མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཧི་མ་ཅལ་མངའ་སྡེའི་ནང་རང་བྱུང་གོད་ཆག་གི་དབང་གིས་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་དང་གནོད་འཚེ་ཐེབས་མཁན་རྣམས་ལ་ངལ་སེལ་ཆེད་ཞལ་འདེབས་གནང་རྒྱུ་ཡིན་འདུག

Photo Credit: OHHDL

འདས་པའི་ཟླ་ཤས་རིང་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཙོས་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་གི་ནང་ཆར་ཞོད་ཀྱི་དབང་གིས། མི་རྒྱུ་གཉིས་ལ་རང་བྱུང་གོད་ཆག་གི་གནོད་འཚེ་ཡང་ཡང་ཐེབས་ཡོད་སྟབས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སི་ཝིན་དྷར་སིང་སུ་ཀུ་(Sukhwinder Singh Sukhu) མཆོག་གི་མཚན་ཐོག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་གསུང་འཕྲིན་ཞིག་སྩལ་ཏེ། རང་བྱུང་གོད་ཆག་གི་ཁྲོད་ནས་རྐྱེན་འདས་དང་གནོད་འཚེ་ཐེབས་མཁན་ལ་ཐུགས་སྨོན་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ངོས་རང་གིས་ཁྱེད་དང་ཁྱེད་ཀྱི་ནང་མི། རང་བྱུང་གོད་ཆག་གི་རྐྱེན་གྱིས་རྐྱེན་འདས་དང་གནོད་འཚེ་ཐེབས་མཁན་ཀུན་ལ་བསྔོ་སྨོན་བྱེད་ཀྱི་ཡོད། ངོས་ནས་མངའ་སྡེ་གཞུང་དང་འབྲེལ་ཡོད་ལས་ཁུངས་ཚང་མས་ཛ་དྲག་གི་མྱུར་སྐྱོབ་དང་བསྐྱར་གསོའི་ལས་དོན་གཉེར་མུས་ཡིན་པ་ཤེས་ཀྱི་ཡོད། མངའ་སྡེ་གཞུང་གི་མི་མང་ལ་གདུང་སེམས་མཉམ་སྐྱེད་དང་སེམས་འདུན་མཚོན་སླད། ངོས་ནས་ཏཱ་ལའི་བླ་མ་ཡིད་ཆེས་དགེ་རྩ་ཚོགས་པར་ངལ་སེལ་གྱི་སླད་ཞལ་འདེབས་ཤིག་དབུལ་དགོས་པའི་རེ་སྐུལ་ཞུས་ཡོད།  ཅེས་གསུངས་འདུག

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཁྱེད་རང་གིས་མཁྱེན་གསལ་བཞིན། དྷ་རམ་ས་ལ་ནི་འདས་པའི་མི་ལོ་དྲུག་ཅུ་རེ་ལྔ་ལྷག་ངོས་ཀྱི་གཞིས་ཁྱིམ་དུ་གྱུར་ཡོད་ཅིང་། ངོས་ནས་རྒྱུན་དུ་མངའ་སྡེའི་བློན་ཆེན་མཆོག་ང་ཚོའི་བློན་ཆེན་དུ་བརྩིས་ནས་འབྲེལ་འདྲིས་བྱེད་མུས་ཡིན་ལ། ངོས་ནས་སྤྱི་ཁྱབ་བློན་ཆེན་མཆོག་གི་མཛའ་བརྩེ་དང་ཧི་མ་ཅལ་མངའ་སྡེའི་མི་མང་གིས་མི་ལོ་འདི་དག་གི་རིང་ལ་ངོས་དང་ངོས་ཀྱི་རྗེས་འབྲངས་བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས་འདུག

འདི་ལོའི་ཆར་དུས་སྐབས་ཧི་མ་ཅལ་མངའ་སྡེ་གཅིག་པུའི་ནང་ཆར་ཞོད་ཀྱི་དབང་གིས། རི་ཉིལ་གྲངས་ ༡༣༥ དང་། ཆུ་ལོག་གྲངས་ ༩༥། ཆུ་ཐོག་ (cloudburst) གྲངས་ ༤༥ བྱུང་ནས། ལ་ཧོལ། སྤི་ཏེ། མན་ཌི། ཀང་ར་སོགས་སུ་གོད་ཆག་ཆེན་པོ་བྱུང་བའི་མུར། ཉུང་མཐར་མི་གྲངས་ ༣༦༦ རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད། ད་ལྟའང་མི་གྲངས་ ༤༡ གར་སོང་ཆ་མེད་དུ་གྱུར་འདུག རང་བྱུང་གོད་ཆག་གི་དབང་གིས་ཁང་པ་བརྡིབས་པ་དང་། ལམ་བརྡིབས་པ། ཟམ་ཆད་པ། གློག་དང་དྲ་ལམ་སོགས་ཆད་པའི་དབང་གིས་ཉུང་མཐར་ཧིན་སྒོར་ས་ཡ་ ༤༠༧༩ ལྷག་གི་གྱོང་གུད་ཐེབས་ཡོད་འདུག་ལ། ད་ལྟའང་ཧི་མ་ཅལ་ནང་ཁུལ་དང་མངའ་སྡེ་གཞན་དུ་བགྲོད་པའི་གཞུང་ལམ་མང་དག་ཅིག་ཆད་ནས་འགྲིམ་འགྲུལ་ཐད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese