མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་ཐོངས་མཆན་རིན་མེད་སྤྲད་དེ་དཔལ་འབྱོར་ཉམས་རྒུད་ལས་སྐྱོབ་ཐབས་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༤/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨེ་ཤ་ཡ་དང་ཡུ་རོབ་ཀྱི་རྒྱལ་ཁབ་ ༣༨ ཀྱི་མི་སེར་ལ་ཐོངས་མཆན་རིན་མེད་སྤྲད་དེ་ཉིན་གྲངས་ ༣༠ རིང་རྒྱ་ནག་ནང་ཡུལ་སྐོར་དུ་འགྲོ་ཆོག་པ་བཟོས་འདུག

The  Potala Palace in Lhasa, Tibet. Photo:https://www.bordersofadventure.com/

ཏོག་དབྱིབས་རིམས་ནད་བྱུང་རྗེས་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་ཤུགས་ཆེན་ཕྱིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་གཅིག་ཙམ་གྱི་གོང་ནས་བཟུང་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཡར་སྐྱེད་བརྗེ་ལེན་ཟེར་བའི་སྲིད་ཇུས་འོག ཨེ་ཤ་ཡ་དང་། ཡུ་རོབ་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་རྣམས་ལ་རིན་མེད་ཐོངས་མཆན་སྤྲད་དེ་རྒྱ་ནག་ཏུ་ཉིན་གྲངས ༡༥ རིང་ཡུལ་སྐོར་དུ་འགྲོ་ཆོག་པ་བཟོས་ཡོད་པ་རེད། ཉེ་སྔོན་ཡང་རྒྱ་ནག་གཞུང་གིས་ཉི་ཧོང་དང་། ཁོ་རི་ཤི་ཡ། (Croatia) རོ་མན་ནི་ཡ་ (Romania) ཨི་སི་ཊོ་ནི་ཡ་(Estonia) གཙོས་བྱས་པའི་རྒྱལ་ཁབ་དགུ་ཡི་མི་སེར་རྣམས་ལའང་ཐོངས་མཆན་རིན་མེད་སྤྲད་དེ། ཕྱི་ལོ ༢༠༢༥ ལོའི་ལོ་མཇུག་བར་འཛམ་གླིང་ཤར་ནུབ་ཀུན་གྱི་རྒྱལ་ཁབ་ ༣༨ ཀྱི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་ཟླ་ངོ་གཅིག་རིང་ཡུལ་སྐོར་ལ་སྐྱོད་ཆོག་ལུགས་བསྒྲགས་འདུག

དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིང་ཇན་( Lin Jian) ཟེར་བས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག རྒྱ་ནག་གིས་རྒྱལ་ཁབ་ ༣༨ ཀྱི་མི་སེར་རྣམས་ཚོང་དོན་དང་། ཡུལ་སྐོར། ནང་མིའི་སྤྲོ་འཆམ་སོགས་ཀྱི་ངོ་བོའི་ཐོག་ནས་རིན་མེད་ཐོག་རྒྱ་ནག་ནང་ཡུལ་སྐོར་དུ་ཡོང་ཆོག་པའི་ཐོངས་མཆན་སྤྲད་ཡོད་ལ།  ཕྱི་མིའི་ཐོངས་མཆན་རིན་མེད་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། ཕྱི་མི་ཡུལ་སྐོར་བ་ཚོ་རྒྱ་ནག་ཏུ་ཉིན་གྲངས་བཅོ་ལྔ་ནས་ཟླ་བ་གཅིག་རིང་ཡོང་ཆོག་པའི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཡོད། ཅེས་བརྗོད་འདུག

ཕྱི་ལོ ༢༠༢༣ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚད་ཀྱི་བརྒྱ་ཆ ༥།༤ ལ་བསླེབས་ཏེ། ཐོན་སྐྱེད་ཞན་པ་དང་མི་འབོར་རྒས་བཞིན་པའི་གནས་སྟངས་འོག་ཕྱི་ལོ ༢༠༢༨ ལོར་བརྒྱ་ཆ་ ༣།༥ ལ་བསླེབ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ལ། ལྷག་པར་ཕྱོགས་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་ཕྱིན་རྐྱེན། ཕྱི་ལོ་ ༢༠༢༣ ལོ་མཇུག་ཙམ་ནས་རྒྱ་ནག་གིས་ཡུ་རོབ་དང་ཨེ་ཤ་ཡ་ཁུལ་གྱི་རྒྱལ་ཁབ་དག་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་ཤར་གཏོང་བྱེད་མགོ་བཙུགས་ཡོད་ཅིང་། ཨ་རིར་རྟེན་གཞི་བྱས་པའི་ཧྥོག་སི་(FOX40 ) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། འདི་ལོའི་ལོ་མགོའི་ཟླ་གསུམ་གཅིག་པུའི་ནང་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཉུང་མཐར་ཕྱི་རྒྱལ་ཡུལ་སྐོར་བ་མི་གྲངས་ ༡༦༦༡༠ ལྷག་འབྱོར་སྐོར་གསལ་འདུག

འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གོ་ལའི་དུས་བབ་ཀྱིས་དེ་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་ཐོངས་མཆན་རིན་མེད་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་ཟླ་བ་གསུམ་ཙམ་གྱི་ནང་། ཕྱི་མི་ས་ཡ་ ༡༤།༦༤ གྱིས་རིན་མེད་ཐོངས་མཆན་ཞུས་ཡོད་པས། ཕྱི་ལོ་ ༢༠༢༣ དང་བསྡུར་ན་རྒྱ་ནག་ཏུ་ཡོང་མཁན་ཡུལ་སྐོར་བའི་བརྒྱ་ཆ་ ༢༦༦།༡ ལ་འཕར་ཡོད་འདུག་ལ། ཟླ་འདིའི་ཟླ་དཀྱིལ་ཙམ་ལ་རྒྱ་ནག་གི་གནས་སྤོར་དང་ལས་ཁུངས་(National Immigration Administration) ཀྱིས། འདས་པའི་ཟླ་ངོ་གསུམ་ལྷག་གི་རིང་རྒྱ་ནག་ནང་ཡུལ་སྐོར་བ་བརྒྱ་ཆ་༤༨།༨  དེ་མི་གྲངས་ས་ཡ་ ༨།༡༩ ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ནང་ཡུལ་སྐོར་དུ་ཡོང་ཡོད་ཅིང་། ད་ལྟའང་མུ་མཐུད་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཡུལ་སྐོར་བ་མང་པོ་ཞིག་གིས་ཐོ་འགོད་བྱེད་མུས་ཡིན་ལུགས་བསྒྲགས་འདུག་ལ།  འདི་ལོའི་རྒྱ་ནག་གི་ཡུལ་སྐོར་བ་ཆེས་མང་བའི་ས་ཚིགས་ལྔ་ནི་རྒྱ་ནག་གི་ལྕགས་རི་རིང་མོ་དང་། པེ་ཅིན། ཞི་ཨན། ཁྲིན་ཏུའུ་སོགས་ཡིན་འདུག

ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་རྒྱ་ནག་གཞུང་གིས་ཐོག་མར་ཧྥ་རན་སི་དང་། འཇར་མི་ནི། ཨི་ཊི་ལི། ནེ་ཐ་ལེན་ཌི། སི་པེན། མེ་ལེ་ཤི་ཡ་སོགས་རྒྱལ་ཁབ་དྲུག་གི་མི་སེར་རྣམས་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་ཡོང་ཆོག་པའི་གསལ་བསྒྲགས་བྱས་ཡོད་པ་དང་།  ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ བར་འཛམ་གླིང་རྒྱལ་ཁབ་ ༣༨ ཀྱི་མི་སེར་རྣམས་ཟླ་ངོ་གཅིག་རིང་ཐོངས་མཆན་རིན་མེད་ཐོག་རྒྱ་ནག་ཏུ་འགྲོ་ཆོག་གི་ཡོད་འདུག་ལ། ཡུ་རོབ་རྒྱལ་ཁབ་ཁག་གི་ན་གཞོན་མང་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཡུལ་སྐོར་ལ་འགྲོ་ཡི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༣ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༠ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༢༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese