མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊོམ་ཕུ་མཆོག་གིས་སྲིད་འཛིན་གྱི་ལས་འཁུར་དམ་བཅའ་ཐེངས་གཉིས་པ་ཕུལ།

བོད་ཀྱི་དུས་བབ།
༢༠༢༥/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་གཞུང་གི་བཙན་གནོན་མྱོང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁག་ཅིག་གིས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་དམ་འབུལ་མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲང་མཉམ་ཞུགས་བྱས་པར་ངོ་རྒོལ་བསྒྲགས་གཏམ་སྤེལ་འདུག

ཨ་རིའི་སྲིད་འཛིན་སྐབས་ ༤༧ པ་ཊོམ་ཕུ་མཆོག་གིས་ལས་འཁུར་དམ་བཅའ་ཕུལ། ༢༠༢༥།༠༡།༢༠

 ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་ཊོམ་ཕུ་མཆོག་གིས་ཨ་རིའི་སྲིད་འཛིན་ཞེ་བདུན་པའི་དམ་བཅའ་ཕུལ་བའི་མཛད་སྒོ་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་རྗེ་ཤང་གྷར་མཆོག་དང་། ཨི་ཊ་ལིའི་སྲིད་བློན་ཇོ་ཇེ་ཡ་མི་ལོ་ནི་མཆོག ཨར་ཇིན་ཊི་ནའི་སྲིད་འཛིན་ཇ་ཝིར་མེ་ལེཡ་མཆོག ཧྥ་རན་སིའི་སྲིད་འཛིན་མེག་ཁོན་མཆོག རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲང་སོགས་དང་། འཛམ་གླིང་གི་ཕྱུག་བདག་དང་ཚོང་གཉེར་ཁང་ཆེན་པོ་ཁག་ཅིག་གི་སྤྱིའི་བཀོད་འདོམས་པ་སོགས་ཀྱང་འཛོམས་ཡོད་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ཡུ་གུར་དང་། ཧོང་ཀོང་སོགས་ཀྱི་ལས་འགུལ་བ་ཁག་ཅིག་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་གཏོར་བཤིག་གཏོང་མཁན་གྱི་རྒྱ་ནག་དམར་ཤོག་གཞུང་གི་འཐུས་ཚབ་ཧན་ཀྲང་མཛད་སྒོ་དེར་མཉམ་ཞུགས་བྱེད་པའི་འོས་བབ་གཏན་ནས་མེད་པའི་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རིའི་གཞུང་གསར་པས་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མུས་ཡིན་པའི་གནད་དོན་ཐད་ལ་ལངས་ཕྱོགས་བརྟན་པོར་འཛིན་དགོས། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་མི་རིགས་རྩ་མེད་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་སྤྱོད་བཀམ་སྡོམ་གྱིས། བོད་ཕྲུག་རྣམས་ཀྱི་འཚོ་བ་ལ་སྔར་མེད་ཀྱི་གནོན་ཤུགས་སྤྲོད་མུས་ཡིན་པ་སོགས་གསལ་འདུག  

དེ་བཞིན་ཊོམ་ཕུ་སྲིད་གཞུང་གསར་པར་འབོད་སྐུལ་དོན་ཚན་བཞི་ཞུས་པའི་ནང་། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དབར་མུ་མཐུད་གྲོས་མོལ་བྱ་དགོས་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ཚོར་ཉེས་ཆད་དྲག་པོ་གཅད་དགོས་པ། རྒྱལ་སྤྱིའི་རྟོག་ཞིབ་པ་དང་གསར་འགོད་པ་རྣམས་རང་དབང་ཐོག་བོད་ནང་འགྲོ་སྐྱོད་ཆོག་པ་དགོས།  དེ་བཞིན་ཨ་རིའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ཕྱག་བསྟར་གྱིས་ནུས་པ་ལྡན་པ་ཞིག་ཏུ་བཟོ་གནང་དགོས་སྐོར་ཞུས་འདུག

བོད་མི་དང་ཡུ་གུར་བ་སོགས་ཀྱི་ལས་འགུལ་བ་ཁག་ཅིག་གིས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ།

 སྐུ་ཞབས་ཊོམ་ཕུ་མཆོག་གིས་དབུ་འབྱེད་མཛད་སྒོའི་སྟེང་། ཨ་རི་རྒྱལ་ཁབ་ཀྱི་མཐའ་སྲུང་དང་ལྷག་པར་ལྷོ་རྒྱུད་ཀྱི་མཐའ་མཚམས་སྲུང་སླད། ངས་ཨ་རིའི་ལྷོ་རྒྱུད་དུ་དམག་མི་མངགས་ནས་འགོག་སྲུང་གི་ལས་ཀ་གཉེར་རྒྱུ་ཡིན། ང་ཚོའི་གྲོང་ཁྱེར་དང་གྲོང་ཁྱེར་ནང་ཁུལ་དུ་གཏོར་བཤིག་གཏོང་མཁན་དང་ཁྲིམས་འགལ་ངང་ཨ་རིའི་ཡོང་མཁན་རྣམས་ཀྱི་དྲག་སྤྱོད་པ་སོགས་བཀག་སྡོམ་བྱ་རྒྱུ་ཡིན། ཉེས་མེད་བཙོན་པ་དག་ཀློད་གྲོལ་གཏང་རྒྱུ་ཡིན། ཞེས་དང་། ཡང་ཁོང་གིས། ངས་འཕྲལ་དུ་ང་ཚོའི་ཚོང་འབྲེལ་ལམ་ལུགས་བསྐྱར་བཅོས་བྱས་ནས་ཨ་རིའི་ལས་མི་དང་ཁྱིམ་ཚང་སྲུང་སྐྱོབ་བྱེད་ཀྱི་ཡིན་ལ། ང་ཚོས་ཕྱི་རྒྱལ་གྱི་རྒྱལ་ཁབ་ལ་ཁྲལ་དང་སྒོ་ཁྲལ་བརྒྱབ་ནས་ང་ཚོའི་མི་སེར་ཕྱུག་པོར་འགྱུར་གྱི་ཡིན། དམིགས་ཡུལ་འདིའི་ཆེད་དུ་ང་ཚོས་སྒོ་ཁྲལ་དང་། ཁྲལ། ཡོང་འབབ་བཅས་ཚང་མ་སྡུད་ལེན་བྱེད་པའི་ཕྱི་ཕྱོགས་ཡོང་འབབ་ལས་ཁུངས་བཙུགས་ཡོད། ཅེས་གསུངས་ཡོད་འདུག  

ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས་འདི་ལོའི་འོས་བསྡུ་དྲིལ་བསྒྲགས་སྐབས་དོན་ཚན་ཉེར་བཞི་ཁས་ལེན་བྱས་པའི་ཁྲོད།  ནག་ཉེས་ཅན་དང་ཁྲིམས་འགལ་གྱི་ཐོག་ནས་ཨ་རིར་གནས་སྡོད་བྱེད་མཁན་རྣམས་འཛིན་བཟུང་དང་ཕྱོགས་ཡོངས་ནས་ས་གནས་རེ་རེའི་ཐོན་ཁུངས་དང་ཡོང་བབ་ཐོག་ལ་ཤུགས་སྣོན། ཨ་རིའི་རྒྱལ་སྲུང་དང་བདེ་འཇགས་ཀྱི་སྲིད་ཇུས། དེ་བཞིན་དྲག་སྤྱོད་པ་འགོག་སྲུང་སླད་མཐའ་མཚམས་བརྟན་སྲུང་བགྱིས་ཏེ་རྒྱལ་ཁབ་གཞན་གྱི་གནས་སྤོར་བ་རྣམས་འགོག་ཐབས། ཁྲལ་བསྡུ་ཇེ་ཉུང་དང་ལས་ཀའི་དུས་ཡུན་རྒྱ་སྐྱེད་དེ་ཨ་རིའི་སྤྱི་དམངས་ཀྱི་འཚོ་བ་ཡར་སྐྱེད་གཏོང་ཐབས། རྒྱ་ནག་གཙོས་ཕྱིའི་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་གྱི་མ་འཇོག་ཕྱིར་འཐེན། དེ་བཞིན་ཨུ་ཡུ་གཉིས་ཀྱི་གནད་དོན་ལ་ཚོད་འཛིན་བྱེད་ཐབས། ཨེ་ཛི་རལ་དང་གྷ་ཛིའི་དམག་འཁྲུག་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་པ་སོགས་བསྒྲགས་ཡོད་པ་རེད། 

  རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ཨ་རིའི་ལས་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྲིད་འཛིན་ལས་ཡུན་དང་པོའི་སྐབས་གནད་དོན་མང་པོ་ཞིག་ཐད་ནས་རྒྱུས་ལོན་གནང་ཡོད་པས། ད་ལན་ཨ་རིའི་སྲིད་འབྱོར་གཉིས་ཀྱི་ཐད་ལ་ཤུགས་སྣོན་འཕར་མ་ཞིག་རྒྱག་སྲིད་སྐོར་དང་། འོས་བསྡུའི་དྲིལ་བསྒྲགས་སྐབས། ཁོང་གིས་ལས་ཁུར་ཞུས་རྗེས་ཀྱི་ཆུ་ཚོད་ཉེར་བཞིའི་ནང་ཨུ་ཡུ་གཉིས་ཀྱི་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་ཡིན་པའི་ཁས་ལེན་དམ་བཅའ་བཞག་ཡོད་པ་བཞིན། ཨུ་རུ་སུའི་མགོ་ཁྲིད་ཕུ་ཌིན་དང་མཉམ་འབྲེལ་གྱིས་ཨ་ཨུ་གཉིས་ཀྱི་ཁེ་ཕན་གཙོ་བོར་དམིགས་ནས། དམག་འཁྲུག་ཞི་ཐབས་ལ་ཕྱག་ལས་གནང་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག་ལ། དམ་འབུལ་མཛད་སྒོའི་ཉིན་ནས་རྒྱལ་སྲུང་གི་ནུས་པ་སྐྱེད་ནས་ཨ་རིའི་ཐོན་ཁུངས་སྐྱེད་ཐབས་དང་། ཁྲིམས་འགལ་གྱི་གནས་སྤོར་བ་འགོག་ཐབས་ཀྱི་སྲིད་ཇུས་སོགས་ལ་མཚན་རྟགས་བསྐྱོན་ཚར་ཡོད་འདུག  

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ཕྱི་ལོ་ ༢༠༠༠ དང་ ༢༠༡༡ ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་ཡོད་ཀྱང་ཕྱིས་སུ་ཕྱིར་འཐེན་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལངས་ཏེ་འོས་བསྡུའི་རྒྱལ་ཁ་ཐོབ་ནས་ཨ་རིའི་སྲིད་འཛིན་དུ་འདེམས་ཐོན་བྱུང་། ༢༠༢༠ ལོར་བསྐྱར་དུ་སྲིད་འཛིན་འོས་མིར་ལངས་ཡོད་ཀྱང་འོས་བསྡུར་ཕམ། ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད། དམངས་གཙོ་ཚོགས་པའི་འོས་མི་ཀ་མ་ལ་ཧན་རེ་སིར་འོས་གྲངས་ ༢༢༦ དང་། སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཊོམ་ཕུ་ལ་འོས་གྲངས་ ༢༩༥ ཐོབ་སྟེ། ཊོམ་ཕུ་མཆོག་ཨ་རིའི་སྲིད་འཛིན་སྐབས་ ༤༧ པར་འོས་འདེམས་བྱུང་ཡོད་པ་རེད། 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༤ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese