མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྒྲ་སྒྱུར་ཉམས་ཞིབ་ཁང་གིས་འཇར་མན་གྱི་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་མཉམ་ཞུགས་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ཁང་གིས་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་རྩོམ་དཔེ་དེབ་ཁག་དང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་སོགས་ངོ་སྤྲོད་གནང་གི་འདུག

བོད་ཀྱི་དུས་བབ་གསར་ཁང་གི་པར།

ཟླ་འདིའི་ཕྱི་ཚེས་ ༡༨ ནས་ཉིན་ལྔའི་རིང་འཇར་མན་ཧྥ་རན་ཁི་ཧྥུར་ཌིར་(Frankfurt) གྲོང་ཁྱེར་དུ། འཇར་མན་དཔེ་ཚོང་དང་དཔེ་སྐྲུན་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཧྥ་རན་ཁི་ཧྥུར་(Frankfurter Buchmesse ) རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐེངས་ ༧༥ པ་འཚོགས་བཞིན་ཡོད་ཅིང་། ཐེངས་འདིའི་དཔེ་དེབ་ཁྲོམ་འདུས་ཐོག་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་དཔེ་སྐྲུན་ཁང་དང་། རྩོམ་པ་པོ། ལོ་ཙཱ་བ། དཔེ་དེབ་དང་འབྲེལ་བའི་ཚོགས་སྡེ་མང་པོ་འཛོམས་ཏེ་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་འབྲེལ་མཐུད་པ་བསོད་འཕེལ་དང་ནམ་མཁའ་བསྟན་འཛིན་གཉིས་མཉམ་ཞུགས་བྱེད་བཞིན་ཡོད་པ་མ་ཟད།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁག་དང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་བྱེད་མུས་ཡིན་འདུག ཐེངས་འདི་ནི་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་ཧྥ་རན་ཁི་ཧྥུར་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་ཐོག་མཉམ་ཞུགས་བྱས་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ཁང་གི་འགན་འཛིན་ལུང་རྟོགས་དགེ་འདུན་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་མཆོག་ནི་འཛམ་བུ་གླིང་གི་གསུང་རྩོམ་ཆེས་མང་ཤོས་ཀྱི་གྲས་ཡིན་པ་དང་། གསུང་རྩོམ་ཁག་སྐད་ཡིག་འདྲ་མིན་ ༤༩ ཐོག་ཏུ་ཡོད་ཅིང་། ཐེངས་འདིའི་དཔེ་དེབ་ཁྲོམ་འདུས་སྟེང་དུ་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་མང་པོ་མཉམ་ཞུགས་བྱེད་བཞིན་ཡོད་པས། བོད་དོན་ངོ་སྤྲོད་བྱེད་པའི་གོ་སྐབས་ཤིག་ཡིན་པ་མ་ཟད། བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསུང་རྩོམ་ཅི་ཡོད་དང་། དེ་དག་གི་བརྗོད་བྱ་དང་བསྟན་དོན་གཙོ་བོ་གང་ཡིན། ད་དུང་སྐད་རིགས་ག་ཚོད་ཅིག་ལ་བསྒྱུར་ཡོད་ཁག་དང་། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞི་བཅས་ངོ་སྤྲོད་གནང་རྒྱུ་དེ་གལ་ཆེན་དོན་ཆེན་དུ་བཟུང་ཡོད། སྔོན་མ་ང་ཚོས་ཧྥ་རན་ཧྥར་ཌིའི་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་འདུས་མཐུན་ཚོགས་ལ་འབྲེལ་བ་བྱས་ཏེ་དཔེ་དེབ་འགྲེམས་སྟོན་བྱས་ཡོད་ཀྱང་། ད་ལོ་དཔེ་དེབ་ཁྲོམ་འདུས་ཀྱི་མཐུན་ཚོགས་ཀྱི་ངོས་ནས་འཛམ་གླིང་གི་མི་སྣ་གལ་ཆེན་མང་པོ་ཡོད་པའི་དཀྱིལ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་དཔེ་དེབ་སོགས་ཁྱབ་བསྒྲགས་གནང་ཡོད་པ་རེད། དེས་ཧྥ་རན་ཧྥུར་ཌིའི་དཔེ་དེབ་ཁྲོམ་འདུས་མཐུན་ཚོགས་ཀྱིས་༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་ཧ་ཅང་གལ་ཆེན་པོ་བརྩི་བཞིན་ཡོད་པ་ཚོར་སོང་། ཐེངས་འདིའི་དཔེ་དེབ་ཁྲོམ་འདུས་ཡུལ་དངོས་སུ་འགྲེམས་སྟོན་བྱེད་བཞིན་པའི་འབྲེལ་མཐུད་པ་བསོད་འཕེལ་དང་། དགེ་འདུན་བཟང་པོ། ནམ་མཁའ་བསྟན་འཛིན་གཙོས་རམ་འདེགས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

ཧྥ་རན་ཧྥོར་ཌི་དཔེ་དེབ་ཁྲོམ་འདུས་ནི་དུས་རབས་ ༡༧ པའི་མཇུག་ཏུ་ཡུ་རོབ་གླིང་གི་དཔེ་དེབ་ཁྲོམ་འདུས་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། འཛམ་གླིང་དམག་འཁྲུག་གཉིས་པའི་རྗེས་སུ་བསྐྱར་གསོ་བྱས་ཏེ། ཕྱི་ལོ་ ༡༩༤༩ ལོར་ཐེངས་དང་པོ་སྒོ་འབྱེད་བྱས་ཡོད་ཅིང་། ད་ལྟའི་ཆར་འཛམ་གླིང་སྟེང་གི་དཔེ་དེབ་ཁྲོམ་འདུས་ཆེ་ཤོས་ཤིག་ཡིན་པ་མ་ཟད། དཔེ་དེབ་ཁྲོམ་འདུས་ཐོག་འཛམ་གླིང་གི་རྒྱལ་ཁབ་ ༡༠༠ ཡི་དཔེ་དེབ་འགྲེམས་སྟོན་བྱེད་མཁན་ ༧༣༠༠ ལྷག་མཉམ་ཞུགས་བྱེད་བཞིན་ཡོད་པ་དང་། དཔེ་དེབ་ཁྲོམ་འདུས་སྐབས་སུ་ལྟད་མོ་བ་འབུམ་གསུམ་ཙམ་ཕེབས་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༤ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese