མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཁོངས་སུ་ཞུགས་པར་དགག་བྱ་འདོན་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཙོ་བྱས་པའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ ༡༤༣ ནས་རྒྱ་ནག་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཁོངས་སུ་འོས་འདེམས་མི་བྱེད་པའི་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་འདུག

UN Flag, Photo Source : ICT

སང་ཉིན་ཕྱི་ཚེས་ ༡༡ ནས་ ༡༣ བར་ཉིན་གཉིས་རིང་ཡུ་རོབ་རྒྱལ་ཁབ་སིད་སུའི་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་སྤྱི་ཁྱབ་ལྷན་ཁང་དུ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༥༤ པ་འཚོག་གཏན་ཁེལ་ཡོད་པ་དང་། ཚོགས་ཐོག་ཏུ་ད་ལྟའི་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༡༩༣ གྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཁྱོན་ ༤༧ ཐད་ཀར་དང་གསང་བའི་ལམ་ནས་འོས་འདེམས་བྱ་རྒྱུ་ཡིན་པ་ལྟར།  ཁ་སང་ཕྱི་ཚེས་ ༩ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ ༡༤༣ གྱིས།  འཚོག་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༥༤ སྟེང་། རྒྱ་ནག་དེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་འོས་འདེམས་མི་བྱེད་པའི་འབོད་སྐུལ་ཞུ་ཡིག་ཕུལ་ཡོད་འདུག

རྒྱལ་སྤྱིའི་བོད་ལས་འགུལ་ཁང་གིས་སྣེ་འཁྲིད་པའི་བོད་པའི་ཚོགས་སྡེ་ཁག་ ༡༤༣ ཐུན་མོང་གིས། འདི་ལོའི་ཕྱི་ཟླ་ ༩ སྟེ། ཟླ་སྔོན་མ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་འབོད་སྐུལ་ཞུ་ཡིག་དེ་ཕུལ་ཡོད་ཅིང་། ཁོང་ཚོའི་ཞུ་ཡིག་ནང་། རྒྱ་ནག་གཞུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་མ་འདེམས་རོགས། ང་ཚོས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཁོངས་སུ་ཞུགས་པར་དགག་བྱ་འདོན་རོགས་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་བདམས་ཏེ་རྐུབ་འཀྱག་ཅིག་གི་བྱ་དགའ་སྤྲོད་རྒྱུའི་ཚབ་ཏུ། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པར་འགན་ལེན་འཁུར་དུ་འཇུག་དགོས་པ་མ་ཟད། རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁོངས་སུ་བཅུག་རྒྱུ་ནི། ལྷན་ཚོགས་དེའི་ཆེ་མཐོང་དང་མཚན་སྙན་སོགས་དང་འབྲེལ་བའི་གནད་དོན་ཞིག་ཀྱང་ཆགས་ཡོད། ཅེས་བརྗོད་འདུག

ཡང་ཞུ་ཡིག་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་དབྱེ་ཞིབ་ལྷན་ཚོགས་(UN Social Committee)དང་ཆེད་མཁས་ལྷན་ཚོགས། རྒྱལ་ཚོགས་ཀྱི་དམིགས་བསལ་རྟོག་ཞིབ་ལྷན་ཚོགས་སོགས་རྒྱལ་ཚོགས་ཀྱི་ལྷན་ཚོགས་མི་འདྲ་བ་མང་པོས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་ཐེར་འདོན་གནང་ཡོད་པ་མ་ཟད། བོད་པའི་བྱིས་པ་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་འོག་རྒྱ་བསྒྱུར་བྱེད་བཞིན་པ་དང་། ངལ་རྩོལ་ལས་གཞིའི་སྲིད་ཇུས་སོགས་ལག་བསྟར་བྱས་ཏེ་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་གཏོར་སྐྱོན་གཏོང་གི་ཡོད་པར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་ཡོད་སྐོར་སོགས་བརྗོད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ལོ་གསུམ་རེའི་མཚམས་སུ་འོས་འདེམས་བྱེད་སྲོལ་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ལོའི་འོས་བསྡུའི་ཁྲོད། རྒྱ་ནག་གཞུང་ལ་རྒྱལ་ཚོགས་ཀྱི་ཚོགས་མི་འཛམ་གླིང་རྒྱལ་ཁབ་ ༡༩༡ གི་ནང་ནས་རྒྱལ་ཁབ་ ༡༣༩ ཡི་རྒྱབ་སྐྱོར་ཐོབ་སྟེ། འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཁོངས་སུ་བདམས་ཐོན་བྱུང་ཡོད་པ་དང་། དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁོངས་ནས་ཁ་གཏད་འོས་ལངས་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་མེད་པའི་ཐོག་ནས་འོས་འདེམས་བྱུང་བ་ཞིག་ཡིན་འདུག

ཕྱི་ལོ་ ༡༩༧༡ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་། གྲོས་ཆོད་ཅིག་བཏོན་པ་བརྒྱུད་འོས་བསྡུའི་ལམ་ནས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་འབོད་པའི་ཐའེ་ཝན་རྒྱལ་ཚོགས་ཀྱི་ཁོངས་ནས་ཕྱིར་ཕུད་དང་། རྒྱ་ནག་དམར་ཤོག་ཚོགས་པས་སྣེ་འཁྲིད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དེ་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་སུ་ཞུགས་ཐུབ་ཡོད་པར་གྲགས། དེ་ཡང་གཙོ་བོ་ལོ་དེར་ཨ་རིའི་རྒྱལ་སྲིད་བློན་ཆེན་(Henry Kissinger) རྒྱ་ནག་ཏུ་བསྐྱོད་དེ་ཨ་རྒྱའི་འབྲེལ་ལམ་གསར་པ་ཞིག་སྒོ་འབྱེད་བྱས་པ་ནས་བྱུང་བ་ཞིག་ཡིན་པ་རེད། དེ་མིན། འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། ཕྱི་ལོ་ ༡༩༤༥ ལོར་འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་གསར་འཛུགས་གནང་སྐབས། ད་ལྟའི་ཐའེ་ཝན་ཏེ། གུང་མན་ཏང་ངམ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཚོགས་ཀྱི་ཁོངས་སུ་ཡོངས་གྲགས་ངོས་འཛིན་ཐོག་མཉམ་ཞུགས་བྱས་ཡོད་འདུག

ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་ནི་མཉམ་འབྲེལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ལྔའི་གྲས་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐག་གཅོད་ཆེ་མ་ཆུང་གསུམ་ཚང་མར་ཇུས་གཏོགས་བྱེད་པའི་དབང་ཚད་ཡོད་ཁར། རྒྱལ་ཚོགས་ཀྱི་སྡིངས་ཆ་བེད་སྤྱད་ཀྱིས། རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་མཁན་གཞུང་དང་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་སྤྲོད་ཐབས་དང་། མཐའ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞི་ཡིན་ཕྱིར་རྒྱ་ནག་གི་མངོན་འདོད་དང་མཐུན་པ་ཞིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་དབྱེ་ཞིབ་པས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese