མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ནི་ཡ་སི་ (Dainius Zalimas) ལགས་ཀྱི་སྣེ་ཁྲིད་འོག ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཆེ་ཁག་གི་གྲོས་ཚོགས་འཐུས་མི་ ༢༠ ལྷག་གི་རྒྱབ་སྐྱོར་ཐོབ་འོག་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་ཡོད་འདུག

United for Tibet: The Formal Launch of the European Parliamentary Friends of Tibet.

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་བར། སྦེལ་ཇམ་གྱི་རྒྱལ་ས་སྦར་སིལ་ (Brussels) དུ་ཡོད་པའི་ཡུ་རོབ་གྲོས་ཚོགས་སུ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༢ ཀྱི་འཐུས་མི་ལས་དྲུང་དང་ཡུ་རོབ་གྲོས་ཚོགས་འཐུས་མི་བདུན་བཅས་མཉམ་ཞུགས་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོའི་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་ཡོད་ཅིང་། སྐབས་དེར་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ལི་ཐུ་ནི་ཡའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ནི་ཡ་སི་ (Dainius Zalimas) ལགས་ཀྱིས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་དང་ལས་འགན་ངོ་སྤྲོད་གནང་བ་མ་ཟད། རྒྱལ་སྤྱིའི་སྟེང་བོད་མིའི་གནས་སྟངས་ངོ་སྤྲོད་དང་། གཞི་རྩའི་ཐོབ་ཐང་རྩོད་ལེན་ཐད་མུ་མཐུད་ནས་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག

ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ནི་ཡ་སི་ལགས་ཀྱིས། ང་ཚོས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་དུ་བྱ་རྒྱུའི་ཆེད་དུ་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱས་པ་རེད། ང་ཚོ་ཚང་མ་བོད་མིའི་ཐོབ་ཐང་དང་། རང་དབང་། དེ་བཞིན་ཡུ་རོབ་གྲོས་ཚོགས་ནང་བོད་མིའི་གནས་སྟངས་གསལ་སྟོན་བྱ་རྒྱུའི་ཆེད་དུ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ཅེས་གསུངས།

སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། མཛད་སྒོར་ཕེབས་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཡུ་རོབ་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ཡོད་སྟབས། ཉིན་མོ་དེ་ནི་བོད་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་ཉིན་ཞིག་ཡིན། ཉེ་ཆར་བོད་ནང་ས་ཡོམ་བྱུང་བའི་གནད་དོན་ཚུད་པའི་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་དེ་བྱམས་བརྩེའི་ལོར་སྲུང་གཙི་ཞུ་བཞིན་པ་སོགས་ངོ་སྤྲོད་གནང་ཡོད་འདུག ད་དུང་ཁོང་མོས། ཕྱི་ཟླ་ ༦ པའི་ནང་ཊོག་ཡོ་ (Tokyo) རུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་ (9th World Parliamentarians’ Convention on Tibet) འཚོག་གཏན་འཁེལ་བའི་སྐོར་ངོ་སྤྲོད་དང་། ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ཚོགས་ཆེན་དེའི་སྟེང་མཉམ་ཞུགས་གནང་བའི་འབོད་སྐུལ་སོགས་ཞུས་འདུག

ཚོགས་འདུའི་སྟེང་མཉམ་ཞུགས་གནང་མཁན་ཡུ་རོབ་གྲོས་ཚོགས་འཐུས་མི་གཞན་རྣམས་ནས། ཚོགས་པའི་ཚོགས་གཙོ་དང་སྦར་སིལ་སྐུ་ཚབ་དོན་ཁང་གཉིས་ནས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འཛུགས་ཀྱི་མཛད་སྒོར་གདན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཡུ་རོབ་གྲོས་ཚོགས་ནང་བོད་དོན་གླེང་སློང་ཡོང་སླད་མཐུན་འགྱུར་རོགས་རམ་གནང་རྒྱུར་གྲ་སྒྲིག་ཨང་གསར་ཡིན་སྐོར་སོགས་གསུངས་འདུག

ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དབུ་འཛུགས་གནང་བ་དེ་ནི་མདུན་སྐྱོད་ཀྱི་གོམ་སྟབས་གལ་ཆེན་ཞིག་ཡིན་པ་དང་། ལས་དོན་དབུ་འཛུགས་གནང་བ་དང་བསྟུན་ཡུ་རོབ་གྲོས་ཚོགས་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ངོ་བོ་སྲུང་སྐྱོབ། དེ་བཞིན་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་སོགས་ཀྱི་སྐོར་གླེང་སློང་བྱེད་པར་གལ་ཆེའི་ནུས་པ་འདོན་ཐུབ་ཀྱི་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese