མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

བོད་ཀྱི་དུས་བབ།
༢༠༢༦/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་ནང་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་བའི་འོག་ཉེན་རྟོག་པས་མི་མང་གི་ཁ་པར་དང་གློག་ཀླད་ཀྱི་གསང་གྲངས་ཐད་ཀར་ལེན་ཆོག་གི་ཡོད་འདུག

Those who refuse to provide their phone passwords could be punished

བྷི་བྷི་སི་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཧོང་ཀོང་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་ལ་སྒྱུར་བཅོས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་དང་འགལ་བའི་དོགས་གཞི་ཡོད་མཁན་གྱི་མི་མང་གི་ཁ་པར་དང་གློག་ཀླད་ལ་ཉེན་རྟོག་པས་ཐད་ཀར་སྔོག་བཤེར་བྱེད་ཆོག་པར་བཟོས་པ་དང་། ཉེན་རྟོག་པར་ཁ་པར་དང་གློག་ཀླད་ཀྱི་གསང་གྲངས་མི་སྤྲོད་མཁན་རྣམས་ལ་ལོ་གཅིག་གི་བཙོན་འཇུག་དང་། ཧོང་ཀོང་གི་སྒོར་འབུམ་གཅིག་སྟེ་ཨ་སྒོར་ ༡༢,༧༠༠ ཉེས་ཆད་གཅོད་རྒྱུ་དང་། གནས་ཚུལ་རྫུན་བཟོ་དང་མགོ་སྐོར་གཏོང་བའི་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༢༣ སྟེ་རེས་གཟའ་ཟླ་བའི་ཉིན་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལ་བཟོ་བཅོས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་བྱ་འགུལ་རྣམས་ནུས་པ་ལྡན་པའི་ངང་ནས་སྔོན་འགོག་དང་། བཙིརགནོན། ཉེས་ཆད་གཏོང་དགོས། དེ་དང་ཆབས་ཅིག་མི་སྒེར་དང་ཚོགས་སྡེ་ཁག་གི་ཁྲིམས་མཐུན་གྱི་ཁེ་དབང་དང་ཁེ་ཕན་རྣམས་སྲུང་སྐྱོབ་བྱ་ཐུབ། ཅེས་དང་། བཟོ་བཅོས་ཁྲིམས་ཡིག་དེས་ཁྲལ་དོན་ཉེན་རྟོག་པ་རྣམས་ལ་དོགས་གཞི་ལྡན་པའི་མི་མང་གི་ཅ་དངོས་དག་བཙན་ལེན་བྱེད་པའི་དབང་ཆ་སྤྲད་ཡོད་ཅིང་། རྒྱ་ནག་གཞུང་དང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་ལས་ཐོག་སྤྱི་ཁྱབ་རྗོན་ལི་ (John Lee) ཟེར་བས་ཁྲིམས་ལུགས་དེ་ཡོངས་བསྒྲགས་བྱས་པ་དང་ཧོང་ཀོང་གི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་ཡོད་ལུགས་བརྗོད་འདུག

སྤྱིར་འཛམ་གླིང་རྒྱལ་ཁབ་མང་པོའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྣམས་ལ་ཞིབ་བཤེར་གྱི་ཆ་ཤས་སུ་ཁ་པར་དང་གློག་ཀླད་སོགས་ལ་སྔོག་ཆོག་པའི་དབང་ཆ་ཡོད་ཀྱང་། ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཀྱིས་རྒྱལ་ཁབ་ཁ་བྲལ་དང་མགོ་རྟིང་སློག་པ། དྲག་སྤྱོད་རིང་ལུགས། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་དང་མཉམ་འབྲེལ་བྱེད་པ་སོགས་ཁྲིམས་འགལ་ལ་བརྩིས་ནས་ཁ་པར་དང་གློག་ཀླད་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་མ་ཟད། མི་ཁག་ཅིག་ལ་ཁྲིམས་རྩོད་པ་དང་ནང་མི་སོགས་གང་ཡང་མེད་པར་གསང་བའི་ཁྲིམས་ཐག་ཡང་གཅོད་ཀྱི་ཡོད་འདུག

ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལག་བསྟར་བྱས་པ་ནས་བཟུང་། ཧོང་ཀོང་ནང་ངོ་རྒོལ་བ་དང་། ལས་འགུལ་བ། ཕྱོགས་འགལ་ཚོགས་པའི་ཁྲིམས་བཟོ་བ་ཟུར་པ་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་ ༢ པའི་ནང་བཙན་བྱོལ་དུ་ཡོད་པའི་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལས་འགུལ་བ་ཨན་ནཱ་ (Anna Kwok) ཡིས་ཕྱིའི་སྟོབས་ཤུགས་དང་མཉམ་འབྲེལ་བྱས་པའི་ནག་ཉེས་དང་། ཕྱི་ཟླ་ ༢ པའི་ནང་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་གསར་ཁང་གསར་འཛུགས་གནང་མཁན་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ (Jimmy Lai) ལགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག མི་ལོ་ ༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་དངོས་སུ་ལག་བསྟར་མགོ་འཛུགས་བྱས་པའི་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་དེ། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ ཉིན་རྒྱ་ནག་གི་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ལྷན་ཁང་ནས་གཏན་འབེབས་ཡོངས་བསྒྲགས་བྱས་པ་ཞིག་ཡིན་ཞིང་། ཁྲིམས་ཡིག་དེ་ཕྱི་ལོ་ ༢༠༡༩ ལོར་ཧོང་ཀོང་གཞུང་གིས་ཧོང་ཀོང་ནང་གི་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་འཆར་ (Hong Kong extradition Bill) ཞིག་བཏོན་པའི་རྐྱེན་གྱིས་རིམ་པས་ཧོང་ཀོང་ནང་གཞི་རྒྱ་ཆེ་བའི་མི་མང་གི་གཞུང་རྒོལ་ལས་འགུལ་ཞིག་བྱུང་བ་དེར་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་ཇུས་དེར་རྡོག་རོལ་ཚབས་ཆེན་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་གིས་ཁྲིམས་ཡིག་དེ་ལག་བསྟར་བྱས་པ་ནས་བཟུང་ད་བར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་བརྒྱ་ཕྲག་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༤ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese