མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་མངའ་སྡེ་ ༢༡ ནང་བོད་དོན་སྐོར་སྐྱོད་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་གར་གྱི་མངའ་སྡེ་ ༢༡ དང་རང་སྐྱོང་ས་ཁུལ་ ༢ ནང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་དྲིལ་བསྒྲགས་བྱེད་བཞིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།

༸གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བ་དང་། འདི་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་། བློ་གྲོས་དཔལ་ལྡན་ལགས་གཉིས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་མགོ་བཙུགས་ཏེ་ཟླ་གསུམ་རིང་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་ཆུ་ཚོད་ ༡ ཙམ་ལ་ཁོང་གཉིས་རྒྱ་གར་ཡུག་པི་མངའ་སྡེའི་(Utter Predesh ) གྷོ་ར་པུར་གྲོང་ཁྱེར་གྱི་ཉེ་འགྲམ་དུ་འབྱོར་ཡོད་ཅིང་། ཕྱི་ལོ་ ༢༠༢༦ ལོའི་བོད་ཀྱི་གསུམ་བཅུའི་དུས་དྲན་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འབྱོར་འཆར་འདུག

ཐེངས་འདིའི་སྦག་སྦག་སྐོར་སྐྱོད་ལས་འགུལ་སྐོར་ལ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། ཞོགས་པ་དང་དགོང་མོའི་སྐབས་སུ་གནམ་གཤིས་ཀྱི་རྐྱེན་གྱིས་སྨུག་པ་འཐིབས་ཏེ་སྦག་སྦག་སྐོར་སྐྱོད་བྱེད་པར་དཀའ་ངལ་ཅུང་ཙམ་འཕྲད་ཀྱི་འདུག ཡིན་ནའང་། ངེད་གཉིས་ཀྱིས་ཁས་ལེན་བྱས་པ་བཞིན་འགྲོ་ཐུབ་ཀྱི་རེད་བསམ་གྱི་འདུག རྒྱ་གར་གྱི་ས་གནས་ཁག་ཏུ་སླེབས་དུས་ཡུལ་མི་རྣམས་ཀྱིས་དོ་སྣང་ཡག་པོ་བྱེད་ཀྱི་འདུག མཚམས་མཚམས་སུ་བོད་ཀྱི་སྐོར་ལ་ཅི་ཡང་མི་ཤེས་མཁན་དེ་འདྲ་ཡང་ཡོང་གི་འདུག དེ་ཚོ་བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་བའི་གནས་སྟངས་འགྲེལ་བཤད་བརྒྱབ་སྟེ། བོད་དོན་ཐོག་རྒྱབ་སྐྱོར་བྱེད་པའི་འབོད་སྐུལ་ཞུས་པ་ཡིན། ས་གནས་ཁག་གི་ཡུལ་མི་རྣམས་དང་འབྲེལ་བ་ཡག་པོ་བྱ་ཐུབ་ཚེ་དྲིལ་བསྒྲགས་ཤུགས་ཆེན་པོ་བྱ་རྩིས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ངས་ལོ་གསུམ་རིང་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་བ་ཡིན། ད་དུང་བོད་དོན་ཐོག་མུ་མཐུད་དུ་ལས་འགུལ་སྤེལ་བའི་འཆར་གཞི་མང་པོ་ཡོད། བོད་དོན་གྱི་ལས་འགུལ་སྤེལ་བར་བོད་མི་ཚང་མས་རྒྱབ་སྐྱོར་བྱ་དགོས་ཀྱི་འདུག ངས་རྒྱུན་དུ་བོད་མི་ཚང་མ་མཐུན་སྒྲིལ་བྱེད་རོགས་ཞུ་ཡི་ཡོད། བོད་མི་ནང་ཁུལ་དུ་འཆམ་པོ་མེད་ན་སེམས་པ་སྐྱོ་བ་རེད། ངའི་རྐང་འཁོར་སྐོར་སྐྱོད་ཐེངས་བདུན་པ་མཇུག་སྒྲིལ་རྗེས་ངལ་གསོ་ཡག་པོ་ཞིག་བྱེད་ཐུབ་མ་པར་བློ་གྲོས་དཔལ་ལྡན་གྱིས་འབོད་སྐུལ་ཞུས་པ་བཞིན་ཁས་ལེན་བྱས་པ་ཡིན། བོད་དོན་གྱི་ལས་འགུལ་ཡིན་ཚེ་ངས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཞུ་ཡི་ཡོད། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་འཛམ་གླིང་ནང་མེད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤིག་ཡོད་པ་རེད། བོད་མི་རྣམས་ཀྱིས་རེ་བ་ཆེན་པོའི་ཐོག་བོད་དོན་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་སྦག་སྦག་སྐོར་སྐྱོད་དེ་ནི་༸གོང་ས་མཆོག་གི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུ་དང༌། རྒྱ་གར་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་བ། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་དྲག་གནོན་ལ་ངོ་རྒོལ། རྒྱ་གར་གཞུང་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་འདུག དེ་བཞིན་བདེན་པ་སྲུང་སྐྱོབ་དང༌། བོད་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཤུགས་ཆེར་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་འདུག

བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༠ ནང་ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག བཞུགས་སྒར་དྷ་རམ་ས་ལ་མེག་གྷན་ཁྲོམ་གཞུང་ནས་རྡོ་རྗེ་གདན་བར་དུ་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་དང་པོ་སྤེལ་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྦེལ་ཀོབ་གཞིས་ཆགས་ནས་ཨུ་ཊར་ཁན་ཌི་མངའ་སྡེའི་རྡེ་ར་ལྡུན་བདེ་སྐྱིད་གླིང་བར་སྤྱི་ལེ་ ༣༠༠༠ རྐང་འཁོར་སྐོར་སྐྱོད་ཐེངས་གཉིས་པ་སྤེལ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༣ པའི་ནང་རྡེ་ར་ལྡུན་བདེ་སྐྱིད་གླིང་ནས་ལྡི་ལི་བར་སྤྱི་ལེ་ ༢༥༠ རྐང་འཁོར་སྐོར་སྐྱོད་ཐེངས་གསུམ་པ་དང་། ཕྱི་ལོ་ ༢༠༢༤  ལོའི་ཟླ་ ༥ པའི་ནང་ལ་དྭགས་མཁར་གདོང་ལ་ནས་དྷ་རམ་ས་ལའི་བར་སྤྱི་ལེ་ ༨༠༠ རྐང་འཁོར་སྐོར་སྐྱོད་བཞི་བ། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ནས་ ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་བར་རྐང་འཁོར་སྐོར་སྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་ལྔ་པ། རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ནས་མགོ་བཙུགས་ཏེ་སིམ་ལ་ནས་མ་ནཱ་ལི་བར་དང་།དྷ་རམ་ས་ལ་ནས་ལྡི་ལིའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཐེངས་དྲུག་པ།དེ་བཞིན་འདི་ལོའི་༧གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་དང་བསྟུན།རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་མགོ་བཙུགས་ཏེ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་བརྒྱུད་བཞུགས་སྒར་དྷ་རམ་ས་ལའི་བར་བོད་དོན་ཐོག་རྐང་འཁོར་སྐོར་སྐྱོད་ཐེངས་བདུན་པ་བཅས་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར། https://tibettimes.net/2025/12/10/247621/

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༡༩ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese