མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་འདི་ལོར་དམག་དོན་གཅིག་པུར་ཨ་སྒོར་ཐེར་འབུམ་ ༢༤༩  ལྷག་གི་འགྲོ་གྲོན་གཏོང་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༥/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འདི་ལོར་དམག་དོན་གཅིག་པུར་ཨ་སྒོར་ཐེར་འབུམ་  ༢༤༩ ལྷག་གི་འགྲོ་གྲོན་གཏོང་རྒྱུ་ཡིན་ཞིང་དེ་ནི་འདས་པའི་མི་ལོ་ལྔ་ལྷག་གི་ནང་རྒྱ་ནག་གི་དམག་དོན་ཐད་ཀྱི་འགྲོ་གྲོན་མང་ཤོས་དེ་གྱུར་འདུག

The opening meeting of the third session of the 14th National People’s Congress is held at the Great Hall of the People in Beijing, on March 5, 2025. President Xi Jinping and other leaders attended the opening meeting. Photo: Xinhua

ཉེ་ལམ་ཕྱི་ཚེས་ ༤ དང་ ༥ ཉིན་ནས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ (14th National People’s Congress) དང་སྲིད་གྲོས་སྐབས་བཅུ་བཞི་བའི་ཚོགས་ཆེན་ཐེངས་གསུམ་པ་འཚོག་མུས་ཡིན་པ་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གི་རྩིས་ལོ་གསར་པའི་ནང་ས་མཚོ་གནམ་གསུམ་གྱི་དམག་དོན་བདེ་སྲུང་དང་མདུན་རྒོལ་འགོག་སྲུང་ཟེར་བ་ཞིག་གི་ཆེད། རྩིས་ལོ་མ་དངུལ་གྱི་བརྒྱ་ཆ་བདུན་ཏེ་ཨ་སྒོར་ཐེར་འབུམ་ ༢༤༩ ལྷག་གི་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་ལ། དེ་ནི་རྒྱ་གར་གཞུང་གི་བདེ་སྲུང་དང་དམག་དོན་གྱི་འགྲོ་གྲོན་ལས་བརྒྱ་ཆ་ལྡབ་གསུམ་གྱིས་མང་བ་ཡིན་འདུག

གནད་དོན་དེའི་ཐད་རྒྱ་ནག་གི་སྲིད་བློན་ལི་ཆང་གིས། རྒྱ་ནག་གཞུང་གིས་རྒྱ་ནག་གི་བདེ་སྲུང་ལས་དོན་གོང་མཐོར་སླད་རྩིས་ལོའི་དངུལ་འབོར་གྱི་བརྒྱ་ཆ་བདུན་ཚེག་གཉིས་ཡར་སྤར་ཏེ། དུས་རབས་ཤིག་གི་རིང་མཐོང་མ་མྱོང་བའི་འགྱུར་བ་འགའ་ཞིག་འཛམ་གླིང་ཡོངས་ལ་མགྱོགས་མྱུར་འབྱུང་ངེས་ཡིན། ཞེས་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་དམག་དོན་དང་མཐའ་སྲུང་ཟེར་བའི་ལས་དོན་གྱི་ཐད་ལ་སྔར་མེད་ཀྱི་ནུས་པ་གོང་མཐོར་གཏང་རྒྱུ་ཡིན་ལུགས་སོགས་བསྙད་ཡོད་པའི་ཁར། ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཆེས་མཐོའི་མི་སྣས། གལ་ཏེ་ཨ་རིས་དཔྱ་ཁྲལ་དམག་འཐབ་དང་ཚོང་དམག་སོགས་གང་རུང་འཐབ་འདོད་ན། ང་ཚོ་ཐོག་མཐའ་བར་དུ་འཐབ་རྩོད་བྱ་རྒྱུར་གྲ་སྒྲིག་ཡོད། ཅེས་བཤད་འདུག

འདས་ལོར་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་སླད་སྔོན་རྩིས་བརྒྱ་ཆ་ ༧།༢ སྤར་ཏེ། དེ་ནི་ཕྱི་ལོ་ ༢༠༡༥ རྗེས་རྒྱ་ནག་གིས་དམག་དོན་ཆེད་དངུལ་འབོར་གཏོང་ཐེངས་ཆེས་མང་ཤོས་དེ་ཡིན་ཞིང་། དེའི་ཆེད་དུ་ཨ་སྒོར་ཐེར་འབུམ་ ༢༢༢  བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ཨེ་ཤ་ཡའི་མཚོ་གླིང་རྒྱལ་ཁབ་ཁག་ཏུ་དབང་ཤུགས་སྐྱེད་ཐབས་དང་ཨ་རི་གཙོས་དམངས་གཙོའི་རྒྱལ་ཁབ་ཀྱི་ཁ་གཏད་དུ་ལངས་སླད་དམག་དོན་གྱི་ནུས་པ་ཇེ་ཆེར་གཏོང་རྒྱུ་ཡིན་ལུགས་བཤད་ཡོད་པའི་མུར།  ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་ཚད་ཇེ་མགྱོགས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཚོང་དོན་གྱི་ནུས་པ་སྔར་ལྷག་འཕེལ་རྒྱས་གཏོང་རྒྱུ་དང་། གྲོང་ཁྱེར་ཁག་ཏུ་ལས་མི་ས་ཡ་ ༡༢ ལ་ལས་གནས་སྟེར་རྒྱུ། མིས་བཟོས་རིག་ནུས་ཚུད་པའི་འཕྲུལ་ལས་རིག་པ་དང་། དེང་རབས་འཕྲུལ་ཆས་ཀྱི་ལས་རིགས་གོང་མཐོར།  དེ་བཞིན་མ་འོངས་པར་གཞོན་སྐྱེས་རྣམས་ལ་ལས་རིགས་གང་མང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་།  འདས་པའི་ལོ་ཤས་རིང་རྒྱ་ནག་ནང་ཚོང་དོན་ཚུད་པའི་དཔལ་འབྱོར་ལ་ཉམས་ཆག་ཆེན་པོ་ཕྱིན་པ་མ་ཟད། རྒྱ་ནག་གི་ཚོང་ཤག་ཆེ་ཤོས་སུ་གྱུར་བའི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་དང་ཚོང་གི་འབྲེལ་ལམ་ཇེ་ཆུང་དུ་ཕྱིན་ཡོད་ལ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་དཔལ་འབྱོར་གྱི་ཆ་སྙོམས་ཀྱི་བརྒྱ་ཆ་ ༤།༦ ལ་ཟགས་པའི་གནས་ཚུལ་ཐོན་ཡོད།

བྷི་བྷི་སི་གསར་ཁང་གིས་ད་ལན་ཡང་བསྐྱར་རྒྱ་ནག་གཞུང་གིས་དམག་དོན་གྱི་ཐད་ལ་ཨ་སྒོར་ཐེར་འབུམ་ ༢༥༩  ལྷག་གི་འགྲོ་གྲོན་གཏོང་དོན་གཙོ་བོ་ནི། རྒྱ་ནག་དང་ཡུ་རོབ་རྒྱལ་ཁབ་ཁག་གི་ཚོང་དོན་གྱི་འབྲེལ་ལམ་ཇེ་ཞན་དུ་གྱུར་བ་དང་། ཏོག་དབྱིབས་གཉན་རིམས་རྗེས་ཕྱོགས་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་སུ་ཕྱིན་ཡོད་སྟབས། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་དོན་གྱི་འཕེལ་རྒྱས་གཏོང་བར་གདེང་ཚོད་ཡོད་ལུགས་བསྟན་པའི་བརྡ་ལན་ཞིག་ཡིན་སྐོར་གསལ་འདུག་ལ། རྒྱ་ནག་གི་དམག་དོན་ཆེད་མཁས་པ་ཧྥུ་(Fu Qianshao) ཟེར་བས། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱི་རྒྱུན་ཆད་མེད་པར་འཕར་བཞིན་པའི་རྒྱལ་སྲུང་སྔོན་རྩིས་ལས་ཤེས་ཐུབ་ལ།   རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་འབོར་ཐོན་སྐྱེད་ (GDP) འཕེལ་རྒྱས་རྒྱུན་ཆད་མེད་པའི་དབང་གིས། འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྔོན་རྩིས་བརྟན་པོར་གནས་ཡོད་ཅིང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་མཐུན་པའི་རྒྱལ་སྲུང་སྟོབས་ཤུགས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་ལ་གྲུབ་འབྲས་ཐོན་ཡོད་ལུགས་བཤད་འདུག

རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལྟ་བུར་གྱུར་བའི་རྒྱ་ནག་གོ་ལའི་དུས་བབ་ཀྱི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༡ ལོར་དམག་དོན་དང་རྒྱལ་སྲུང་གི་ཆེད་མ་དངུལ་བརྒྱ་ཆ་ ༦།༨ དེ་རྒྱ་སྒོར་ཐེར་འབུམ་ ༡༣༥༥།༣༤༣ དང་། ཕྱི་ལོ་ ༢༠༢༢ ལོར་བརྒྱ་ཆ་ ༧།༡ རྒྱ་སྒོར་ཐེར་འབུམ་ ༡༤༥༠།༤༥། ཕྱི་ལོ་ ༢༠༢༣ དང་། ༢༠༢༤། ༢༠༢༥ བཅས་སུ་དམག་དོན་དང་རྒྱལ་སྲུང་གི་ཆེད་མ་དངུལ་བརྒྱ་ཆ་ ༧།༢ བཅས་ཏེ། རྒྱ་སྒོར་ཐེར་འབུམ་ ༡༥༥༣།༧ དང་། ༡༦༦༥། ༥༤ དང་ ༡༧༨༤།༦༦༥ བཅས་བཏང་དང་གཏོང་འཆར་ཡོད་ལུགས་གསལ་འདུག་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་དམག་དོན་གྱི་འགྲོ་གྲོན་མང་པོ་ཡོད་པ་སྦས་གསང་ཆེད་མ་དངུལ་མི་འདྲ་བའི་རྩིས་ཁྲའི་འོག་བགོས་ཡོད་སྟབས། རྒྱ་ནག་གིས་རྒྱལ་སྲུང་གི་འགྲོ་གྲོན་གསལ་བསྒྲགས་བྱས་པ་དེ་ལས་བརྒྱ་ཆ་ ༤༠ ནས་ ༥༠ བར་མང་བ་གཏོང་གི་ཡོད་ཅིང་།  རྒྱ་ནག་གཞུང་གི་དངོས་གཞིའི་རྒྱལ་སྲུང་སྔོན་རྩིས་དེ་རྒྱ་གར་གྱི་ཨ་སྒོར་ཐེར་འབུམ་ ༧༩ ལས་ལྡབ་གསུམ་ལྷག་གིས་མང་བ་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese