མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སོ་ཉུལ་བ་ཞིག་ལ་མི་ལོ་ཉེར་ལྔའི་བཙོན་འཇུག་ཁྲིམས་ཆད། 

བོད་ཀྱི་དུས་བབ།
༢༠༢༤/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་དང་ཐའེ་ཝན་རང་བཙན་འཐབ་རྩོད་པ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ། ཡུ་གུར་གྱི་ལས་འགུལ་བ་སོགས་ཀྱི་གནས་ཚུལ་རྒྱ་གཞུང་ལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་ནག་གི་སོ་ཉུལ་བ་ཞིག་ལ་མི་ལོ་ཉེར་ལྔའི་བཙོན་འཇུག་ཁྲིམས་ཆད་ལག་བསྟར་བྱེད་གཏན་ཁེལ་འདུག

Shujun Wang stands outside federal court in Brooklyn, N.Y., Aug. 6, 2024, after he was found guilty of espionage. Photo : Jane Tang/RFA

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནེའུ་ཡོག་མངའ་སྡེའི་བྷུ་རུག་ལིན་ (Brooklyn) རྫོང་གི་དབུས་ཁྲིམས་ཁང་གིས། བདུན་ཕྲག་གཅིག་ལྷག་རིང་ཞིབ་བཤེར་བྱས་པ་བརྒྱུད། ཨ་རིར་གནས་སྡོད་ལོ་རྒྱུས་རིག་པ་བ་ཝང་ཧྲུ་ཇེན་(Wang Shujun) ཟེར་བའི་རྒྱ་མི་ཞིག་གིས་རྒྱ་ནག་གཞུང་གི་སོ་ཉུལ་བ་བྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་སྟེ། ཁོ་ལ་མི་ལོ་  ༢༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེའི་ཐད་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་ལས་རོགས་སྐུ་ཞབས་མ་ཐེའུ་ (Matthew Olsen) ལགས་ཀྱིས། ཝང་གིས་རྒྱ་ནག་དམངས་གཙོ་དོན་གཉེར་བའི་ལས་འགུལ་བ་ཡིན་མདོག་བགྱིས་ནས། ཕྱི་ལོ་ ༢༠༠༦ ཙམ་ནས་ཨ་རིའི་གསང་བའི་གནད་དོན་མང་དག་བསྡུ་རུབ་ཀྱིས་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་ཡོད་པ་རེད། ཅེས་དང་། ཨ་རིའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ལུ་ཕན་ཡུས་(Liu Pengyu) ཟེར་བས། ཝང་གི་གྱོད་གཞིའི་ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མེད་ཀྱང་། རྒྱ་ནག་གཞུང་གིས་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་བར་དྲག་གནོན་གྱི་འཆལ་གཏམ་སྤེལ་བ་དང་། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོར་ཉེས་འཛུགས་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད།  ཅེས་བཤད་འདུག

དེ་བཞིན་བྷུ་རུག་ལིན་ཁྲིམས་ཁང་གིས། ཝང་གིས་རྒྱ་ནག་གི་གསང་ཉུལ་བ་བྱས་པའི་དཔང་རྟགས་གསལ་སྟོན་དང་ནག་ཉེས་ཐེར་འདོན་བྱས་ཡོད་ཀྱང་། ཁོས་ངོས་ལེན་གཏན་ནས་བྱེད་ཀྱི་མེད་པ་དང་། ཝང་ཟེར་བའི་རྒྱ་རིགས་དེས་ཕྱི་ལོ་ ༢༠༡༡ ཙམ་ནས་རྒྱ་ནག་དབུས་བདེ་སྲུང་ལྷན་ཁང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་མ་ཟད། རྒྱ་ནག་བདེ་སྲུང་ལྷན་ཁང་དང་འབྲེལ་ལམ་ཚུགས་ནས། བོད་དོན་ལས་འགུལ་བ་དང་ཐའེ་ཝན་རང་བཙན་འཐབ་རྩོད་པ། དེ་བཞིན། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ། ཡུ་གུར་གྱི་ལས་འགུལ་བ་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་འདུག་ལ། ཨ་རིའི་གསང་བའི་ལས་ཁུངས་ལ་ཕྱི་ལོ་ ༢༠༢༢ ཙམ་ནས་ཝང་ཟེར་བས་རྒྱ་ནག་གི་སོ་ཉུལ་བ་བྱེད་ཀྱིན་ཡོད་པའི་དོགས་གཞི་བྱུང་ཡོད་འདུག

ད་ལྟ་རང་ལོ་ ༧༥ ཡིན་པའི་ཝང་ཧྲུ་ཇེན་ཟེར་བའི་རྒྱ་མི་དེ་ཕྱི་ལོ་ ༡༩༩༤ ལོར་ཐོག་མར་ཨ་རིར་འབྱོར་ཞིང་ཕྱིས་སུ་ཨ་རིའི་མི་སེར་གྱུར། ཕྱི་ལོ་ ༢༠༠༦ ཡས་མས་ནས་ཁོས་རྒྱ་ནག་གི་སོ་ཉུལ་བྱེད་མགོ་བརྩམས་ཡོད་འདུག་ལ། ཉེ་ལམ་གཟའ་འཁོར་གཅིག་རིང་ཁྲིམས་བཤེར་བྱས་རྗེས།  སོ་ཉུལ་བ་ཝང་ཟེར་བ་དེའི་རོགས་པ་ཕེང་ཧད་(Feng He) དང་། ཇི་ཇི་ (Jie Ji)  མིང་ལི་ (Ming Li) ། ཁེ་ཆིང་ལུ་ (Keqing Lu) བཅས་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། ཝང་ལ་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༩ ཉིན་མི་ལོ ༢༥ ཡི་ཁྲིམས་ཐག་གཅད་རྒྱུ་ཡིན་འདུག་ལ།  ཁོས་ཁུན་སི་གཞིས་ཀར་ཡོད་པའི་ཧུའུ་ཡའོ་པང་(Queens-based Hu Yaobang ) དང་ཀྲའོ་ཙེ་ཡང་དྲན་གསོའི་ཐེབས་རྩ་(Zhao Ziyang Memorial Foundation) ཟེར་བ་གཉིས་འཛུགས་རོགས་བྱས་ཏེ། ཕྱི་ལོ་ ༡༩༨༠ ནང་རྒྱ་ནག་གི་གསར་བརྗེའི་སྣེ་འཁྲིད་པ་གཉིས་ཀྱི་མིང་དེ་ཐེབས་རྩ་ཁང་དེ་གཉིས་ལ་བཏགས་ཡོད་པ་རེད།

ཨ་རིའི་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༨ ནས་ཨ་རིའི་ནང་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་སྒྲུབ་མཁན་ཇེ་མང་དུ་ཕྱིན་ཡོད་པའི་ངོས་འཛིན་འོག  ལོ་དེར་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལས་ཁུངས་དང་ཨ་རིའི་དབུས་ཞིབ་དཔྱོད་ལས་ཁུངས་(FBI)། གཞན་ཡང་རྒྱལ་ཡོངས་ཀྱི་ཁྲིམས་དཔྱོད་ལས་ཁུངས་ཁག་གིས། རྒྱ་ནག་མགོ་འཛུགས་ (China Initiative) ཞེས་རྒྱ་ནག་གིས་ཨ་རིའི་ཚོང་ལས་དང་ཚན་ལས་འཕྲུལ་རིགས་སོགས་ཀྱི་གནས་ཚུལ་རྐུ་འཁྱེར་བྱ་རྒྱུ་མཚམས་འཇོག་ཐབས་ཀྱི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཏེ། ད་ལྟའང་ལག་བསྟར་བྱེད་མུས་ཡིན་ཡང་། ཨ་རིའི་ནང་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་དང་འབྲེལ་བའི་དཀའ་ངལ་མུ་མཐུད་འཕྲད་ཀྱིན་ཡོད་འདུག

སྤྱིར་འདས་པའི་ལོ་ཤས་གོང་ནས་ཨ་རིའི་ནང་རྒྱ་ནག་གི་སོ་ཉུལ་བ་དང་། ཆེད་དུ་མི་སྣ་མངག་གཏོང་གིས་སྤྱི་ཚོགས་བརྟན་བརླིང་ལ་གནོད་འཚེ་གང་མང་གཏོང་ཐབས། དེ་བཞིན་ཨ་རིར་ཡོད་པའི་བོད་མི་དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་གཙོས། ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་། ཧོང་ཀོང་བ། ཡུ་གུར་བ་སོགས་ལ་སོ་ཉུལ་དང་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༢༠ ཟླ་དགུ་བའི་ནང་ཕྱི་ལོ་ ༢༠༡༤ ནས་བཟུང་རྒྱ་ནག་གཞུང་ཚབ་ཁང་གི་བཀོད་མངགས་ལྟར་ཨ་རིར་གནས་སྡོད་བོད་མི་ཚོའི་སྐོར་ལ་གསང་བའི་ཉུལ་ཞིབ་བྱེད་མཁན་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་མྱོང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

སྐར་མ ༢༠ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

སྐར་མ ༣༢ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༢ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༢༢ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese