མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞིར་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དབྱིན་ཇིའི་རྒྱལ་ས་ལོ་ཌོན་དུ་བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་དབྱིན་ཡུལ་དུ་རྒྱ་ནག་གི་གཞུང་ཚབ་གསར་རྒྱག་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་འཆར་འདུག

STEVE REED, STAND FOR TIBETANS. Tibet Action’s photo

ཟླ་འདིའི་ཕྱི་ཚེས་ ༢༠ ཙམ་ལ་དབྱིན་ཡུལ་དུ་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་འཆར་ལ་ཐག་གཅོད་གནང་འཆར་ཡོད་པ་ལྟར། དབྱིན་ཇིའི་རྒྱལ་ས་ལོ་ཌོན་གྱི་ཐོག་ཁང་ཆེན་མོའི་མདུན་དུ། རྒྱལ་སྤྱིའི་བོད་དང་གཉའ་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ (GATPM) དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱ་ནག་ལྟ་ཞིབ་ཚོགས་པའི་ཚོགས་མི། བོད་མི་དང་ཡུ་གུར་བ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སོགས་ལས་འགུལ་བ་སྟོང་ཕྲག་འདུ་འཛོམས་བྱས་ཏེ།  དབྱིན་ཡུལ་དུ་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་འདུག

རྒྱལ་སྤྱིའི་བོད་དང་གཉའ་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ཀྱི་གསར་འཛུགས་འགན་འཛིན་ཚེ་རིང་པ་སངས་ལགས་ཀྱིས། གཞུང་ཚབ་གསར་རྒྱག་གི་འཆར་གཞི་འདི་ནི་ས་གནས་ཀྱི་གནད་དོན་ཙམ་མ་ཡིན་པར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་རེད་ལ། བོད་མི་དང་གཉའ་གནོན་འོག་ཚུད་པའི་མི་རིགས་གཞན་རྣམས་ལ་མཚོན།  འདི་ནི་སྲིད་གཞུང་ཞིག་གིས་མི་མཐུན་པའི་བསམ་ཚུལ་ལ་གཉའ་གནོན་དང་། ཉུལ་ཞིབ།  དྲག་གནོན་སོགས་ཀྱི་ཁྱབ་ཚད་རྒྱ་སྐྱེད་གཏོང་བཞིན་པ་མཚོན་གྱི་ཡོད། དབྱིན་ཇིའི་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢༠ སྔོན་ལ་འཆར་གཞི་དེར་ཐག་གཅོད་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པས། ཕྱི་ཟླ་ ༡ ཚེས་ ༡༧ ཉིན་གྱི་ངོ་རྒོལ་འདི་ནི་དམངས་གཙོའི་རིན་ཐང་སྲུང་སྐྱོབ་དང་། གནོད་འཚེ་ཕོག་པའི་མི་མང་དང་མཉམ་དུ་ལངས་ཏེ། འགྲོ་བ་མིའི་ཐོབ་ཐང་ནི་ཆབ་སྲིད་ཀྱི་སྟབས་བདེའི་ཆེད་དུ་བློས་གཏོང་བྱ་རྒྱུ་མིན་པའི་བརྡ་ལན་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཆགས་ཡོད་ཅེས་བརྗོད་འདུག

རྒྱལ་སྤྱིའི་བོད་དང་གཉའ་གནོན་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མཐུན་ཚོགས་ཀྱིས། ང་ཚོས་འདས་པའི་ལོ་ལྔའི་རིང་རྒྱ་ནག་གི་གཞུང་ཚབ་རྒྱག་ཡུལ་གྱི་ས་གནས་མི་མང་དང་གནོད་འཚེ་ཕོག་པའི་མི་མང་ལ་རྒྱབ་སྐྱོར་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ཀྱི་རྒྱབ་ཏུ་ལངས་ཏེ། དབྱིན་ཡུལ་ནང་རྒྱ་ནག་ག་གཞུང་ཚབ་གསར་རྒྱག་ལ་ངོ་རྒོལ་བྱས་ཡོད།  ང་ཚོས་དབྱིན་ཇིའི་མིན་ཊི་རྒྱལ་པོའི་ཁྲོམ་ར་མཐུན་ཚོགས་ (RMCRA)  ཀྱིས་བཏོན་པའི་ཁྲིམས་གཏུགས་དང་ཁྲིམས་ཞིབ་དགོས་པའི་གནས་ལུགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད། མཐུན་ཚོགས་འདིས་ས་གནས་ཀྱི་དམངས་གཙོ་དང་། ཕྱི་གསལ་ནང་གསལ། ཁྲིམས་ཀྱི་དབང་བསྒྱུར་སོགས་སྲུང་སྐྱོབ་བྱེད་མཁན་མཐའ་མ་དེ་མཚོན་གྱི་ཡོད། ང་ཚོས་དམངས་གཙོའི་འགན་ཁུར་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས།  དབྱིན་ཇིའི་མིན་ཊི་རྒྱལ་པོའི་ཁྲོམ་ར་མཐུན་ཚོགས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་གི་ལས་གཞི་དེ་གཏན་དུ་མཚམས་འཇོག་བྱེད་པར་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད་འདུག་ལ། དབྱིན་ཇིའི་མིན་ཊི་རྒྱལ་པོའི་ཁྲོམ་ར་མཐུན་ཚོགས་ནི་དབྱིན་ཡུལ་ནང་རྒྱ་ནག་གི་གཞུང་ཚབ་འཛུགས་སྐྲུན་གྱི་ལས་གཞིར་ངོ་རྒོལ་བྱེད་པའི་དབྱིན་ཇིའི་ཚོགས་སྡེ་ཆེ་ཤོས་དང་གཅིག་པུ་དེ་ཡིན་ཞིང་། ཚོགས་པ་དེས་འདས་པའི་ལོ་ངོ་ལྔ་ལྷག་གི་རིང་རྒྱ་ནག་གཞུང་ཚབ་གསར་རྒྱག་གི་ལས་གཞི་དེས་ས་གནས་མི་མང་ཙམ་དུ་མ་ཟད། དབྱིན་ཇིའི་དམངས་གཙོ་དང་རྒྱལ་སྲིད་བདེ་འཇགས་སོགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་པའི་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་དུ་རྒྱ་ནག་གཞུང་གིས་རོ་ཡུལ་མིན་ཊི་ས་གནས་སུ་ས་ཆ་ཞིག་ཉོས་ཏེ། རྗེས་སུ་རྒྱ་ནག་གཞུང་གིས་གཞུང་ཚབ་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་ཀྱང་། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ནང་ས་གནས་གཞུང་ནས་ཆོག་མཆན་ཐེངས་གཉིས་བཀག་ཡོད་ཅིང་། དབྱིན་ཡུལ་ནང་རྒྱ་ནག་གཞུང་གིས་གཞུང་ཚབ་གསར་རྒྱག་གི་ལས་གཞིའི་ཐད་མི་མང་ཁྲོད་གླེང་སློང་ཆེན་པོ་བྱས་ཡོད་པ་མ་ཟད། བོད་པ་དང་། ཡུ་གུར། ཧོང་ཀོང་བ། དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ཐེངས་མང་པོར་ངོ་རྒོལ་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༩ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese