མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརླག་ཟིན་པའི་བླ།

བོད་ཀྱི་དུས་བབ།
༢༠༠༨/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༢༦ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་མི་རིགས་ཀྱི་བླ་གང་དུ་ཕྱིན་པ་རེད། ལོ་སུམ་ཅུའི་རིང་གི་དྲག་པོའི་མནར་གཅོད་དེའི་རྐྱེན་གྱིས་བོད་མི་རིགས་འདི་སྐྲག་ནས་བླ་ཆད་ཚར་འདུག་ལ། ད་ནི་ང་ཚོས་བོད་མི་རིགས་ཀྱི་བླ་གསོ་དགོས་ཀྱི་འདུག་ཅེས་བོད་མིའི་འཐབ་རྩོད་འདིའི་སྣེ་འཁྲིད་མྱོང་མཁན་སྲིད་དོན་པ་རྙིང་བ་དང་དམག་དཔོན་རྒན་པ་ཞིག་གིས་གསུངས།

སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ཕྱི་ཚེས་ ༢༧ ཉིན་འདི་ག་གསར་ཁང་དུ་ཕེབས་ཏེ་དུས་ཚོད་གཉིས་ལྷག་རིང་ལས་བྱེད་ཚོའི་མཉམ་དུ་བོད་དོན་གྱི་སྐོར་ལ་བཀའ་མོལ་གནང་ཡོད་ལ། ཉིན་དེར་ཁོང་གིས་བོད་མི་རིགས་ཀྱི་ཆིག་སྒྲིལ་དང་ནུས་ཤུགས་ཀྱི་སྟེང་གསུངས་དོན། རྒྱ་ནག་གཞུང་གིས་ ༡༩༤༩ ལོ་ནས་ ༡༩༧༩ ལོའི་བར་བོད་མི་མང་པོ་སྐྱི་གཡའ་བའི་དམར་གསོད་དང་མནར་གཅོད་ཚད་ལས་འདས་པ་བྱས་པའི་རྐྱེན་གྱིས། བོད་མི་རིགས་འདི་ཞེད་ནས་བླ་ཆད་ཚར་འདུག་ཅེས་བོད་མི་རིགས་ཀྱི་བླ་སྲོག་གི་གནས་སྟངས་གསུངས། ཡིན་ནའང་། ཁོང་གིས་ང་ཚོས་ཅི་གང་མ་བརྩད་པའི་སྔོན་དུ་བོད་མི་རིགས་ཀྱི་བླ་གསོ་དགོས་པ་རེད་ཅེས་དང་། འདིའི་ཐད་ནུས་པ་ཆེ་ཤོས་ནི་རྒྱལ་བ་རིན་པོ་ཆེ་མཆོག་ཡིན་ལ། རྒྱལ་བ་རིན་པོ་ཆེ་ཁོ་ནས་བོད་མི་རིགས་ཀྱི་བླ་གསོ་ཐུབ་ལ། བོད་མི་རིགས་ཀྱི་ཆིག་སྒྲིལ་དང་ནུས་ཤུགས་གསོ་ཐུབ་པ་དང་། བོད་མདོ་དབུས་ཁམས་གསུམ་གང་དུ་ཕྱིན་ནའང་ང་ཚོས་གླེང་དགོས་པ་ནི་རྒྱལ་བ་རིན་པོ་ཆེ་ཡིན་ཅེས་གསུངས་བྱུང་།

བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ང་ཚོའི་མེས་པོ་ཚོས་མི་རིགས་འདི་ནི་བློ་རིག་བཀྲ་ཤིང་དཔའ་མཛངས་རྟུལ་ཕོད་ཅན་ཞིག་ཡིན་ཅེས་ལོ་ངོ་སྟོང་ཕྲག་གི་རིང་བཤད་ནས་བྲིས་ཤིང་། ཕྱི་རབས་པ་རྣམས་ལའང་འཛམ་གླིང་གི་ཡང་རྩེ་ནས་བཞུད་པའི་ཡབ་མེས་ཚོའི་དཔའ་མཛངས་ཀྱི་ལོ་རྒྱུས་དེ་བཞག་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་བོད་འདི་བཙན་གནོན་བྱས་པའི་ཐོག་མའི་ལོ་ ༣༠ རིང་དེར་མི་རིགས་འདིའི་མགོར་འཇིགས་པ་ཆེན་མོ་ Great Fear ལྟ་བུ་ཞིག་སླེབས་སྟབས། མི་རིགས་འདིའི་བླ་ཆད་ཡོད་འདུག

དེ་ལྟར་ཡང་། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་པེ་ཅིན་དུ་ཏིན་ཞོ་ཕིན་ལ་མཇལ་འཕྲད་གནང་བ་ནས་བཟུང་རྒྱ་ནག་གི་སྲིད་བྱུས་ཕྱོགས་གང་ཐད་ནས་གུ་ཇེ་ཡངས་སུ་ཕྱིན་ཡོད་ལ། དེ་ནས་བཟུང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་རྣམས་རིམ་པ་བྱས་ནས་བོད་ཡུལ་གངས་སར་ཕེབས་ཏེ་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམ་འདྲི་ཕུལ་ཞིང་། རིམ་བཞིན་བོད་མི་རིགས་ཀྱི་བླ་གསོ་བའི་གལ་ཆེའི་ཕྱག་ལས་འདི་མགོ་བཙུགས་ཡོད་པ་རེད། འདས་པའི་ལོ་ ༣༠ གྱི་རིང་དུ་བོད་མི་རིགས་ཀྱི་བླ་སླར་གསོ་བྱས་པའི་དུས་རིམ་ཡིན་ལ། འདིའི་རྐྱེན་གྱིས་བོད་མི་རིགས་ཀྱི་ཆིག་སྒྲིལ་དང་ནུས་པ་ཡང་མིག་མཐོང་ལག་ཟིན་གྱི་སླར་གསོ་ཐུབ་ཡོད།

རྒྱ་ནག་གིས་འདིའི་རྒྱུ་རྐྱེན་མཐོང་སྟེ། ཐོག་མར་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེད་དུ་མཚན་སྨོད་གཏོང་བ་ནས་མགོ་བཙུགས་ཏེ། འགལ་བ་ཆེན་པོ་ཞིག་གི་ས་བོན་བཏབས་པ་དང་། འགལ་བ་དེ་སྣག་ཁྲག་ལྟར་བརྡོལ་བའི་སྐབས་སུ་སླར་ཡང་འཇིགས་པ་ཆེན་མོ་དེ་སྤྱད་ནས་བོད་མི་རིགས་ཀྱི་བླ་ཆད་ངེས་པའི་ལས་ལ་འཇུག་གི་ཡོད། དེ་ནི་ལོ་འདིའི་ཕྱི་ཟླ་གསུམ་པ་ནས་མགོ་བཙུགས་པའི་དམར་གསོད་དང་མནར་གཅོད་ཀྱི་ལས་འདི་ཡིན། དེས་ན་ང་ཚོས་གནས་སྐབས་འདིར་གཟབ་དགོས་ས་དང་སྐྱོབ་དགོས་ས་ཡང་མི་རིགས་འདིའི་བླ་ཡིན་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༧ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 3

  1. གནས་ཚང་། says:
    ལོ་ 18 སྔོན།

    མི་གཅིག་གི་སེམས་ཤི་སོང་ན། བོད་ཤི་རྒྱུ་ཡིན་པའི་ཁྱབ་ཀྱི་མ་རེད། ལྷག་པར་དུ་ད་ལོའི་ཟླ་གསུམ་པ་ནས་མགོ་བཟུང་བའི་བོད་ནང་གི་གྱེན་ལངས་དེས་ག་རེ་གསལ་བཤད་བྱེད་ཀྱི་ཡོད་དམ། བླ་གསར་བ་ཞིག བོད་ཁྱོན་ཡོངས་གཅིག་ཏུ་གྲིལ་བའི་འཕག་འཚག་གསར་བ་ཞིག བོད་མིས་རང་ཉིད་ལ་གཏོགས་པའི་ཁེ་ཕན་རྩོད་ལེན་གྱི་འགོ་འཛུགས་ཤིག འདི་བླ་ཆད་ཀྱིན་པ་མ་ཡིན་པར་བླ་གསོ་བཞིན་པ་རེད། འོ་ན། སྐུ་ངོ་རྒྱལ་དོན་གྱིས་ཅིའི་ཕྱིར་བླ་ཆད་ཀྱིན་པར་གསུངས་ཀྱིན་ཡོད་དམ། དེ་ནི་ཁེ་བཟང་ཟ་མཁན་ཚོའི་ཁེ་ཕན་སྲུང་ཐབས་ཙམ་ལས་དོན་དག་གཞན་མེད། དཔེར་ན། སྔར་ཨ་རིའི་གཞུང་གིས་མུ་ཟི་ཐང་གི་བོད་དམག་ལ་ཨ་རིའི་དམག་ཕོགས་སྤྲད་ནའང་། སྐུ་ངོ་གཙོས་འགོ་ཁྲིད་ལྷན་ཚོགས་ཀྱིས་བོད་དམག་དཀྱུས་མར་ཟླ་རེར་བལ་སྒོར་བརྒྱ་ལས་སྤྲད་ཀྱི་མེད་པའི་ཁར། དཀའ་ངལ་ཞུ་དུས་ཏྰ་ལའི་བླ་མ་ཁ་ལ་ཁྱེར་ནས་གནོན་རྐྱང་བྱེད་ཀྱིན་ཡོད་ཅིང་། རྗེས་སོར་ཨ་རིས་དམག་རོགས་མཚམས་འཇོག་དང་འབྲེལ་འགོ་ཁྲིད་ལྷན་ཚོགས་བར་དངུལ་དངོས་བགོ་འགྲེམས་དོ་མ་མཉམ་པའི་ནང་ཟིང་བྱུང་བ་རེད།

    Reply
  2. སྐར་མ། says:
    ལོ་ 18 སྔོན།

    བོད་ཤི་རྒྱུ་ཡིན་པ་གསལ་བོ་རེད། ང་ལ་གནས་ལུགས་རྒྱུ་མཚན་མང་པོ་ཡོད། ཡིན་ནའང་ད་ལྟ་ནས་བསྒྲགས་ན་འོས་འཚམ་མ་རེད། གལ་སྲིད་ཡིད་མི་ཆེས་མཁན་ཡོད་ན་ང་ཚོས་རྩོད་པ་བྱེད་ཆོག་གི་རེད། ཁོང་ཁྲོ་ལངས་པ་དང་ཞེན་ཁོག་ཁྱེར་བ་ཙམ་གྱིས་ཅི་གང་ཕན་གི་མ་རེད། ང་ཚོས་རྩོད་པ་མ་བྱས་པའི་སྔོན་ལ་བོད་ཤི་རྒྱུ་རེད་དང་མ་རེད་ཀྱི་ཕྱོགས་ལ་ང་ཚོས་རྒྱུ་མཚན་འཚོལ་ཆོག་གི་རེད། ང་ལ་རྒྱུ་མཚན་ ༡༠ ཐམ་པ་ཡོད། ཁྱེད་ཚོ་ལ་བོད་ཀྱི་ཤི་གསོན་གྱི་ཐད་ནས་ལྟ་ཚུལ་ཨེ་ཡོད། གལ་སྲིད་ཡོད་ན་རྒྱུ་མཚན་རྣམ་གྲངས་ཅི་ཙམ་ཡོད། བླ་ཆད་ཚར་བའི་མི་རིགས་ཤིག་སླར་ཡང་བསྐྱར་གསོ་བྱེད་དགོས་དུས་ཁག་ཚར་བ་རེད། དྲིན་ཆེན་ཚོ།

    Reply
  3. གནས་ཚང་། says:
    ལོ་ 18 སྔོན།

    ཏྰ་ལའི་བླ་མས་བོད་མིར་ཤུགས་རྐྱེན་ཡོད་པ་བདེན་ནའང་། ཐ་གཅིག་ཏུ་ཁོང་ཁོ་ན་བོད་ནང་ཁྱབ་བསྒྲགས་བྱས་པ་ཡིན་ན། ཁོང་སྐུ་མ་བཞུགས་པའི་ཕྱི་ཉིན་ནས་བོད་མིའི་བླ་གསོ་རྒྱུ་ཕར་ཞོག་སྤུར་ཟིན་པ་མིན་ནམ། དེ་བས། ཆོག་མེད་རིང་ལུགས་པའི་སྐད་ཆར་ཚང་མས་ཆོག་ཤེས་བྱེད་རྒྱུའང་གལ་ཆེན་པོར་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese