མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

བོད་ཀྱི་དུས་བབ།
༢༠༢༦/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་སོན་ཝུ་ཏུང་ཟེར་བར་རྒྱུ་རྐྱེན་གང་ཡང་འགྲེལ་བརྗོད་མེད་པའི་ཐོག་ནས་གོ་གནས་ནས་ཕྱིར་ཕུད་བྱས་འདུག

China’s Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་མི་ཆ་དང་སྤྱི་ཚོགས་བདེ་འཇགས་ལྷན་ཁང་གིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་སོན་ཝུ་ཏུང་དང་རྒྱལ་ཡོངས་མེ་འཁོར་ལྕགས་ལམ་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཨན་ལོའུ་ཧྲན་ཟེར་བ་གཉིས་གནས་དབྱུང་བཏང་བ་དང་། ལོའུ་ཧྲན་གྱི་ཚབ་ཏུ་ཀྲའོ་ཝན་ཧྥང་ཟེར་བ་བསྐོ་གཞག་བྱས་པ་ཡོངས་བསྒྲགས་བྱས་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། སོན་ཝུ་ཏུང་ཕྱི་ལོ་ ༢༠༡༩ ནས་ ༢༠༢༢ བར་རྒྱ་གར་དུ་རྒྱ་ནག་གཞུང་ཚབ་པ་ཡིན་སྐབས། རྒྱ་དཀར་ནག་གི་དམག་མིའི་བར་གྷ་ཝན་ལུང་གཤོངས་སུ་གདོང་ཐུག་བྱུང་སྟེ་རྒྱ་གར་གྱི་དམག་མི་ ༢༠ དང་རྒྱ་ནག་གི་དམག་མི་བཞི་རྐྱེན་འདས་སུ་ཕྱིན་པ་སོགས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཞན་པོར་གྱུར་ཡོད་སྐོར་བརྗོད་འདུག་ལ། སོན་ཝུ་ཏུང་གིས་ཕྱི་ལོ་ ༢༠༡༣ ནས་ ༢༠༡༧ བར་པ་ཀི་སི་ཐན་དུ་རྒྱ་ནག་གཞུང་ཚབ་པའི་འགན་འཁུར་བ་དང་། ཟླ་སྔོན་མའི་ནང་པ་ཀི་སི་ཐན་གྱི་གཞུང་ཚབ་པ་དང་། གླིང་ཕྲན་རྒྱལ་ཁབ་བྷིར་ནའེ་དང་མ་ལི་ཞི་ཡའི་གཞུང་ཚབ་པར་ཐུག་འཕྲད་བྱས་པ་དེ་ཁོའི་ཕྱི་འབྲེལ་མཐའ་མ་ཡིན་པ་རེད། དེ་བཞིན། འདས་ལོར་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་རྒྱ་ནག་ཏུ་བསྐྱོད་སྐབས་སོན་ཝུ་ཏུང་ནི་ཀེམ་སྣེ་ལེན་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་གཙོ་གྲས་ཡིན་ཞིང་། དེ་སྔ་ཡང་སོན་ཝུ་ཏུང་བྱང་ཀོ་རི་ཡར་བསྐྱོད་མྱོང་བ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཙོ་བྱས་པའི་འཛམ་གླིང་རྒྱལ་ཁབ་གང་མང་ཞིག་ལ་ཕྱི་འབྲེལ་གྱི་འབྲེལ་ལམ་ཡོད་སྟབས། ཁོ་པ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ པར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པར་བསྐོ་གཞག་བྱས་འདུག

དབྱེ་ཞིབ་པས། སོན་ཝུ་ཏུང་གནས་དབྱུང་བཏང་བ་དེས་པེ་ཅིན་གྱི་མཐོ་རིམ་མགོ་འཁྲིད་ནང་ཁུལ་གྱི་རྩོད་རྙོག་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་འགལ་ཟླ་འབྱུང་གི་ཡོད་པ་གསལ་བོ་ཡིན་པ་དང་། ལྷག་པར་དུ་སྟག་དང་སྦྲེང་མ་མཉམ་རྡུང་ཞེས་ཞི་ཅིན་ཕིན་གྱི་ཆབ་སྲིད་ལངས་ཕྱོགས་ལ་རྒྱབ་འགལ་བྱེད་མཁན་གྱི་དཔོན་རིགས་རྣམས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཚར་གཅོད་བྱེད་བཞིན་ཡོད་པར་འབྲེལ་བ་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

རྒྱ་ནག་གི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་རྒྱལ་ཡོངས་ལྟ་སྐུལ་ལྷན་ཁང་གི་གནས་ཚུལ་ལྟར་ན།  ཞི་ཅིན་ཕིན་གྱི་སྟག་དང་སྦྲེང་མ་མཉམ་རྡུང་གི་སྲིད་ཇུས་ཁྲོད། འདས་ལོ་གཅིག་པུར་རྒྱ་ནག་གིས་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་འབུམ་གཅིག་ལྷག་ལ་བརྟག་དཔྱད་བྱས་པ་དང་། མི་གྲངས་ཁྲི་ ༩༣༨༠༠༠ ལ་ཆད་པ་བཅད་ཡོད་ཅིང་། ཆད་པ་བཅད་པའི་ཁྲོད་ཞིང་ཆེན་དང་བློན་ཆེན་རིམ་པའི་ལས་བྱེད་ ༦༩ དང་། འཛིན་སྐྱོང་རིམ་པའི་ལས་བྱེད་ ༤༡༥༥།  རྫོང་རིམ་པའི་ལས་བྱེད་ ༣༥༠༠༠། གྲོང་བརྡལ་རིམ་པའི་ལས་བྱེད་ ༡༢༥༠༠༠ བཅས་ཚུད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

ཆུ་ཚོད་ ༣ སྔོན་ལ།
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

ཆུ་ཚོད་ ༤ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese