མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་རྩེར་གནམ་ཐང་གསར་རྒྱག

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཞིས་རྩེ་རུ་ཞི་བདེ་གནམ་ཐང་ཞེས་པ་ཞིག་གསར་བསྐྲུན་བྱེད་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཤིན་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། གཞིས་ཀ་རྩེར་རྒྱ་གཞུང་གིས་”ཞི་བདེ་གནམ་ཐང་”ཞེས་པ་ཞིག་གསར་འཛུགས་ཀྱིས་འཆར་ལོའི་ལོ་མཇུག་སུ་ལས་མཇུག་བསྒྲིལ་རྒྱུ་ཡིན་ཚོད་འདུག གཞིས་ཀ་རྩེའི་ས་གནས་ཀྱི་འགོ་འཛིན་སྐལ་བཟང་ཚེ་རིང་གིས་བཤད་ཚུལ་ལྟར་ན། ཞི་བདེའི་གནམ་ཐང་དེ་ནི་གཞིས་རྩེ་ནས་ཀི་ལོ་མི་ཊར་ ༤༨ ཙམ་སར་ཡོད་པ་དང། འཆར་ལོའི་ཟླ་བ་ ༡༠ པའི་ནང་གནམ་ཐང་དངོས་སུ་བེད་སྤྱད་རྒྱུ་ཡིན་ཚུལ་བཤད་ཡོད་འདུག ཐེངས་འདིའི་གནམ་ཐང་བཟོ་སྐྲུན་ལ་རྒྱ་སྒོར་ས་ཡ་ ༤༨༠ ཙམ་འགྲོ་གྲོན་བཏང་ཡོད་ཅིང། ཕྱི་ལོ་ ༢༠༢༠ ནང་ལོ་རེར་འགྲུལ་བཞུད་པ་ ༢༣༠།༠༠༠ ཙམ་ཕར་འགྲོ་ཚུར་འོང་ཐུབ་པ་དང། དོ་ཟོག་ ༡།༡༥༠ ཙམ་འོར་འདྲེན། དེ་བཞིན་གནམ་གྲུ་འཕུར་འབབ་ཐེངས་ ༢༥༨༠ ཙམ་བྱེད་ཐུབ་རྒྱུའི་སྔོན་དཔག་བྱས་ཡོད་འདུག ཐེངས་འདིའི་གནམ་ཐང་གསར་རྒྱག་དེས་གཞིས་ཀ་རྩེའི་ཡུལ་སྐོར་ཚོགས་པ་དང། གནས་ཡུལ་ཡར་རྒྱས་གང་མང་ཡོང་རྒྱུར་དམིགས་པ་ཞིག་ཡིན་འདུག གང་ལྟར་ཡང་བོད་རང་སྐྱོང་ལྗོངས་སུ་ད་ཐེངས་ཀྱི་གཙོས་པའི་གནམ་ཐང་ལྔ་ཡོད་ཅིང། དང་པོ་ནི། ལྷ་སའི་གོང་དཀར་གནམ་ཐང།  གཉིས་པ་ཉིང་ཁྲིའི་སྨན་ལིང་གནམ་ཐང། གསུམ་པ་ཆབ་མདོའི་པན་ཌ་གནམ་ཐང། བཞི་པ་མངའ་རིས་སུ་ད་ལྟ་བསྐྲུན་བཞིན་པའི་གནམ་ཐང་། ལྔ་པ་གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་བཅས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༤ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡

མཆན། 1

  1. གསང་གཏོར། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། ལྷ་སའི་ཁོང་དཀར་གནམ་ཐང་ཟེར་མ་རེད། ལྷ་ོཁའི་གོང་དཀར་གནམ་ཐང་ཟེར་གྱི་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese