མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༦/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་ཕྱི་འབྲེལ་བློན་ཆེན་དང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་པར།་

དེ་འབྲེལ་་སྐུ་ཞབས་རི་ལེ་བྷར་ནེ་སི་ལགས་ཀྱིས་སྒེར་གྱི་ཨེག་སི་སྤྱི་ཚོགས་བརྒྱུད་ལམ་སྟེང་དུ། སྤེན་པ་ཚེ་རིང་ལགས་བསྐྱར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་བོད་མིའི་སྒྲིག་འཛུགས་དང་བོད་མིའི་ཚོགས་སྡེ་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཨ་རིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་མགོ་འཁྲིད་ཚོར་འབྲེལ་འདྲིས་ཀྱིས་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་འདུག

དེ་བཞིན། ཐའེ་ཝན་གྱི་ཕྱི་འབྲེལ་བློན་ཆེན་ལིན་ཆི་ཡ་ལོང་ལགས་ཀྱིས། ངས་ཐའེ་ཝན་གཞུང་གི་ཚབ་བྱས་ཏེ། ཁྱེད་རང་བསྐྱར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འོས་འདེམས་བྱུང་བ་དང་ལས་འཁུར་དམ་འབུལ་ཞུས་པར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ནི་ཁྱེད་ཀྱི་མགོ་འཁྲིད་ཀྱི་ནུས་པར་བོད་མི་མང་གི་ཡིད་ཆེས་དང་གདེང་འཇོག་བྱས་པ་མཚོན་གྱི་ཡོད། ཐའེ་ཝན་གྱིས་བོད་མིའི་སྙིང་སྟོབས་དང་ཆོད་སེམས་ལ་གུས་བཀུར་བྱེད་ཀྱི་ཡོད། ང་ཚོས་བོད་མི་ཚོའི་རང་དབང་དང་། འགྲོ་བ་མིའི་ཆེ་མཐོང་། བོད་ཀྱི་རིག་གཞུང་རྒྱུན་འཛིན་ཐོག་གི་འབད་བརྩོན་ལ་བསྔགས་བརྗོད་ཞུ་ཡི་ཡོད། ཐའེ་ཝན་གཞུང་ངོས་ནས་བོད་དང་ཐའེ་ཝན་བར་གྱི་མཛའ་གྲོགས་དང་། གཉིས་མོས་བསམ་ཤེས་ཟབ་ཏུ་གཏོང་རྒྱུ། མ་འོངས་མཉམ་ལས་དམ་ཟབ་སླད་གོ་སྐབས་བསྐྲུན་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཁྱེད་ཀྱི་བོད་མི་མང་གི་ཞི་བདེ་དང་སྟོབས་འབྱོར་རྒྱས་པའི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ། ཞེས་གསུངས་འདུག

ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་ཝུ་པེ་ཡི་ (Wu Pei-yi)  ལགས་ཀྱིས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཡུན་རིང་བོད་མིའི་དམངས་གཙོའི་ལམ་ལུགས་གོང་འཕེལ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དོན་ཞུ་གཏུག་ཐོག་རྒྱུན་ཆད་མེད་པར་ཕྱག་ལས་གནང་ཡོད། ཁོང་གིས་འཛམ་གླིང་སྟེང་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པ་བསྐྱར་ནན་དང་། བོད་ཀྱི་གནད་དོན་དེ་དྲང་བདེན་ཐོག་སེལ་དགོས་པའི་འབོད་སྐུལ་ཞུས་གནང་ཡོད། ཁོང་བསྐྱར་དུ་འོས་འདེམས་བྱུང་བ་དེས་བོད་མི་ཡོངས་ཀྱིས་ཁོང་གི་མགོ་འཁྲིད་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མཚོན་ཐུབ་པ་མ་ཟད། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རྒྱས་དང་སོར་ཆུད་ཀྱི་ནུས་པ་མཚོན་གྱི་ཡོད། ཐའེ་ཝན་དང་བོད་གཉིས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་ཡང་། རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་། རིག་གཞུང་ལ་ཆེ་མཐོང་བཅས་གཞི་རྩའི་རིན་ཐང་རྩ་ཆེར་འཛིན་པ་གཅིག་མཚུངས་ཡིན། ཐའེ་ཝན་མི་མང་གིས་བོད་མི་ཚོས་སོ་སོའི་དད་པ་དང་། སྐད་ཡིག རིག་གཞུང་། མི་རིགས་ཀྱི་ངོ་བོ་བཅས་དང་། འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་པའི་མཐོ་སྒང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འབད་བརྩོན་ལ་ཡིད་རངས་ཞུ་ཡི་ཡོད།

ང་ཚོས་བོད་མི་ཚོས་ཞི་བདེ་དང་། བྱམས་བརྩེ། དྲང་བདེན་བཅས་ལ་བཅངས་པའི་དམ་བཅའ་དེ་དེང་གི་འཛམ་གླིང་དང་། ལྷག་པར་དབང་ཤེད་རིང་ལུགས་རྒྱ་སྐྱེད་དང་། འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་སུ་ངེས་པར་དུ་མཁོ་བའི་ཀུན་སྤྱོད་ཅིག་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐའེ་ཝན་དང་བོད་མིའི་སྒྲིག་འཛུགས་དབར་དམངས་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་ཞུ་གཏུག ཆོས་དད་རང་དབང་། རིག་གཞུང་ཉར་ཚགས། ཤེས་ཡོན་བརྗེ་ལེན། རྒྱལ་སྤྱིའི་འབྲེལ་མཐུད་སོགས་ཀྱི་ཐོག་མཉམ་ལས་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་འདུག

དེ་བཞིན་ཨོ་གླིང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྲིད་སྐྱོང་མཆོག་ལ། སྐུ་ཉིད་ལ་རྒྱལ་ཁ་ཐོབ་པ་དེས་བོད་མི་ཚོས་སྐུ་ཉིད་ཀྱི་དབུ་ཁྲིད་ལ་ཡིད་ཆེས་དང་བློ་གཏད་ཡོད་པ་མཚོན་ཐུབ། ང་ཚོས་སྐུ་ཉིད་ཀྱིས་བོད་མི་ཚོའི་རེ་བ་དང་མངོན་འདོད་སྒྲུབ་སླད་མུ་མཐུད་ལས་ཡུན་རིང་བྱ་བ་ལམ་ལྷོངས་ཡོང་བར་སྨོན་འདུན་ཞུ་ཡི་ཡོད། ཅེས་དང་། བོད་མིའི་རང་དབང་དང་། ཆེ་མཐོང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅིང་བོད་རྒྱའི་དཀའ་རྙོག་གྲོས་མོལ་བརྒྱུད་ནས་སེལ་ཐབས་བྱ་རྒྱུར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ནི་ཆོས་དད་རང་དབང་གི་གནད་དོན་དང་། ཆོས་ཕྱོགས་ཀྱི་ལམ་སྲོལ་ཞིག་ཡིན་པས་དེར་རྒྱ་ནག་གཞུང་གིས་ཐེ་བྱུས་གང་ཡང་བྱས་མི་ཆོག་ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་སྲིད་སྐྱོང་མཆོག་གིས་སྐབས་གཉིས་པའི་ལས་འཁུར་དམ་འབུལ་སྐབས། ཨ་རི་དང་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཨིལ་སལ་ཝ་ཌོ་ (El Salvador) དང་ཆིས་ལི་ (Chile)། དབྱིན་ཡུལ་དང་སི་ཁོ་ཊི་ལན་ཌི། རྒྱ་གར་བཅས་ཀྱི་བློན་ཆེན་ཟུར་བ་དང་གྲོས་ཚོགས་འཐུས་མི་ཚོས་ཡུལ་དངོས་ནས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་གནང་ཡོད། ཕྱི་ལོ་ ༢༠༢༡ ལོར་སྐབས་དང་པོའི་སྲིད་སྐྱོང་གི་དམ་འབུལ་རྗེས། འཇར་མན་དང་ཧྥ་རན་སི། སྦེལ་ཇམ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཨ་རི་སོགས་ཀྱི་གནད་ཡོད་མི་སྣ་མང་པོས་སྲིད་སྐྱོང་ལ་འཚམས་འདྲི་ཞུས་མྱོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

སྐར་མ ༣༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༣ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese