ཡ་གལ་ཆེན་པོ་མིན་འགྲོ་བསམ་གྱི་འདུག ཅེས་གསུངས་སོང་། 

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། 

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ། 

འབྲེལ་ཡོད་གསར་འགྱུར།

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡
US
Mobile App

ཨ་རིས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ལ་ངོས་འཛིན་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༡༡/༢༡
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་མངའ་སྡེ་ཨ་སམ་གྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་།

༢༠༢༥/༡༡/༢༡
His Holiness the Dalai Lama and Bihar Chief Minister Nitish Kumar in Bodhgaya, Bihar, India on December 21, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

བྷི་ཧར་མངའ་སྡེའི་སྤྱིི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མར་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ། 

༢༠༢༥/༡༡/༢༠
Jamyang Tenzin
Mobile App

མི་ཡུལ་ག་ཚོད་སྐྱིད་ཀྱང་རང་ཡུལ་ནམ་ཡང་མ་བརྗེད་ཅེས་འབོད་སྐུལ་ཞུས་སོང་།

༢༠༢༥/༡༡/༢༠
New studies stated to indicate likelihood of major new earthquakes in the Himalayas
Mobile App

ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་ས་ཡོམ་ཤུགས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་འདུག

༢༠༢༥/༡༡/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese