མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཡི་འདྲ་པར་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༠ ཚེས་ ༡ ཉིན་གྱི་རྒྱ་ནག་དམར་པོའི་གཞུང་གི་རྒྱལ་བཙུགས་དུས་སྟོན་གྱི་ཉིན་མོ་དེར། རྒྱ་ནག་རྒྱལ་ཡོངས་ལག་སྤོལ་རུ་ཁག་གི་རུ་མི་ཁྲིན་ཁའེ་གཙོས་དམངས་གཙོ་བ་སྐོར་ཅིག་ཨ་རིའི་སྲིད་འཛིན་ཟུར་པ་ ཉེ་ཁུ་སུན་གྱི་རྗེས་དྲན་དཔེ་མཛོད་ཁང་གི་སྒོ་འགྲམ་དུ་འདུ་འཛོམས་ཀྱིས། ཟླ་ ༡༠ ཚེས་ ༡ ནི་མའོ་མཐར་སྤྲོད་གཏོང་བའི་རྒྱལ་སྤྱིའི་ཉིན་མོ་ཞེས་པའི་འཕྲེད་དར་ཕྱར་ཏེ་འདས་པའི་ལོ་ངོ་དྲུག་ཅུའི་རིང་ཆབ་སྲིད་ཀྱི་གནོད་འཚེ་འོག་འདས་གྲོངས་སུ་གྱུར་བའི་རྒྱ་ནག་གི་མི་དམངས་ཁྲི་ཚོ་སྟོང་ཕྲག་བརྒྱད་ལ་མྱ་ངན་དང་།  རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་ཡོད་པར་མ་ཟད། ཁོ་ཚོས་མའོ་ཙེ་ཏུང་གི་འདྲ་པར་དང་རྒྱ་ནག་སྐར་ལྔ་ཅན་གྱི་རྒྱལ་དར་དམར་པོ་གཙབ་རལ་བཟོས་ཏེ་གད་སྙུགས་བླུགས་སྣོད་དུ་གཡུགས་ཡོད་པ་རེད། དེ་མིན་ཁོ་ཚོས་བསྡུ་རུབ་བྱས་པའི་མཚན་རྟགས་རྣམས་སྲིད་འཛིན་རྗེས་དྲན་དཔེ་མཛོད་ཁང་གི་འགན་འཛིན་ལ་ཕུལ་ཏེ་སྲིད་འཛིན་རྗེས་དྲན་དཔེ་མཛོད་ཁང་གི་ནང་དུ་ཡོད་པའི་མའོ་ཙེ་ཏུང་གི་འདྲ་པར་གཙབ་རུལ་ཏུ་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་རེད།

རྒྱ་ནག་རྒྱལ་ཡོངས་ལག་སྤོལ་རུ་ཁག་གི་རུ་མི་ཁྲིན་ཁའེ་ཡིས་བརྗོད་དོན། མའོ་ཚེ་ཏུང་གིས་རྒྱ་ནག་མི་དམངས་ཁྲི་ཚོ་སྟོང་ཕྲག་བརྒྱད་ཀྱི་ཚེ་སྲོག་བླངས་པར་མ་ཟད། ཨེ་ཤ་ཡ་དང་འཛམ་གླིང་སྤྱི་ཡོངས་ཀྱི་མི་མང་པོའི་ཚེ་སྲོག་ལ་གནོད་སྐྱོན་བཏང་ཡོད་པ་རེད། དཔེར་ན་ཕོལ་ཕའོ་ཁྲུ་(Pol Pot)དང་། ཀོ་རི་ཡའི་དམག་འཐབ།( Korean War)  ཝེ་ཐུ་ནམ་དམག་འཐབ (Vietnam War)བཅས་འཛམ་གླིང་སྟེང་གསུབ་ཐབས་བྲལ་བའི་ནག་ཉེས་ཆེན་པོ་བསགས་ཡོད།  ཨ་རིའི་དམག་མིའི་ཟུངས་ཁྲག་དང་རྒྱ་ནག་མི་དམངས་ཀྱི་ཁྲག་དྲོན་འཛར་བཞིན་པའི་ལག་དམར་ཞིག   དེང་སྐབས་ཨ་རི་རྒྱལ་ཁབ་ཀྱི་མཚན་མཐོང་རིན་ཐང་མཚོན་པའི་སྲིད་འཛིན་ནེ་ཁུ་སུན་རྗེས་དྲན་དཔེ་མཛོད་ཁང་དུ་སྐུ་འདྲར་བཞེངས་ཏེ་རྗེས་དྲན་གྱི་ཚུལ་ཏུ་བཞག་ཡོད་པ་དེ་ནི། ངས་བལྟས་ན་གཟི་བརྗིད་ཅིག་མ་ཡིན་པར་ཀུན་སྤྱོད་ཐད་ཀྱི་འཁྱོག་བརྗོད་ཀྱི་རྣམ་པ་ཞིག་རེད་ཞེས་བརྗོད་ཡོད་འདུག

སྲིད་འཛིན་ནེ་ཁི་སུན་རྗེས་དྲན་དཔེ་མཛོད་ཁང་ནི་ཕྱི་ལོ་ ༡༩༨༩ ལོར་སྒེར་གྱི་ཐེབས་རྩ་ཁང་གིས་གསར་དུ་བཙུགས་ཤིང་། ༢༠༠༧ ལོར་ཨ་རིའི་རྒྱལ་ཚོགས་སྲིད་གཞུང་གི་ཡིག་ཚགས་ཁང་དུ་བསྒྱུར་བ་ཞིག་ཡིན་འདུག ད་ལྟའི་འགན་འཛིན་ནཱ་ཧྥུ་ཁྲ་ལེ་ཡིས་བརྗོད་དོན། ཁྲིན་ཁའེ་སོགས་ཀྱི་བསམ་ཚུལ་ལ་ངས་ཡི་རང་བྱེད་ཀྱིན་ཡོད། ཡིན་ནའང་། ཕྱོགས་གཞན་ཞིག་ནས་ངས་སྲིད་འཛིན་ནེ་ཁི་སུན་གྱི་རྒྱབ་སྐྱོར་བ་རྣམས་ལ་བརྩི་བཀུར་ཞུ་གིན་ཡོད། ཁོ་ཚོས་དཔེ་མཛོད་ཁང་གི་ནང་འགྱུར་ལྡོག་གང་ཡང་མི་གཏོང་བའི་རེ་བ་འདོན་གྱིན་འདུག  དེར་བརྟེན། ང་ཚོའི་ངོས་ནས་དེ་ནི་ཨ་རིའི་གཞུང་གིས་དཔེ་མཛོད་ཁང་དེ་ཉིད་ཀྱི་འགན་ལེན་མ་བཞེས་པའི་སྔོན་གྱི་གནས་ཚུལ་ཡིན་པའི་གསལ་བཤད་ཅིག་བཞག་ཡོད། ད་ལྟ་ང་ཚོས་དཔེ་མཛོད་ཁང་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་བཞིན། མ་འོངས་པར་འཛམ་གླིང་དབུ་ཁྲིད་རྣམས་ཀྱི་སྐུ་པར་བཤམས་སྟོན་བྱེད་སའི་ཁག་དེར་ལེགས་བཅོས་བྱེད་སྐབས་ཇི་ལྟར་བཟོ་བཅོས་བྱེད་མིན་ད་ལྟ་གསལ་བོ་བརྗོད་ཁག་པོ་རེད་ཅེས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་འདུག

གསར་དུ་བཞག་པའི་གསལ་བཤད་དེའི་ནང་མའོ་ཙེ་ཏུང་གི་མཚམས་སྦྱོར་གྱི་ཐད། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་མའོ་ཙེ་ཏུང་གིས་མཆོངས་བསྐྱོད་ཆེན་མོ་དང་རིག་གནས་གསར་བརྗེ་སོགས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཏེ་རྒྱ་ནག་མི་དམངས་ཁྲི་ཚོ་སྟོང་ཕྲག་འགའ་རྐྱེན་འདས་སུ་བཏང་ཡོད་པའི་ལྟ་ཚུལ་གཅིག་གྱུར་ཏུ་ཡོད་པའི་སྐོར་བསྐྱར་ཏུ་གསལ་བརྗོད་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 7

  1. ཇོ་བོ་རྣམས་གཉིས། says:
    ལོ་ 17 སྔོན།

    དེས་མ་ཚད་གལ་སྲིད་རྒྱ་ནག་མི་དམངས་ལ་དམར་པོའི་གཞུང་གི་འོག་རང་དབང་གཙང་མ་ཞིག་ཡོད་ན་རྣམ་སྡེ་སྒོ་མོ་ཆེར་ཡོད་པའི་མའུ་ཡི་འདྲ་པར་དེ་ཡང་སྡ་མོ་ནས་མར་ཕབ་དགོས་ངེས་ཞིག་རེད་ལ་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅན་མང་པོའི་རེ་བའང་རེད། ། །

    Reply
  2. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    རྒྱ་ནག་གི་དམངས་རྩོ་དོན་རྙེར་ཅན་དེ་དག་གི་ཡག་པོ་བྱས་འདུག་དགའ་སུ་ཡོད།
    འཕངས་བ་གཅིག་ལ་ང་ཚོ་བོད་པའི་སྤྱི་ཚོགས་ཐོག་དེ་ལྟ་བྱས་ན་མི་ངན་དང་རྒྱ་དམར་ཀྱི་རྒྱུག་ཁྱི་ཡིན་པ་བཤད་ཀྱི་ཡོད།་་་་་་་་་་་་་་ངས་ཀྱང་དེ་ལྟར་བྱེད་འདོད་ཡོད་་་་་་་་་་་་་་་་་་་་་་་་་་་་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱེད་ངེས་ཡིན།

    Reply
  3. ཨ་ལ་ལ says:
    ལོ་ 17 སྔོན།

    བསེ་རུ་ལགས། ཁྱེད་ཀྱི་༼མ་ཉེས་ཁ་གཡོག༽ཅེས་པ་དེ་ལ་མ་ཉེས་ཁ་ཡོག་དང་ཡང་ན་མ་ཉེས་ཁག་གཡོགས་ཞེས་བྲིས་ན་གང་འདྲ་འདུག་གམ།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    བསྟན་འཛིན་ཚེ་དཔག་གིས་གསུངས་པ་ལྟར་འདི་དག་ཡིག་ནོར་ཡིན་སྟབས་ཚང་མས་དོ་སྣང་དགོས་པ་དང་། འབྱུང་འགྱུར་ཡང་གང་ཟག་སུ་ཞིག་གིས་ཡིག་ནོར་གཟིགས་པ་བྱུང་ཚེ།
    ཐད་ཀར་འདི་ལྟར་བཀོད་ན་དགེ་ཕན་ཆེ། དེ་ནི་མ་ཉེས་ཁ་གཡོག་དང་། ཉེས་མེད་ཉེས་འཛུགས་ཀྱི་བྱ་སྤྱོད་ཐ་ཤལ་བརྩི་དགོས་དོན་མེད་དོ།།

    Reply
  5. སྟག་རྩེ་དཔལ་ལྡན says:
    ལོ་ 17 སྔོན།

    ང་ལ་མཚོན་ན་ལས་འགུལ་འདི་དག་ནི་ཧ་ཅང་གི་དགའ་སྤོབས་སྐྱེས་འོས་པའི་རླབས་ཆེན་གྱི་ལས་འགུལ་ཞིག་ཇི་ལྟར་མིན།རྒྱ་ནག་དམར་ཕྱོགས་དབང་འཛིན་པའི་པར་དང་དམར་ཕྱོགས་གཞུང་གི་སྐར་ལྔའི་རྒྱལ་དར་སོགས་མེ་བསྲེགས་གཏོང་པ་དང་གཙབ་རུལ་བྱེད་པ་སོགས་མི་རུང་པའི་སྡུག་གཏམ་འདི་འོས་འཚམ་མིན།བྱས་ན་འུ་ཅག་གི་འཚེ་མེད་ཞི་བའི་ལག་ཆ་གང་ཞིག་ཡིན་ནམ།

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    བཀླགས་ཟིན།
    མཇལ་ཡོང་

    Reply
  7. བསྟན་འཛིན་ཚེ་དཔག says:
    ལོ་ 17 སྔོན།

    གཤམ་གྱི་འདི་ཚོ་བཟོ་བཅོས་ཤིག་གནང་རོགས་ཞུ།

    ནོར་བ། བཅོས་པ།

    འདྲ་༼པ༽ འདྲ་༼པར༽
    ཁྲིན་༼ཁེའེ་༽གཙོས། ཁྲིན་༼ཁེའེས༽གཙོས།
    མའོ་མཐར་༼སྤྲོད༽ མའོ་མཐར་༼སྐྲོད༽
    འཕྲེད་དར་༼ཕྱར༽ འཕྲེད་དར་༼འཕྱར༽
    གནོད་༼འཚེ་༽འོག གནོད་༼འཚེའི༽འོག
    གད༼སྙུགས༽ གད་༼སྙིགས༽
    གཙབ་༼རུལ༽ གཙབ་༼རལ༽
    མའོ་༼ཚེ༽ཏུང༌། མའོ་༼ཙེ་༽ཏུང༌།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese