མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཁན་ཊིར་བྷ་རའི་བུད་མེད་ཆོས་དཔོན་ཐོག་མ་དེར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཡུལ་ལོན་ཌོན་གྱི་ཆོས་དཔོན་ལྕམ་སྐུ་ཌེམ་སཱ་རཱ་མུ་ལཱ་ལི་མཆོག་ཁན་ཊིར་བྷི་རའི་ཆོས་དཔོན་ཁྲི་རབས་ ༡༠༦ པར་མཚན་འདོན་གནང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་སྨོན་དང་བཅས་འཚམས་འདྲི་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཁན་ཊིར་བྷ་རིའི་བུད་མེད་དབུ་བླ་ཐོག་མར་འཚམས་འདྲི་མཛད། པར་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༡༠།༥

ཟླ་འདིའི་ཕྱི་ཚེས་ ༤ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལོན་ཌོན་གྱི་ཡི་ཤུ་ཆོས་དཔོན་ལྕམ་སྐུ་ཌེམ་སཱ་རཱ་མུ་ལཱ་ལི་(Dame Sarah Mullally)མཆོག་སྐབས་རྗེས་མའི་ཁན་ཊིར་བྷ་རིའི་ཤུ་ཆོས་དཔོན་དུ་མཚན་འདོན་གནང་བར་འཚམས་འདྲི་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་དུ། ད་ལྟ་འཛམ་གླིང་སྤྱི་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་ལ། གཞི་རྩའི་འགྲོ་བ་མིའི་ཐོབ་རིན་ཐང་གི་གནས་སྟངས་ཐད་གདོང་ལེན་བྱེད་པའི་དུས་ཚོད་ཅིག་ཆགས་ཡོད། ང་ཚོ་ཆོས་ལུགས་ཀྱི་དབུ་འཁྲིད་རྣམ་པར་མཚོན་ན་གནད་དོན་འདི་དག་ལ་ཀུན་གྱིས་བསྐྱར་དུ་དོ་སྣང་ཡོང་ཐབས་བྱེད་པར་དམིགས་བསལ་གྱི་འགན་འཁྲི་ཡོད་པ་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད།  ཆོས་ལུགས་ཚང་མའི་བསླབ་བྱ་གུ་ཡངས་དང་བཟོད་སྒོམ། བྱམས་བརྩེ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁོང་ཚོ་གསོ་སྐྱོང་བྱེད་དགོས། འདི་དག་ནི་ང་ཚོས་གཞན་ལ་ཕན་འབྲས་ལྡན་པའི་སྒོ་ནས་མཉམ་སྤྱོད་བྱེད་ཐུབ་པའི་ལག་ལེན་གྱི་ཁྱད་ཆོས་ཡིན། ཞེས་གསུངས་འདུག

ཁྱེད་མ་འོངས་པར་ཨང་ལི་ཁན་ཆོས་ཁང་གི་བུད་མེད་དབུ་འཁྲིད་ཐོག་མ་དེ་ཆགས་རྒྱུ་ཡིན་པ་ཤེས་རྟོགས་བྱུང་ནས་ངོས་རང་ཧ་ཅང་དགའ་བོ་བྱུང་། ཁྱེད་ཀྱིས་མཁྱེན་གསལ་ལྟར་ཚན་རིག་གི་གྲུབ་དོན་དུ་བུད་མེད་ནི་གཞན་གྱི་ཚོར་བ་ལ་ཚོར་ཤེས་རྣོ་བ་ཡོད། དེར་བརྟེན་ང་ཚོའི་དབུ་འཁྲིད་ནང་བུད་མེད་མང་བ་ཡོད་པ་ཡིན་ན། འཛམ་གླིང་འདི་སྔར་ལས་བསམ་ཤེས་ཅན་དང་ཞི་བདེ་ལྡན་པ་ཞིག་ཡོང་བར་ངོས་རང་ཡིད་ཆེས་ཡོད། ཁྱེད་སྐབས་རྗེས་མའི་ཁན་ཊིར་བྷ་རིའི་ཆོས་དཔོན་དུ་མཚན་འདོན་གནང་བ་ནི་རེ་བའི་འོད་སྣང་ཞིག་རེད་ཅེས་ཕྱག་ལས་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་འདུག

ལོན་ཌོན་གྱི་ཡི་ཤུ་ཆོས་དཔོན་ལྕམ་སྐུ་ཌེམ་སཱ་རཱ་མུ་ལཱ་ལི་མཆོག་ནི་དབྱིན་ཡུལ་གྱི་ཨང་ལི་ཁན་གྱི་ཆོས་འཆད་མཁན་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༨ ནས་བཟུང་ལོན་ཌོན་གྱི་བུད་མེད་ཆོས་དཔོན་ཐོག་མ་དེ་ཆགས་པ་མ་ཟད། དབྱིན་ལན་ཆོས་ཁང་གི་ཆོས་དཔོན་ཁྱོན་ ༤༢ ནང་ནས་ ༢༦ དབྱིན་ཡུལ་གྲོས་ཚོགས་ཀྱི་ཆོས་དཔོན་དུ་བསྐོས་ཡོད་པ་རྣམས་ཀྱི་ནང་ནས་ཁོང་མོ་གཅིག་ཡིན་འདུག ཟླ་འདིའི་ཕྱི་ཚེས་ ༣ ཉིན་སྐབས་རྗེས་མའི་ཁན་ཊིར་བྷ་རིའི་ཡི་ཤུ་ཆོས་དཔོན་དུ་མཚན་འདོན་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༡་ཚེས་ ༢༨ ཉིན་ཁན་ཊིར་བྷི་རའི་ཆོས་དཔོན་ཁྲི་རབས་ ༡༠༦ པའི་ཐུགས་འགན་བཞེས་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་དམར་ཤོག་དྲིལ་བསྒྲགས་སྤེལ་བ། ༢༠༢༣ བོད་འབྱོར་པར།
Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢༤ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese