བཅུད་པར་གཡང་མཁོ་རྒྱལ། རྡ་ས།
ད་ལྟའི་འཛམ་གླིང་མིའི་རིགས་ཀྱི་འཚོ་གནས་ཁྲོད་དུ་ཁ་སང་དེ་རིང་དར་རྒུད་གཉིས་མཉམ་དུ་སྟོན་སྤྲིན་འཁྲིགས་པ་ལྟ་བུར་འགྱུར་ཡང་། སྤྱིར་བཤད་ན་སྲོལ་རྒྱུན་རིག་གནས་ནི་མི་རིགས་གང་ཞིག་ཡིན་ཀྱང་མི་རིགས་དེའི་བླ་སྲོག་གི་རྣམ་ཤེས་ངོ་མ་དེ་ཡིན། དེ་ལ་ཡི་རངས་དང་བརྒྱུད་འཛིན་གསར་སྣོན་མ་བྱས་པར་སྣང་ཆུང་དང་རྒྱ་ཡན་དུ་བཏང་ན། ནམ་ཞིག་ལ་བླ་སྲོག་དེ་ཆད་ངེས་པས་སྐབས་དེར་མི་རིགས་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་གང་ཡང་མེད་པའི་མི་རིགས་དེ་དུར་ཁྲོད་ན་ལྷག་པའི་བེམ་གཟུགས་ཁོ་ན་ལས་མ་འདས་པ་མ་ཡིན་ནམ། འཇིག་རྟེན་མིའི་ཆོས་ཉིད་ཀྱི་འགྲོ་ལུགས་དང་དཔེར་བཞག་ནས་བསྐྱར་དྲན་ཞིག་བྱས་ན་མིའི་རིགས་སྲོལ་རྒྱུན་རྙིང་བའི་མ་རྐང་གི་རྨང་གཞིའི་སྟེང་དུ་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱས་ནས་རིམ་གྱིས་གསར་བར་ཁ་ཕྱོགས་པའི་བདེན་ལུགས་ཀྱི་ཚད་མ་དེ་བཙལ་བ་མ་གཏོགས་གློ་བུར་དུ་རིགས་ལམ་གསར་བ་ཞིག་གི་སྒོ་འཕར་ཕྱེས་རྒྱུ་ནི་གནས་ལུགས་དང་རྒྱུ་མཚན་གཉིས་དབུལ་སོང་བ་ལྟ་བུའི་བྱིས་སྒྲུང་ན་འཆར་སྣང་རིང་ལུགས་ཀྱི་རུས་སྦལ་རྒྱབ་ནས་སྤུ་སྐྱེས་ལྟ་བུ་མ་ཡིན་ནམ།
མིའི་རིགས་སུ་ཞིག་ཡིན་རུང་མེས་པོ་གོང་མ་དག་ནས་བརྒྱུད་འོང་བའི་སྲོལ་རྒྱུན་རིག་གནས་དེའི་མ་གདན་སྟེང་དུ་དེང་རབས་མིའི་རིགས་འཚོ་བའི་དགོས་མཁོ་དང་མཐུན་པར་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་སྲོལ་རྒྱུན་རིག་གནས་ལེགས་ཉེས་ཐད་ལ་བླང་དོར་བྱ་རྒྱུ་ནི་ད་ལྟ་ནས་འགོ་འཛུགས་དགོས་ལ་གསར་སྐྱེས་གཞོན་རབས་རྣམས་ཀྱི་ཕྲག་སྟེང་ལ་བབ་པའི་བྱ་གཞག་གལ་ཆེན་དུ་ལྷག ཡོད་པའི་སྣ་མང་ཆེད་ལས་ཀྱི་ཁ་ཕྱོགས་ལ་ཤུགས་སྣོན་རྒྱག་རྒྱུ་མ་གཏོགས་ལས་ཀ་གཞན་མེད་པར་སྣང་། འཛམ་གླིང་མིའི་རིགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཏུ་མིའི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་འགྲམ་ཆུ་ལྡང་བ་རེད་མ་གཏོགས་དེང་རབས་རིག་གནས་ཁོ་ནས་གཉིད་ལས་སློང་ཐུབ་པ་ཞིག་གཏན་ནས་མ་རེད། དེ་བས་སློབ་དཔོན་དམ་པ་དཔའ་རིས་སངས་རྒྱས་ཀྱི་གསུངས་ལས་མིག་ཅན་ཡིན་ན་སྔུན་རིག་དགོས། མཁས་པ་ཡིན་ན་གཞུག་ཤེས་དགོས་ཟེར་བའི་དཔེ་ལྟ་བུ་སྤྱང་ཀིའི་རྣ་ལ་ཆོས་བཤད་ལྟ་བུ་ཞིག་ཏུ་གཡུག་ན་ད་ལྟའི་ང་ཚོ་ནི་མི་རིགས་རིང་ལུགས་ལ་དོ་ཁུར་མེད་པའི་ལོ་རྒྱུས་ཀྱི་ནག་ཉེས་ཅན་དུ་འགྱུར་རྒྱུ་ཐེ་ཚོམ་ཟའོ།
ང་ཚོས་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱ་དགོས་ཞེས་རྟག་ཏུ་བརྗོད་བཞིན་ཡོད་ལ།
དེང་རབས་རིག་གནས་ནང་འདྲེན་བྱ་དགོས་ཞེས་ཀྱང་གང་མང་བརྗོད་བཞིན་ཡོད།
འོན་ཀྱང༌། གོང་དུ་ཨ་པཱ་བཅུད་པར་གཡང་མཁོ་རྒྱལ་གྱིས་གསུངས་པ་བཞིན་སྲོལ་རྒྱུན་རིག་གནས་
ལ་བླང་དོར་བྱ་དགོས་པ་མ་ཟད་དེང་རབས་རིག་གནས་ནང་འདྲེན་བྱེད་པར་ཡང་བླང་དོར་དང་
གཙོ་ཕལ་མ་ནོར་བ་ཞིག་བྱ་དགོས་གལ།
དོགས་པ་ཟེར་རོགས།
གཡང་ཁོ་ཡི་བཤད་པ་དྲང་བདེན་རེད་དེ་ཕྱོགས་གཅིག་ན་ང་ལ་དོགས་ཞིག་ཡང་འདུག
ཨ་ཕ་གཡང་་མཁོ་རྒྱལ་གྱིས་བྲིོས་ནོ་ཧྲ་གི་དཔེ་མེད་ཅིག་རེད།
ཁང་གསར་ལགས་ཀྱིས་གསུང་བ་དེའང་ལེགས་སོ།
རྒྱ་ནག་གི་རྩོམ་རིག་པ་དང་གསར་བརྗེ་བ་ལུའུ་ཞོན་གྱི་༼拿来主义ཚུར་ལེན་རིང་ལུགས༽དང་༼百花齐放,百家争鸣མེ་ཏོག་མཉམ་བཞད། མཁས་བརྒྱ་འགྲན་གླེང་།༽སོགས་ལ་རྒྱ་མི་རིགས་ཆེན་པོའི་ལྟ་བ་དང་བསམ་བློའི་རྒྱབ་ལྗོངས་ཤུགས་ཆེན་པོ་ཡོད་ཀྱང་། ང་ཚོས་དེ་དག་སོ་སོའི་མི་རིགས་ཀྱི་ལས་དབང་དང་མདུན་ལམ་ལ་སྦྱར་ཏེ་སྙིགས་དོར་བཅུད་ལེན་བྱས་ཆོག་པར་འདོད་དོ།
དཔྱད་པར་བྱ་བ་འདི་ཡོད་དེ། རྒྱ་ནག་ནང་གོ་མིང་ཏང་དང་གུང་ཁྲན་ཏང་གཉིས་ཀའི་སྐབས་མེ་ཏོག་མཉམ་བཞད། མཁས་བརྒྱ་འགྲན་གླེང་ཟེར་བའི་ལས་འགུལ་དེ་བྱུང་ཡོད།
གོ་མིང་ཏང་གི་སྐབས་དོན་ངོ་མའི་མཁས་བརྒྱ་འགྲན་གླེང་དུ་གྱུར་ཏེ་མའོ་སོགས་ལ་བློ་སྐྱེད་ཧ་ཅང་ཆེན་པོ་བྱུང་བ་མའོ་ཙེ་ཏུང་གིས་ཡང་ཡང་བཤད་ཡོད།
འོན་ཀྱང་དེ་རྗེས་མའོ་ཡིས་ ༡༩༤༩ ལོར་སྲིད་དབང་བཟུང་སྟེ་ལོ་ལྔ་ཙམ་འགྲོ་སྐབས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་ལས་འགུལ་སྤེལ་ཏེ། ཤེས་ཡོན་ཅན་ཚོར་བསམ་འཆར་ཤོད་དུ་བཅུག་རྗེས་ ༡༩༥༧།༡༩༥༨ ནས་ཤེས་ཡོན་ཅན་ལ་མནར་གཅོད་ཚད་མེད་གཏོང་འགོ་བཙུགས་པ་རེད།
༡༩༨༠ ནས་ཡང་བསྐྱར་ཏེང་གིས་འབོད་ཚིག་འདི་བཀོལ་ནས་ལས་འགུལ་སྤེལ་ཡོད་ཀྱང་། ཏང་གི་ལམ་ཕྱོགས་དང་འགལ་བའི་འགྲན་གླེང་བྱས་མི་ཆོག་ལ། གཞུང་གི་འདོད་པ་ལ་མེད་པའི་མེ་ཏོག་སྐྱེས་ཆོག་གི་མེད། དེར་བརྟེན་ལས་དང་ལུགས་དེ་ཚོར་བསྟོད་པ་མ་བྱས་གོང་གནད་འགག་ཤེས་ན་ལེགས་སོ།།
རྫ་སྐྱེས་ལགས་ཀྱིས་གསུང་བ་ལེགས་སོ།
ངོ་མ་༼མེ་ཏོག་མཉམ་བཞད། མཁས་བརྒྱ་འགྲན་གླེང་།༽དང་༼མེ་ཏོག་མཉམ་སྐམ། བླུན་བཤད་འགྲན་གླེང་། ༽ནི་ད་ལྟའི་བོད་ཕྱི་ནང་གི་གོམ་ཁའི་ཁ་ཕྱོགས་རེད། དེའང་གཅིག་ཏེ་ཤར་དང་ཅིག་ཤོས་དེ་ནུབ་རེད།
རྒྱུན་འཛིན་དང་གསར་གཏོད་གཉིས་ཟུང་འབྲེལ་བྱེད་དགོས་པ་འདི་གལ་ཆེན་ཡིན་པ་ནི་ཨ་ཅང་བརྗོད་མེད་ཅིག་རེད། འོན་ཀྱང་སྲོལ་རྒྱུན་རྒྱུན་འཛིན་དང་མཉམ་དུ་ནང་འདྲེན་དང་གསར་གཏོད། གསར་བརྗེ་བཅས་ཀྱང་ངེས་པར་དགོས་པ་ཞིག་རེད། ང་ཚོའི་ནུས་ཤུགས་འདོན་ཡུལ་དེ་ཆ་བགོས་བྱས་ན། བརྒྱ་ཆ་ ༣༠ སྲོལ་རྒྱུན་རྒྱུན་འཛིན་ཐོག་གཏོང་དགོས་པ་དང། བརྒྱ་ཆ་ ༥༠ ལྷག་གསར་གཏོད་དང་ནང་འདྲེན་ཐོག་གཏོང་དགོས། གལ་ཏེ་ད་མུས་བཞིན་བརྒྱ་ཆ་ ༩༠ སྲོལ་རྒྱུན་ཐོག་བཏང་བསྡད་ན། སྲོལ་རྒྱུན་དེ་རྒྱུན་འཛིན་ཡག་པོ་ཐུབ་ཀི་མ་རེད་ལ་ནང་འདྲེན་དང་གསར་གཏོད་ཀྱང་ཡོང་གི་མ་རེད།
ཤེས་བྱེད་དུ་ལོ་རྒྱུས་ཀྱི་དོན་དངོས་ཤིག་མཚོན་ཙམ་དུ་སྨྲོས་ན། སྲོང་བཙན་སྒམ་པོས་དབུས་པའི་རླབས་ཆེན་གྱི་བཙན་པོ་དེ་ཚོས་བོན་ལུགས་རྒྱུན་འཛིན་ཙམ་ལ་དབུ་མ་འཁོར་བར་ཕྱིའི་རིག་གཞུང་དང་ཆོས་ལུགས་ནང་འདྲེན་ཤུགས་ཆེ་གནང་བར་བརྟེན་ནས་བོད་རྒྱལ་ཁབ་དར་རྒྱས་བྱུང་ཡོད། ཁོང་ཚོས་དགོས་མཁོ་གཟིགས་སྐབས་སྲོལ་རྒྱུན་གྱི་རིག་གཞུང་ཁག་ཅིག་ཆེད་མངགས་བསྣུབས་པའམ་རྩ་མེད་བཟོས་པའང་བྱུང་ཡོད། དེ་རྗེས་བོད་རྒྱལ་ཁབ་ཀྱིས་ནང་འདྲེན་དང་གསར་གཏོད་ལ་དོ་སྣང་མ་བྱས་པར་གཙོ་བོ་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་རེད། འབྲས་བུ་ག་རེ་བྱུང་བ་རེད། འབྲས་བུ་ད་ལྟའི་གནས་སྟངས་འདི་བྱུང་བ་རེད།
དེར་བརྟེན་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ཏེ་སྲོལ་རྒྱུན་དང་ནང་འདྲེན། གསར་གཏོད་བཅས་ཀྱི་ཐད་ནུས་ཤུགས་འདོན་ཕྱོགས་ཁ་གསལ་པོ་དགོས་པ་དེ་གནད་འགག་རེད།
བཅུད་པ་གཡང་ཁོ་རྒྱལ་ལགས། ངོ་མ་སྐུ་ཉིད་ཀྱི་བྲིས་པའི་རྩོམ་ཡིག་དེ་ཐེངས་
ཤིག་བལྟས་རྗེས་བསམ་ཚུལ་ཞིག་འདོན་དགོས་འདོད་མོད། ཅི་ཡང་མེད་
པའི་ཕྲན་ལྟ་བུ་ལ་མཚོན་ན་བསམ་ཚུལ་ཞིག་གང་ནས་འགོ་བརྩམས་དགོས་བ་
ཡེ་ནས་མི་དྲན་ཀི དགོངས་དག་ ངོ་མ་རྩོམ་རིག་དེ་འདྲའི་རིགས་
འབྲི་རྒྱུ་འབད་རོགས།
ཁག་མེད་ཀི སྤུན་ཟླ་ཚོ། སྒྲོལ་མ་ཚེ་རིང་གིས་གསུངས་པ་དེ་ནི་བཙན་བྱོལ་བས་ད་ནི་ཡོང་ས་མ་རེད་ཟེར་བའི་དོན་དང་གཅིག་པ་ཡིན་ན། སྤུན་ཟླ་དག་གིས་དེ་དག་ཐེར་འདོན་བྱས་པ་དེ་ལ་བདག་གིས་འགྲེལ་བཤད་ཐུང་ངུ་ཞིག་ཞུས་པ་དེར་ཚང་མའི་ཐུགས་ལ་འཇག་པར་ཞུ།
ཨོ་རེད། བཅུད་པར་གཡང་མཁོ་རྒྱལ་ལགས་ཀྱི་གསུངས་ཟིན་མ་ཐག་པ་འདི་འདྲ་ནི་འུ་ཅག་གིས་དངོས་ནས་ཤེས་དགོས་པ་ཞིག་ཆགས་ཡོད་ལ། ཤེས་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་རེད་དེ། ཤེས་མཁན་ཚང་མ་ལག་ཆད་ཆགས་ཡོད་པ་རེད། དེ་ནི་སྐྱོ་བའི་གནས་ཤིག་རེད།
གོང་དུ་སྒྲོལ་མ་ཚེ་རིང་གིས་བྲིས་པའི་ཡི་གེ་དེ་ནི་ཨ་རིར་ཕོ་བྲང་དཀར་པོའི་ནང་ནས་ཐོན་པའི་པུ་རྒྱལ་བོད་ཀྱི་ཡིག་རྙིང་ཞིག་ཡིན་པ་འདྲ། ད་ལྟ་ང་ཚོས་དངོས་གནས་གོ་ཁག་པོ་འདུག ཧཧཧཧཧཧཧཧཧཧཧ
སྒྲོལ་མ་ཚེ་རིང་ལགས་ཀྱིས་བྲིས་པའི་ཡི་གེ་དེ་ནི་རྡོ་རྗེའི་ཚིག་དང་། དེ་མིན་ན་མ་འོངས་པར་འབྱུང་རྒྱུའི་ཡི་གེ་ཞིག་ཡིན་ངེས་པས། དོན་དུ་གོ་རྒྱུ་ཕལ་ཆེར་མི་འདུག་རྗེས་སུ་དག་ཆ་ཅན་ཞིག་བྲིས་རོགས་ཞུ།
ངོ་མ་རེད། བྲིས་ནོ་ངོ་མ་ཡག་པོ་འདུག ངོ་མ་དགའ་ནི་ཞིག་རེད། ངོ་ནས་ཁྱོད་ཀྱི་གསུངས་པ་བཞིན་བཙན་བྱོལ་ན་ཡོདཔའི་མི་བུ་འདི་དག་གི་བླུན་བཤད་རེ་བཤད་པ་མ་གཏོག་ཅི་ཡང་མི་བ་གི་ཡ།
རེད་རེད་་་་་ངོ་མ་ཡག་པོ་བྲིས་འདུག། དགའ་བསུ་ཞུ།