མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དང་བླངས་སྤྱི་འཐུས་དང་འབྲེལ་བའི་སྒྲིག་དོན་འགའ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བོད་མི་མང་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས།

རྩོམ་ཁུངས། བོད་ཀྱི་དུས་བབ།

སྐྱེ་བོ་སུ་ཞིག་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ཡིན་བཞིན་དུ་སྤྱི་འཐུས་སུ་དང་བླངས་འཛུལ་ཞུགས་བྱས་དང་་བྱེད་བཞིན་པ་དག་ནི། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་འགལ་ཡོད། དེ་ཡང་། དོན་ཚན་སོ་དགུ་པ། བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས་ལས། “༨༽ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ།” ཞེས་པ་དང་འགལ་ཡོད།

འགལ་ཚུལ་ཇི་ལྟར་ཡིན་ཞེ་ན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བཅུ་བཞི་པར། “ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཁོངས་གཏོགས་ལས་བྱ་བོད་མི་མང་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་འཆར་ཡོད་པ་རྣམས་དང༌། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་ཞུགས་འཐུས་གསལ་བསྒྲགས་ཟིན་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། ཡང་ན་འོས་འཕེན་པའི་མཚན་ཉིད་མི་ལྡན་པའམ། ཁྲིམས་ཞིབ་ཁང་ནས་ར་འཕྲོད་འཕེར་ངེས་ཀྱི་ཀླན་ཀ་ཡོད་རིགས་ལ་བསྐོ་གཞག་ནམ་ཡང་མི་ཆོག” ཅེས་མི་ཆོག་པ་གསུམ་བསྟན་ཡོད་པ་ལས། “ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཁོངས་གཏོགས་ལས་བྱ་བོད་མི་མང་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་འཆར་ཡོད་པ་རྣམས་བསྐོ་གཞག་ནམ་ཡང་མི་ཆོག་པ་དེ་དང་རྒྱབ་འགལ་ཆགས་ཡོད།

དེ་ཡང་གསལ་བོར་བཤད་ན། སྐྱེ་བོ་སུ་ཞིག་རང་ངོས་ནས་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞི་ལ་དང་བླངས་སྒོ་ནས་འཛུལ་ཞུགས་བྱ་རྒྱུའི་འཆར་གཞི་ཡོད་པ་ཞིག་ཡིན་ན། དེ་གནས་འོས་བསྡུ་ལས་ཁང་གི་ཚོགས་མིའི་འོས་ཆོས་མ་ཚང་བ་ཡིན་པས། ཐོག་མ་ནས་བསྐོ་གཞག་མི་ཆོག་པ་གསལ་བོར་བསྟན་ཡོད་ལ། ལྷག་པར་དུ་ཡང་། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མིར་བདམས་ཐོན་བྱུང་རྗེས། སུ་ཞིག་གིས་རང་ཉིད་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་བྱས་པ་ཡིན་ན། དེ་ནི་དེ་བས་ཀྱང་མ་འོས་པའམ་སྒྲིག་དོན་ལ་དངོས་འགལ་བྱས་པ་ཞིག་ཅི་ལ་མིན།

གལ་ཏེ་དོ་བདག་རང་ངོས་ནས་ཐོག་མ་ཉིད་ནས་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་མ་བྱས་པར་མི་མང་གིས་འོས་ཤོག་བླུགས་ཏེ་དངོས་གཞིའི་འོས་བསྡུའི་ཁོངས་སུ་ཚུད་སོང་ན། དེ་ནི་དོ་བདག་གིས་ཁྲིམས་སྒྲིག་མ་བརྩིས་པ་ཞིག་ཆགས་མེད་ན་ཡང་། སྐབས་དེར་འོས་གཞི་ནས་དགོངས་པ་མ་ཞུས་ན། ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ནས་རང་བཞིན་ཕྱིར་འཐེན་བྱེད་དགོས་པའི་སྐོར་ལ་ཡང་གོང་གསལ་དོན་ཚན་བཅུ་བཞི་པ་ན་འདི་ལྟར་གསལ།

“གལ་སྲིད་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་གང་ཞིག་དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞིར་གསལ་བསྒྲགས་ཟིན་ཁོངས་སུ་ཡོད་ཚེ། གསལ་བསྒྲགས་ཡིག་ཆ་ས་གནས་འོས་བསྡུ་ལས་ཁང་ལ་འབྱོར་ཚེས་ནས་བཟུང་བདུན་ཕྲག་གཅིག་གི་ནང་ཚུན་དོ་བདག་གིས་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་ནས་རང་བཞིན་ཕྱིར་འཐེན་བྱེད་དགོས་ཤིང༌། ཚབ་གསར་སྐབས་འཕྲལ་སོ་སོར་དོན་ཚན་ ༡༢ དང་ ༡༣ ནང་གསལ་ལྟར་བསྐོ་གཞག་དགོས། གལ་སྲིད་དོ་བདག་ནས་སྒྲིག་དོན་ཉམས་ལེན་མ་ཞུས་ཚེ་ཉེས་ཆད་དུ་ས་གནས་དེ་ནས་འོས་བསྡུ་དངོས་གཞིའི་སྐབས་འོས་གཞི་དེར་འོས་གྲངས་ཇི་ཡོད་དབུས་འོས་བསྡུ་ལས་ཁང་ནས་རྩིས་མེད་གཏོང་རྒྱུ།”

གཞན་ཡང་དེང་སང་ང་ཚོའི་སྤྱི་ཚོགས་ནང་ལ། སྤྱི་འཐུས་ཀྱི་འོས་གཞིར་དང་བླངས་འཛུལ་ཞུགས་པ་ཇེ་མང་ལ་འགྲོ་བཞིན་པ་ནི་དགའ་འོས་པ་ཞིག་ཡིན་པས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ནང་གསལ་དོན་ཚན་འགའ་རེར་ངེས་པར་ཡིད་གཟབ་གནང་དགོས།

དོན་ཚན་ཞེ་གཅིག་པ་ན། ཐོབ་ཁུངས་གང་རུང་ནས་སྤྱི་འཐུས་ཀྱི་འོས་གཞིར་དང་བླངས་འཛུལ་ཞུགས་བྱེད་པ་ལ་ཐོག་མའི་ཆ་རྐྱེན་གཉིས་གཏོན་འདུག་པ་ནི།

ཀ དོན་ཚན་ ༣༩ ནང་གསལ་སྤྱི་འཐུས་ཀྱི་འོས་ཆོས་ཚང་བ།

ཁ ཐོབ་ཁུངས་དེ་གའི་འོས་འཕེན་པ་ཚད་ལྡན་རྒྱུས་ཅན་ ༢༥ ནས་འགན་འཁུར་གྱིས་རྒྱབ་སྐྱོར་ཡོད་པ།

དོན་ཚན་ཞེ་གཉིས་པར། དང་བླངས་འོས་གཞིའི་འགེངས་ཤོག་འབུལ་ཚུལ་ལ་སྒྲུབ་དགོས་པའི་ཆ་རྐྱེན་གསུམ་བཏོན་འདུག་པ་ནི།

༡ ས་གནས་འོས་བསྡུ་ལས་ཁང་དུ་དོ་བདག་སྤྱི་འཐུས་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་རྒྱུའི་སྙན་ཞུ་ཕུལ་ཏེ། དང་བླངས་འོས་གཞིའི་འགེངས་ཤོག་དང༌། རྒྱབ་སྐྱོར་འགེངས་ཤོག་རྩིས་ལེན་བྱེད་དགོས།

༢ ཟུར་འཛར་ ཆ༽ དང་ ཇ༽ གཞིར་བཟུང་འོས་གཞིའི་འགེངས་ཤོག་དང་རྒྱབ་སྐྱོར་འགེངས་ཤོག་ནང་འཚེམས་ལུས་ནོར་འཁྲུལ་མེད་པར་བསྐངས་ནས། དང་བླངས་འོས་གཞིར་འཛུལ་ཞུགས་བྱེད་པོ་རང་ཉིད་དང༌། ཐོབ་ཁུངས་དེ་གའི་འོས་འཕེན་པ་ཚད་ལྡན་རྒྱུས་ཅན་ ༢༥ ནས་འགན་འཁུར་རྒྱབ་སྐྱོར་གྱི་མིང་རྟགས་འཁོད་པའི་ཡིག་ཆ་བཅས་དབུས་འོས་བསྡུ་ལས་ཁང་གི་གཏན་འབེབས་དུས་ཚེས་ནང་ཚུན་ས་གནས་འོས་བསྡུ་ལས་ཁང་ལ་ཕུལ་ཟིན་པ་དགོས།

༣ དང་བླངས་འཛུལ་ཞུགས་བྱེད་པོ་སོ་སོ་ནས་འགེངས་ཤོག་ཁག་དང་ཆབས་ཅིག་འབབ་དངུལ་རྒྱ་བལ་འབྲུག་གསུམ་ནས་ཧིན་སྒོར་ ༡༥༠༠༠ རེ་དང༌། རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཨ་སྒོར་ ༥༠༠ རེ་ས་གནས་འོས་བསྡུ་ལས་ཁང་དུ་ཟུར་འཇོག་བྱེད་དགོས།

གོང་གསལ་ཆ་རྐྱེན་ནམ་གོ་རིམ་འདི་དག་མ་བརྒྱུད་པར་གང་བྱུང་དུ་སྤྱི་འཐུས་འོས་གཞིར་ལངས་ནས་གཏམ་བཤད་སོགས་བྱས་ན་ཡང་ནོར་འཁྲུལ་ཞིག་ཆགས་ཡོད་པ་བཅས་ཀྱི་གསལ་བཤད་ཙམ་ཡིན།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ། 

འབྲེལ་ཡོད་གསར་འགྱུར།

འཇིའུ་འོད་སྣང་དུས་ཆེན་ཉིན་ཨོ་གླིང་གི་སི་ཌི་ནི་གྲོང་ཁྱེར་གྱི་བྷོན་ཌི་མཚོ་ཁ་རུ་ཕ་བུ་གཉིས་ཀྱིས་མེ་མདའ་གང་བྱུང་འཕངས་ཏེ་མི་གྲངས་ ༡༥ བསད་པ་དང་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

བྷོན་ཌི་མཚོ་ཁ་རུ་མི་གསོད་དོན་རྐྱེན་བྱུང་བར་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག  པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་ཀྱི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྤྱི་ཡོངས་ཀྱི་བཀོད་པ། དྲ་ལམ་གྱི་པར།
Mobile App

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ། ༢༠༢༥།༡༢།༡༤ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགེ་བཤེས་ལྷ་རམས་པའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ།

༢༠༢༥/༡༢/༡༤
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese