མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ཊིར་ཌུའུ་མཆོག་གིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་གཏན་འཁེལ།

བོད་ཀྱི་དུས་བབ།
༢༠༢༥/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རེས་གཟའ་ཟླ་བའི་ཉིན་ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་ཊིར་ཌུའུ་ (Justin Trudeau) མཆོག་གིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་གནང་འདུག

Canadian Prime Minister Justin Trudeau speaks during a news conference at Rideau Cottage in Ottawa, Canada, on January 6, 2025. Trudeau announced his resignation, saying he will leave office as soon as the ruling Liberal party chooses a new leader. | Photo Credit: AFP

ཁ་སང་ཕྱི་ཚེས་ ༦ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་ (Ottawa) རུ་སྲིད་བློན་རྗ་སི་ཊིན་ཊིར་ཌུའུ་མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་བའི་ནང་། ངས་ཁེ་ན་ཌའི་སྲིད་བློན་དང་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་ཀྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན། དེ་བཞིན་སྲིད་བློན་ཀྱི་ལས་གནས་ནས་ཀྱང་དགོངས་པ་ཞུ་རྒྱུ་ཡིན་ཡང་སྲིད་བློན་གསར་པ་ཞིག་འོས་འདེམས་མ་བྱུང་གི་བར་དུ་ལས་མཚམས་འཇོག་རྒྱུ་ཡིན་སྐོར་དང་། དེ་བཞིན།  ཕྱི་ཟླ་ ༣ ཚེས་ ༢༤ བར་དུ་གྲོས་ཚོགས་ཀྱི་ལས་རིམ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་དང་། རྒྱལ་ཁབ་འདིའི་འོས་བསྡུ་རྗེས་མའི་ནང་འོས་མི་ཚད་ལྡན་ཞིག་ཐོབ་དགོས། གལ་ཏེ་ང་རང་སྲིད་དོན་ཚོགས་པའི་ནང་ཁུལ་གྱི་རྩོད་རྙོག་ཅིག་ཆགས་དུས། ང་རང་འོས་མི་ཚད་ལྡན་ཞིག་མིན་པ་གསལ་པོ་ཤེས་བྱུང་། ཞེས་གསུངས་འདུག ཁོང་གིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་གནང་རྗེས། བློ་ཕམ་བྱེད་མཁན་མང་པོ་ཡོང་གི་ཡོད་འདུག་ལ། དགའ་བསུ་བྱེད་མཁན་ཡང་ཡོང་གི་ཡོད་འདུག

དེ་འབྲེལ་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྙིང་ཞེན་སྲིད་དོན་ཚོགས་པའི་མགོ་ཁྲིད་ (Pierre Poilievre) ལགས་ཀྱིས། ཁེ་ན་ཌའི་སྲིད་བློན་རྗ་སི་ཊིན་མཆོག་གིས་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་པ་དེས་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད། ཅེས་དང་། གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་མགོ་ཁྲིད་འདོད་ཡོད་མཁན་རྣམས་ཀྱིས་ལོ་ངོ་དགུའི་རིང་རྗ་སི་ཊིན་མཆོག་གིས་ལས་དོན་གང་གནང་ཚང་མར་རྒྱབ་སྐྱོར་བྱས་ཡོད། ད་ལྟའི་ཆར་ཚོགས་པ་དེས་ཁེ་ན་ཌའི་མི་མང་རྣམས་ལ་ལོ་ངོ་ ༤ རིང་མུ་མཐུད་དུ་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་ཚུལ་དང་། གུ་ཡངས་ཚོགས་པའི་ངོས་ནས་སྲིད་བློན་རྗ་སི་ཊིན་དང་འདྲ་བའི་མགོ་ཁྲིད་གསར་པ་ཞིག་བདམས་ནས་མི་མང་ལ་མུ་མཐུད་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་ཚུལ་སོགས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་ཁེ་ན་ཌའི་སྲིད་བློན་གཞོན་པ་དང་དཔལ་འབྱོར་བློན་ཆེན་ཧྥི་རི་ལན་ཌི་ (Chrystia Freeland) ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཨ་རིའི་སྲིད་འཛིན་གསར་པ་ཌོ་ནལ་ཊོམ་ཕུ་མཆོག་གིས་ཁེ་ན་ཌའི་ནང་འདྲེན་དངོས་ཟོག་ཡོངས་ལ་བརྒྱ་ཆ་ ༢༥ ཡི་དཔྱ་ཁྲལ་རྒྱག་རྒྱུར་ཁས་ལེན་བྱས་པའི་གནད་དོན་དང་འབྲེལ་ནས་སྲིད་བློན་རྗ་སི་ཊིན་དང་འགལ་ཟླ་བྱུང་བར་བརྟེན། དཔལ་འབྱོར་བློན་ཆེན་གྱི་ལས་གནས་ནས་དགོངས་པ་ཞུས། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༠ པའི་ཟླ་མཇུག་ཏུ་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་ ༢༠ ཙམ་གྱིས་མཚན་རྟགས་བཀོད་པའི་སྙན་ཞུ་ཞིག་གི་ནང་། སྲིད་དོན་ཚོགས་པའི་ངོས་ནས་ལོ་རྗེས་མའི་རྒྱལ་ཡོངས་འོས་བསྡུའི་ནང་འོས་བསྡུའི་ཕམ་ཉེས་ཡོང་ཉེན་ཆེ་བས། སྲིད་བློན་རྗ་སི་ཊིན་མཆོག་ཚོགས་པའི་མགོ་ཁྲིད་ཀྱི་ལས་གནས་ནས་དགོངས་པ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག དཔལ་འབྱོར་གྱི་སྲིད་བློན་ཧྥི་རི་ལན་ཌི་ལགས་ཀྱིས་ལས་གནས་ནས་དགོངས་པ་ཞུས་རྗེས། གུ་ཡངས་ཚོགས་པའི་འཐུས་མི་ཁག་ཅིག་གིས་སླར་ཡང་སྲིད་བློན་རྗ་སི་ཊིན་མཆོག་གིས་ལས་གནས་ནས་དགོངས་པ་ཞུ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། སྲིད་བློན་རྗ་སི་ཊིན་མཆོག་གིས་དབྱིན་ཡུལ་དངུལ་ཁང་དང་ཁེ་ན་ཌའི་དངུལ་ཁང་གི་འགན་འཛིན་ཟུར་པ་མར་ཁི་ཁར་ནི་ (Mark Carney) ལགས་དཔལ་འབྱོར་བློན་ཆེན་དུ་བསྐོ་བཞག་གནང་འདོད་ཡོད་པའི་གནས་ཚུལ་ཐོན་པར་བརྟེན་ཁོང་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་དང་། ཨ་རིས་ཁེ་ན་ཌའི་དངོས་ཟོག་ལ་དཔྱ་ཁྲལ་བརྒྱ་ཆ་ ༢༥ རྒྱག་འཆར་ཡོད་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཉེན་ཚབས་ཅན་དུ་འགྱུར་ཉེན་ཡོད་པའི་གནད་དོན་སོགས་དང་འབྲེལ་ནས་འགལ་ཟླ་མང་པོ་བྱུང་བར་བརྟེན། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན་རྩ་དགོངས་ཞུ་ཡོད་འདུག

རྗ་སི་ཊིན་ཊུ་རུ་ཌོ་མཆོག་ཕྱི་ལོ་ ༢༠༡༣ ལོར་གུ་ཡངས་སྲིད་དོན་ཚོགས་པའི་མགོ་ཁྲིད་དུ་བདམས་ཐོན་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱལ་ཡོངས་འོས་བསྡུའི་ཁྲོད་སྲིད་བློན་སྐབས་ ༢༣ པའི་རྒྱལ་ཁ་ཐོབ། ཁོང་ནི་ཁེ་ན་ཌའི་ལོ་རྒྱུས་ནང་སྲིད་བློན་ལོ་ན་ཆུང་ཤོས་གཉིས་པ་དེ་ཆགས་ཡོད་པ་མ་ཟད། སྲིད་བློན་གྱི་ལས་འགན་མི་ལོ་ ༩ རིང་འཁུར་ནས་དུས་ཡུན་རིང་ཤོས་ཤིག་ཆགས་ཀྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese