མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་དངོས་སུ་མཇུག་སྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོའི་སྟེང་དབུས་གཙང་དང་མདོ་སྨད། ཡུ་རོབ་སྤྱི་འཐུས་བཅས་དང་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སྐུ་ཚབ་བཅས་མཉམ་ཞུགས་གནང་སོང་།

གཞི་རིམ་མི་མང་གི་ཞི་འབོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཚོགས། ༢༠༢༣།༩།༢༨ བོད་ཀྱི་དུས་བབ་ཀྱི་པར།

དེ་རིང་གཞི་རིམ་མི་མང་ལས་འགུལ་མཚམས་འཇོག་བྱ་རྒྱུའི་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་དྲུག་ཅུ་བརྒལ་བའི་རིང་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་གཅེས་སྐྱོང་གནང་བའི་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཁྲིམས་ཞིབ་ཁང་དེ་དག་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ཀྱིས་གཙོས་སྤྱི་འཐུས་རྣམ་པས་རྩ་གཏོར་བཏང་པ་དང་། སྐབས་བཅུ་བདུན་པའི་གྲོས་ཚོགས་སུ་ཁྲིམས་འཆར་ཐེངས་གསུམ་བསླེབས་ཀྱང་གསུམ་ཆ་གཉིས་ཀྱི་གྲངས་ཚད་མ་ལོན་པ་བཅས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཁྲིམས་ཞིབ་ཁང་གི་གནས་སྟངས་ཛ་དྲག་ཉག་ཕྲའི་གནས་སུ་ཡོད་པ་བློས་ཀྱིས་མ་བཟོད་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་བལ་གཉིས་ལ་གནས་པའི་གཞི་རིམ་མི་མང་རེ་འབོད་ལས་འགུལ་བས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ནས་མགོ་འཛུགས་ཀྱིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཞུ་སྙན་སྔ་རྗེས་ཕུལ་བ་དང་། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢ བཞུགས་སྒར་དྷ་སར་མི་གྲངས་ ༡༥༠ ཙམ་གྱི་ཚོགས་འདུའི་ཐོག་ནས་ཚོགས་དྲུང་ལས་ཁུངས་སུ་འཐུས་མི་ཆེད་བཅར་གྱིས་གྲོས་ཆོད་དང་སྙན་ཞུ་ཕུལ་བ་བཅས་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་བདག་སྤྲོད་རྩ་བ་ནས་མ་གནང་བའི་ཐོག་ཡིག་འཁྱམས་རེད་ཅེས་སྣང་ཆུང་ཁྱད་གསོད་གནང་བར་བརྟེན། ད་ལམ་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༨ ནས་མི་གྲངས་ ༦༠༠ བརྒལ་བ་བཞུགས་སྒར་དྷ་རམ་ས་ལར་འདུ་འཛོམས་ཀྱིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་ ༼ཁྲིམས་ཞིབ་པ་ཆེ་བ་དང་གཞན་བསྐོ་བཞག་ཐུབ་ཕྱིར་བཅའ་ཁྲིམས་བསྐྱར་བཅོས་ངེས་པར་དུ་གནང་རོགས།༽ ཞེས་ཡིག་ཐོག་དགོས་འདུན་བཏོན་ནས་གངས་སྐྱིད་སིལ་སྤོལ་རྩེད་ཐང་དུ་ཕྱི་ཟླ་ ༩ ཚེས་ ༡༩ ནས་ལས་འགུལ་སྤེལ་མགོ་བཙུགས་པ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ལ་སྙན་ཞུ་འབུལ་བར་བཅར་ཆོག་པ་ཞེས་བདེ་སྲུང་ལས་ཁུངས་བརྒྱུད་དུས་ཚོད་སྔ་རྗེས་ཞུས་པ་ཡིན། མཐའ་མ་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་ཚོགས་གཙོ་ཚོགས་གཞོན་སྐུ་མདུན་བཅར་ཆོག་པའི་དུས་ཚོད་གནང་བྱུང་ཡང་། འཐུས་མི་གཉིས་ལ་མ་གཏོགས་བཀའ་འཁྲོལ་གནང་མེད་པ་དང་། ཆེད་བཅར་འཐུས་མི་གཉིས་ལ་བཀའ་ཕེབས་དོན་དུ། ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོ་དང་བསྐྱར་བཅོས་འཆར་ཟིན་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ཟླ་མཇུག་ཏུ་འབུལ་དགོས་པ་ཚོགས་དུས་ལྔ་པའི་གྲོས་ཆོད་ཡིན་པ་དེ་ལས་བརྒལ་བའི་ལས་ཀ་བྱེད་ཐུབ་པ་མེད་སོགས་གསུངས་ནས་མདོ་དོན་སྐབས་འདིར་ཁྲིམས་ཞིབ་པ་བསྐོ་བཞག་གི་བཅའ་ཁྲིམས་བསྐྱར་བཅོས་ཡོང་ཐབས་མེད་པ་མ་ཟད། ཡང་བསྐྱར་ཚོགས་གཙོ་སྦྲེལ་པོ་ཐུག་སར་ཡོང་མི་དགོས་ཞེས་བཀའ་ནན་ཕེབས་འདུག

ཕྱི་ཟླ་ ༩ ཚེས་ ༢༢ ནས་བཟུང་ཉིན་བསྟུད་མར་གྲོས་ཚོགས་ཚོགས་མ་ཐུབ་པར་གནས་ཡོད་སྟབས་གཏན་འབེབས་ཟིན་པའི་ལས་རིམ་མང་པོ་ཞིག་འགག་བསྡད་ཡོད་པ་དང་། དེ་འདྲའི་གནས་སྟངས་འོག་ནས་ལས་དོན་གང་ཡང་འགྲུབ་རེ་མེད་པར་མངོན་ཏེ་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་ ༢༠ ལས་འགུལ་ས་གནས་སུ་ཆེད་ཕེབས་ཀྱིས་ད་ལྟའི་གྲོས་ཚོགས་གནས་སྟངས་འདི་ནས་ཁྱེད་ཚོས་ཞུས་དོན་འགྲུབ་རེ་མེད་པ་དང་། དེ་ལས་ལྡོག་སྟེ་མང་ཚོགས་ཀྱི་འཕྲོད་བསྟེན་ལ་དཀའ་ངལ་དང་། སེམས་ཁམས་ལ་འགྱུར་བ་ཐེབས་ནས་དཀའ་རྙོག་གཞན་ཡང་འཕྲད་ཉེན་ཆེ་སྟབས་ལས་འགུལ་མཚམས་འཇོག་ཡོང་བའི་རེ་སྐུལ་སློབ་གསོ་གནང་བ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༣ པའི་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་གྲོས་ཚོགས་ནང་བསླེབ་རྒྱུར་ཡིད་ཆེས་བྱེད་ཆོག་ཅེས་གསུངས་པ་དང་། ཕྱི་ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་སྐུ་སྒེར་གྱི་ངོ་བོའི་ཐོག་ནས་ཕེབས་ཏེ། མང་ཚོགས་ལ་ལས་འགུལ་མཚམས་བཞག་དགོས་པའི་སློབ་གསོ་གནང་། དེ་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བདུན་གྱི་ཚོགས་གཙོ་དང་སྐུ་ཚབ་མི་བདུན་ཕེབས་ཏེ། མང་ཚོགས་ལ་ལས་འགུལ་མཚམས་འཇོག་ཡོང་བའི་རེ་འདུན་སློབ་གསོ་གནང་བ་བཅས་ལ་ལས་འགུལ་བ་རྣམས་ནས་བརྩི་བཀུར་གྱིས་ད་ལམ་གཞི་རིམ་མི་མང་རེ་འབོད་ཀྱི་ཞུ་འབོད་ལས་འགུལ་ཆེན་མོ་དེ་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་། ཞེས་བཀོད་འདུག

ད་དུང་མུ་མཐུད་དུ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་དང་སྤྱི་འཐུས་རྣམ་པར་ཞུ་འབོད་གསལ་པོ་ཞུ་དགོས་པ་ཞིག་ལ། ༡༽ ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་ནས་ལས་བསྡོམས་དང་ཟིན་བྲིས་ཆ་ཚང་སྤྱི་མོས་ཐོག་ནས་ལེགས་གྲུབ་ཟིན་འདུག་པ་མ་ཟད། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོའི་སྐུ་མདུན་དུ་ཐེངས་བཞི་ཙམ་བཅར་འདུག་ཀྱང་། དང་པོ་ཟིན་བྲིས་ཆ་ཚང་དགོས་སྐོར་དང་། དེ་རྗེས་སྐབས་ལྔ་པའི་གྲོས་ཆོད་དང་མཐུན་མིན། ལྷག་པར་དུ་ཁོར་ཡུག་མི་འདུག་ཅེས་ཁག་དཀྲི་སྣ་ཚོགས་ཀྱིས་ངོ་བཞེས་གནང་མེད་པར་སོང་། ད་ལམ་གྲོས་ཚོགས་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་བཀག་གནང་མཁན་དེ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་ཡིན་པ་ར་སྤྲོད་གསལ་པོ་བྱུང་། ༢༽ གྲོས་ཚོགས་སྐབས་རྗེས་མའི་ཚོགས་དུས་བདུན་པའི་ཐོག་གང་ལའང་ཁག་དཀྲི་མེད་པའི་ཐོག་ནས་ཁྲིམས་སྒྲིག་བསྐྱར་ཞིབ་འཆར་ཟིན་ཚོགས་ཆུང་གིས་སྤྱི་མོས་ཟིན་པའི་ཁྲིམས་ཡིག་འཆར་ཟིན་ཆ་ཚང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་ཐུབ་པའི་ཐུགས་འགན་ཚོགས་གཙོ་སྦྲེལ་པོ་ནས་བཞེས་གནང་དགོས། ༣༽ ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་དགྲ་དགའ་གཉེན་སྡུག་གི་གནས་སུ་གྱར་བའི་གནས་སྟངས་འདིར་བོད་མི་མང་སྤྱི་འཐུས་རྣམ་པར་ཁ་ཞེ་མེད་པའི་ཤ་ཚ་དང་ལར་ཞེན་ཞིག་ཡོད་ན། མང་གཙོའི་ཀ་བ་གསུམ་དེ་སྲ་ཐག་ཐག་གཅིག་བཟོ་དགོས་པ་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་འགན་ཆེ་ཤོས་དེ་ཡིན་པར་སོང་། ཉིན་གཅིག་ཡིན་ཡང་སྔ་དགོས་པ་ཞིག་མཐོང་གི་འདུག་ན། ཕྱི་ལོ་ ༢༠༢༤ ཟླ་ ༣ པའི་གྲོས་ཚོགས་སྐབས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་འཆར་ཟིན་ཆ་ཚང་གཏན་འབེབས་གནང་ཐུབ་པའི་ཐུགས་འགན་ཆེ་བཞེས་ཡོང་བ་ཞུ་རྒྱུ། སྐབས་དེར་ཡང་ཁྲིམས་སྒྲིག་བསྐྱར་བཅོས་ཇི་བཞིན་མ་གནང་བ་ཡིན་ན། བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་མ་གྲུབ་པར་ངོས་འཛིན་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

མཇུག་སྡོམ་མཛད་སྒོ་དེའི་སྟེང་དུ་དབུས་གཙང་དང་མདོ་སྨད། ཡུ་རོབ་སྤྱི་འཐུས་བཅས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་སྐུ་ཚབ་བཅས་མཉམ་ཞུགས་བྱས་འདུག སྐབས་དེར་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ཉེ་བའི་ལོ་འདི་དག་གི་རིང་བོད་སྤྱི་བའི་ལས་དོན་ཐད་བར་ཆད་ཆེན་པོ་ཞིག་བྱུང་སྟེ། དམངས་གཙོའི་སྒྲིག་འཛུགས་ལ་དཀའ་ངལ་མང་པོ་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་དུ་གྱུར་པས། བཞུགས་སྒར་དུ་མི་མང་གི་གོ་སྒྲིག་འོག་ཉིན་མང་པོའི་རིང་སྐུ་ལས་བསྐྱོན་ཡོད་པ་མ་ཟད། ཐེངས་འདིའི་མི་མང་གི་ལས་འགུལ་སྤེལ་སྟངས་དང་ཆ་ཤས་ལེན་སྟངས་ཀྱིས་དམངས་གཙོའི་མིག་དཔེ་ཡག་པོ་ཞིག་བསྟན་ཡོད་ཅིང་། མ་འོངས་པའང་བོད་མི་རིགས་ཀྱི་སྤྱི་བའི་ལས་དོན་ཆེད་དུ་ནང་ཁུལ་འཐེན་འཁྱེར་སོགས་ཀྱི་ཕྱོགས་རིས་སྤངས་ཏེ། དམངས་གཙོ་དང་དྲང་བདེན་གྱི་ལམ་ནས་བསྐྱོད་དགོས་སྐོར་སོགས་བརྗོད་སོང་།

མདོ་སྨད་སྤྱི་འཐུས་པདྨ་མཚོ་ལགས་ཀྱིས། ང་ཚོའི་འབོད་སྐུལ་ལ་གསན་འཇོག་གནང་བའི་ཐོག་ནས་དེ་རིང་ལས་འགུལ་མཚམས་འཇོག་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་རྣམ་པས་གནས་སྟངས་ལ་དཔག་པའི་ཐོག་ནས་གུས་ཞབས་དང་ལྡན་པ་དང་། དམངས་གཙོའི་འགྲོ་ལུགས་དང་མཐུན་པ། ཡུལ་ཁྲིམས་དང་མཐུན་པའི་ཐོག་ནས་ཞུ་འབོད་ཀྱི་ལས་འགུལ་ཚགས་ཚུད་པོ་གནང་བ་དེ། དངོས་གནས་དམངས་གཙོའི་ལམ་ལུགས་གསར་པ་ཞིག་ལ་འགྲོ་བཞིན་པའི་བོད་མི་རིགས་རྣམས་ཀྱིས་དམངས་གཙོའི་གོ་རྟོགས་ཡོད་པ་དེ་བཞིན་གྱིས་འགན་འཁུར་གྱི་ཡོད་པའི་རྣམ་པ་གསལ་པོ་མཐོང་ཡོད་སྐོར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་དམངས་གཙོ་སྲ་བརྟན་ཡོང་སླད་འགན་ཞིག་འཁུར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་རེ་ཆེན་པོའི་སྒོ་ནས་སྐུ་དགུང་ལོ་ ༡༦ ནས་ད་ལྟ་བར་དུ་སྐུ་ལས་འཛེམས་མེད་བསྐྱོན་པའི་ཐོག་ནས་བཙུགས་པའི་སྒྲིག་འཛུགས་དེ་དམངས་གཙོའི་ཆ་ལག་ཡོངས་སུ་ཚང་བའི་ཐོག་ནས་བོད་གངས་རི་ལྗོངས་ལ་སྤོ་ཐུབ་རྒྱུའི་གནས་སྟངས་མ་བསླེབས་བར་དུ། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱི་འགན་ཆགས་ཀྱི་ཡོད་ལ། མ་འོངས་པར་དེ་ལྟ་བུའི་འགན་བཞེས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་ཕམ་མ་ཡོང་བ་ཞིག་དང་། བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུའི་ཆེད་དུ་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་སྐོར་སོགས་བརྗོད་སོང་།

གསར་འགོད་པ། དོན་གྲུབ་བཀྲ་ཤིས། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཨོ་གླིང་ནང་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་པ་གནང་བཞིན་འདུག ༢༠༢༥།༠༧།༡༡ པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་མཉམ་དུ་སྒོ་རྒྱབ་ཀྱི་འབྲེལ་བ་ཡོད་ཀྱང་འབྲེལ་བ་སླར་གསོ་བྱེད་པར་ཕན་ཐོགས་གང་ཡང་བྱུང་མེད་ཅེས་གསུངས།

༢༠༢༥/༠༧/༡༡
Arunachal Pradesh CM Pema Khandu (Photo/DNA)
Mobile App

རྒྱ་གར་དང་བོད་ས་འབྲེལ་ཡིན་པ་ལས་རྒྱ་ནག་ལ་འབྲེལ་བ་མེད་ཅེས་གསུངས།

༢༠༢༥/༠༧/༡༡
པར་འགྲེལ། བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

བོད་སྐྱིད་གྲོང་ཁུལ་དུ་ཆུ་ལོག་བྱུང་རྐྱེན་རྒྱ་གར་གྱི་གནས་མཇལ་བ་ཕྱིར་ལོག་བཏང་།

༢༠༢༥/༠༧/༡༡
མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༠༩
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

༢༠༢༥/༠༧/༠༩
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

༢༠༢༥/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese